ཧི་བོན་ཟིན་བྲིས།
ཨུན་ཞིའི་ཨུན་ཏིང་།
སྤྱི་བསྒྲགས།

    རང་དབང་གི་ཆེད་དུ།

    དགའ་སྐྱོ་འདྲེས་མས་བཞེངས་པའི་འཇིག་རྟེན་འདི་ན། འཁྱམས་པོ་ང་རང་ཆེས་མོས་ས་ནི་ལྷིང་འཇགས་ཀྱི་གནས་མཆོག་ཞིག་ན་བདེ་སྐྱིད་དང་དགོད་སྒྲའི་ཁེངས་ཞིང་ཞིམ་མངར་ལྡན་པའི་རང་དབང་རང་འཐད་ཀྱི་འཚོ་བ་ཞིག་རོལ་བགྱི་དེ་ཡིན་མོད། འོན་ཀྱང་། འཚོ་བ་དེའི་ཆེད་དུ་ས་མཐའ་གང་ལ་མྱུལ་ཡང་ད་དུང་མ་རྙེད། ཡིན་ནའང་། ད་དུང་ང་རང་གིས་འཚོ་བ་དེའི་ཕྱོགས་ལ་སང་ཉིན་ཡང་རྡོག་ཁྲིས་དེ་འཁུར་ནས་ལམ་ལ་ཆས་འགྲོ།

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    24252627282930
    31
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བྱམས་ལྡན་ཨ་མ། | 2015/5/14 2:58:00

བྱམས་ལྡན་ཨ་མ།


བུ་ངའི་དམར་ཆུང་སྙིང་ནས། །

བྱམས་ལྡན་ཨ་མ་ཁྱེད་རང་། །

མ་ཡུམ་དུས་ཆེན་ཉིན་མོར། །

ཡང་ཡང་དྲན་པའི་སྙིང་གཏམ། །


མ་ལོའི་འགྲམ་ལ་ཡོད་དུས། །

བརྩེ་བའི་དྲོད་ཁོལ་མ་ཤེས། །

རྒྱུས་མེད་ས་མཐར་འཁྱམ་དུས། །

ཤེས་ཡང་རྙེད་ཐབས་མི་འདུག །


ས་མཐའ་ཇི་འདྲ་སྐྱིད་རུང་། །

བྱམས་ལྡན་ཨ་མའི་ཞལ་རས། །

མཇལ་བའི་སྐལ་བ་མེད་པས། །

མི་དྲན་ཟེར་རུང་དྲན་གི །

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.