ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རིན་ཐང་བྲལ་བའི་རིན་ཆེན། | 2016/1/5 23:11:00
རིན་ཐང་བྲལ་བའི་རིན་ཆེན།
                                        
དྲིན་ཆེན་བླ་མའི་གདམས་ངག་གཅིག །
དགེ་རྒན་དམ་པའི་བཀའ་སློབ་གཉིས། །
བྱམས་ལྡན་ཕ་མའི་སློབ་གསོ་གསུམ། །
རིན་ཐང་བྲལ་བའི་རིན་ཆེན་ཡིན། །

ཆོལ་གསུམ་བོད་པའི་མཐུན་སྒྲིལ་གཅིག །
གཞན་ཕན་སྒྲུབ་པའི་ལྷག་བསམ་གཉིས། །
ནང་དམེ་མི་བྱེད་དམ་བཅའ་གསུམ། །
རིན་ཐང་བྲལ་བའི་རིན་ཆེན་ཡིན། །

སྤྱོད་པ་འཚེ་མེད་ཞི་བདེ་གཅིག །
ལྟ་བ་རྟེན་འབྱུང་སྒོམ་པ་གཉིས། །
རིས་མེད་སྙིང་རྗེ་ལྡན་པ་གསུམ། །
རིན་ཐང་བྲལ་བའི་རིན་ཆེན་ཡིན། །

ཕ་སྐད་གཙང་མ་བཤད་པ་གཅིག །
ཁོར་ཡུག་སྲུང་སྐྱོང་བྱེད་པ་གཉིས། །
རྒན་བཀུར་ཆུང་གཅེས་བྱེད་པ་གསུམ། །
རིན་ཐང་བྲལ་བའི་རིན་ཆེན་ཡིན། །

ནང་པའི་བསྟན་པར་ཞུགས་པ་གཅིག །
ཐོས་བསམ་སྒོམ་པའི་ཤེས་རབ་གཉིས། །
ལྟ་བ་བདག་མེད་རྟོགས་པ་གསུམ། །
རིན་ཐང་བྲལ་བའི་རིན་ཆེན་ཡིན། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.