ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འབྱུང་བཞིས་བསྟན་པའི་མེ་ལོང་། | 2015/7/1 0:17:00
འབྱུང་བཞིས་བསྟན་པའི་མེ་ལོང་།

ས་བཅུ་ལམ་ལྔ་བསྒྲོད་པ་ཕུལ་ཕྱིན་རྒྱལ་བ་དང་། །
ཆུ་བོའི་ཀླུང་ནས་གཏམས་པའི་མཚོ་བྱུང་ལྷ་མོ་ཡིས། །
མེ་ལྟར་འབར་ཞིང་མཚོ་ལྟར་རྒྱས་པའི་བྱིན་རླབས་དང་། །
རླུང་རྟ་དར་བའི་མཐུ་བྱིན་ཆེན་པོ་མྱུར་ཏུ་སྩོལ། །

ས་ལེ་འོད་ཀྱི་སྒྲ་དབྱངས་སྙན་མོ་སྒྲོག་ས་དང་། །
མེ་མེ་ཡོངས་ཀྱིས་བཞག་པའི་ཕ་ནོར་ལྔ་ཟུང་ནོར། །
ཆུ་བོའི་རྒྱུན་བཞིན་ཆད་མེད་དགེ་ལ་བརྩོན་པའི་གནས། །
རླུང་ཁམས་མ་འགག་བར་དུ་འགྲོ་བའི་དམ་བཅའ་ཡིན། །

ས་ཆ་སྐྱིད་པོ་རང་ཡུལ་གངས་ལྗོངས་ཕྱུག་མོ་ནས། །
ཆུ་འགྲམ་བརྒྱུད་ནས་ས་མཐའི་ཡུལ་ལ་འགྲོ་བའི་དུས། །
མེ་ཏོག་སྣ་བརྒྱ་བཞད་པའི་གནས་མཆོག་བལ་ཡུལ་ནས། །
རླུང་ཁམས་མ་ཤོར་སྙིང་གི་གྲོགས་པོ་ལྷན་འཛོམས་བྱུང་། །

ས་མཐའི་རི་ཆུ་གྲངས་མེད་བརྒལ་ནས་འགྲོ་བའི་དུས། །
ཆུ་སྐྱེས་པད་མ་འདྲ་བའི་ལྷ་མཚོར་ལས་ཀྱིས་འཕྲད། །
མེ་འཁོར་ནང་ནས་ཡིད་སེམས་གཅིག་ཏུ་མཐུན་ན་ཡང་། །
རླུང་གི་ཤིང་རྟ་ཇི་བཞིན་ལས་ཀྱི་རླུང་བུས་ཁུར། །

ས་གཞི་མ་དང་མཛའ་མཐུན་ཟབ་མོ་བྱུང་ན་ཡང་། །
ཆུ་དང་རི་བོ་དུ་མས་བར་མཚམས་མ་བཅད་རུང་། །
མེ་ཏོག་པད་མ་དུས་ཀྱི་དབང་གིས་འགྱུར་བ་དང་། །
རླུང་གི་འབྲས་བུ་རེག་ཐབས་བྲལ་བ་གཤིས་སུ་གྲུབ། །

ས་གཞི་ལྟ་བུའི་ཡིད་སེམས་བརྟན་པོ་ཞིག་མེད་ན། །
ཆུ་འོ་འདྲེས་བཞིན་གཅིག་སེམས་གཅིག་ལ་མཐུན་པའི་དུས། །
མེ་ལྟར་འབར་བའི་སྲེད་པ་ཆེ་ཆེར་ཕྱིན་སོང་ན། །
རླུང་འཚུབ་ནག་པོས་སྡོམ་ཁྲིམས་འཁུར་ཉེན་ཇེ་ཆེར་རེད། །


ས་ཏ་པ་ར་ཤར་བའི་མཚན་མོར་སྙིང་དབུས་ལ། །
ཆུ་ཚོད་དུ་མའི་རིང་ལ་བླ་མ་སྒོམ་ཞར་དུ། །
མེ་དང་མཚོན་གྱི་འཇིགས་པ་གང་ཡང་མི་འབྱུང་བར། །
རླུང་རྟ་ཁྲི་ཕྲག་གཏོར་བཞིན་གསེར་སྐྱེམས་སྲུང་མར་མཆོད། །


ས་ཆུ་རི་གསུམ་བརྒྱུད་ནས་ས་མཐར་འཁྱམས་པའི་དུས། །
ཆུ་དང་འོ་མ་འདྲེས་པ་ལྟ་བུའི་སྙིང་གི་གྲོགས། །
མེ་ཏོག་པད་དཀར་འདྲ་བའི་ལྷག་བསམ་ཅན་དང་ལྷན། །
རླུང་ཆར་ཆུ་གསུམ་བརྒྱུད་ནས་འཕགས་པའི་ཡུལ་དུ་སླེབས། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.