ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་རིགས་བུད་མེད་སྙིང་སྟོབས།། | 2013/3/16 15:51:00

 

བོད་རིགས་བུད་མེད་སྙིང་སྟོབས།།

                                      

                                             འདི་ནི་བོད་རིགས་བུ་མོ་ཚོའི་དཀའ་ཚེགསྡུག རུསལསཐོན་པའིཤེས་ཡོན་གྱི་འཇོན་ཐང་ངམ་ཁེར་ཚུགས་དང་བློ་སྤོབས་ལས་བསྐྱེད་པའི་ནུས་སྟོབས་ཇི་རྙེད་ཅིག་བགྲེས་པོའི་འབེལ་གཏམ་གྱི་ཚུལ་དུ་གསོང་བོ་བརྗོད་པ་ལས་བོད་རིགས་བུ་མོའི་ད་ལྟའི་གནས་བབ་ཀྱི་ལས་དབང་ལ་གཞིག་སྟེ་གླེང་ནི་མིན་པས་དེ་ལུགས་ཀྱི་གོ་བ་ལེན་པ་ཞུ།།

ཐོག་མའི་གཏམ།།

 

དགུ་གསུམ་ཁ་བ་དང་གྲང་ངར་གྱི་བཙག་ཁ་གཤགས་ཏེ།།

དབྱར་གསུམ་དྲག་ཆར་དང་ཐོག་འབྲུག་གི་ཐུ་འོག་རྒྱུ་སྟེ།།

སྟོན་གསུམ་ཚ་གདུག་དང་སད་སེར་གྱི་ཀློང་དུ་འགྲེང་སྟེ།།

བོད་རིགས་བུད་མེད་ཚོའི་སྙིང་སྟོབས་ལྕགས་ལས་བཟོས་འདྲ།།

 

 

སྲིད་པའི་མཐོ་སྒང་དེ་བོད་རིགས་བུད་མེད་ཀྱི་གཞིས་ཁྱིམ།།

ཤེས་ཡོན་དཔལ་མཛངས་དེ་བོད་རིགས་བུད་མེད་ཀྱི་མངའ་ཐང་།།

དཀའ་སྤྱོད་སྡུག་རུས་དེ་བོད་རིགས་བུད་མེད་ཀྱི་སྙིང་སྟོབས།།

བོད་རིགས་བུད་མེད་ཀྱི་འཇོན་ཐང་གསེར་དངུལ་ལས་གྲུབ་འདྲ།།

 

 

འཛམ་གླིང་མི་བུ་ཡི་མཆེད་ཁུངས་བོད་རིགས་ཀྱི་བུད་མེད།།

བཙན་པོ་རིམ་བྱོན་གྱི་བྱོན་ཁུངས་བོད་རིགས་ཀྱི་བུད་མེད།།

ཆོལ་གསུམ་སྤུན་ཟླ་ཚོའི་རྒྱུད་ཁུངས་བོད་རིགས་ཀྱི་བུད་མེད།།

ས་སྒང་ཟླུམ་པོ་ཡི་སྒལ་རུས་བོད་རིགས་ཀྱི་བུད་མེད། །

 

 

                 བོད་ཀ་གཡག་དྲུག་བསྡུསཔའི་གཉའ་ཁྲིའི་སྡོང་གྲོགས་གཅིག་པུ།།

སུམ་གཉིས་སའི་དཀྱིལ་འཁོར་དབང་བསྒྱུར་པའི་དཔུང་གྲོགས་ངོ་མ།།  

ཨུ་དུམ་བཙན་པོ་ཡི་རྒྱབ་བརྟེན་གྱི་སྙིང་སྟོབས་གསོན་པོ།།

བོད་རིགས་བུད་མེད་ཚོ་རླབས་ཆེན་བྱ་བཞག་གི་བདག་མོ།།

 

 

               གོང་ན་དཀོན་མཆོག་གི་འབྱུང་ཁུངས་ཀྱི་དྭངས་མ་དེ་ཡང་།།

               སྟོང་གསལ་རིགས་མ་ཡི་ཐབས་འཕྲུལ་གསང་སྔགས་ཀྱི་སྙིང་བཅུད།།

ཐབས་ཤེས་ཟུང་འཇུག་གི་བདེ་སྟོང་སྔགསཔ་ཚོའི་གཅེས་ནོར།།

བོད་རིགས་བུད་མེད་ཚོ་བརྩེ་ཆེན་སྙིང་རྗེ་ཡི་མངའ་བདག །

 

       

ཡོད་ན་ངོམ་ཚིམ་མེད་པ་བདེ་སྐྱིད་ཀྱི་ལམ་བུ་དེའོ། །

མེད་ན་མེད་དུ་མི་རུང་འཚོ་བ་ཡི་ཐབས་ཆག་དེའོ། །

ཀུན་པོའི་ཡི་གར་འབྱེད་པའི་བདེ་སྐྱིད་གཞི་མ་དེ་འོ།།

བོད་རིགས་བུད་མེད་ཁོང་ཚོ་ནི་ཡོད་ཚད་ཀྱིས་བྱེད་པོ། །

 

 

གངས་ཅན་སྔ་རབས་པའི་རླབས་ཆེན་གྱི་སྐྱེས་བུ་ཡོད་དགུ། །

དུས་རབས་གཞོན་སྐྱེས་ཀྱི་ན་གཞོན་དཔུང་སྡེ་ཡི་ཁྱུ་གཅིག།

རླབས་ཆེན་ཨ་མ་ལས་སྐྱེས་པའི་དོན་སྒོ་རང་ཡིན་ཞིང་། །

བོད་རིགས་བུད་མེད་ཚོས་གནང་བ་ཉུང་ཉུང་ཞིག་མ་རེད། །

 

 

བདེ་ནས་བདེ་བར་བགྲོད་བྱེད་གནམ་རིམ་པ་ཡི་ཐེམ་སྐས།།

མྱི་ནས་མྱིར་འཚོ་བའི་སྲིད་ཕྱོགས་སྲ་བརྟན་གྱི་ལྕགས་རི།།

ཆོས་སྲིད་གང་ལ་འགངས་བའི་མཛངས་ལྡན་བོད་རིགས་བུད་མེད།།

མེད་དུ་མི་རུང་བ་ནི་བོད་མོ་ཁོང་ཚོ་ལོས་ཡིན། །

 

 

༢༠༡༣ལོ་ཟླ༣ཚེས་༡༥ཉིན་སྦྱར་བའོ།

 

 

Re:བོད་རིགས་བུད་མེད་སྙིང་སྟོབས།། | 2013/3/24 9:38:22
kongboབུད་མེད་དོར་བྱ་འདོད་པོའི་དེས་ཅིང་ཤེས་མི་འདུག་པས།
གནས་སྐབས་སུ་ཁྱེད་ཀྱིས་དཔྱད་གཏམ་སྤེལ་ན་འོས་འཚམས་མིན་པ་སེམས་ཀི། ཁྱེད་གྱི་དགོངས་པ་འཚོམས་མི་རུང་།
Re:བོད་རིགས་བུད་མེད་སྙིང་སྟོབས།། | 2013/3/19 14:22:08
སྐུ་མགྲོན་Kof6Iu(སྐུ་མགྲོན)བཟང་གི་ཡག་པོ་འདུག་མུ་མཐུན་སྤེལ་བ་སྨོན།
རྩོམ་པ་པོ།:སྐུ་མགྲོན་Kof6Iu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་རིགས་བུད་མེད་སྙིང་སྟོབས།། | 2013/3/19 13:55:39
danzengyixi

བཀླགས་ཡོད། བཟང་འདུག་ཟེར་ནས་སྐད་འདི་བཞག་པ་ཡིན།
ལྷ་གཡག་དར་མས།
Re:བོད་རིགས་བུད་མེད་སྙིང་སྟོབས།། | 2013/3/16 23:02:14
སྐུ་མགྲོན་vAQd7H(སྐུ་མགྲོན)བུ་མོ་ནི་སྤྱེར་ལས་ངན་པ་ལ་ཐབས་ཆག་པ་སྲུང་ན་ཁྲིམས་མང་བ་དེ་རེད་གཞན་ཞིག་ནས་བཤད་ན་འཁོར་བའི་རྒྱུ་དང་འབྲས་བུ་ཡིན་པས་དོར་བྱ་ཐབས་དང་བཅས་པར་ཡིན་པ་རེད།།
རྩོམ་པ་པོ།:སྐུ་མགྲོན་vAQd7H(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.