རྣམ་རྟོག་རྡོ་རྗེ་ཐོལ་གླུ།།
སེམས་ནང་གི་དུས་ཀྱི་ཕོ་སྐྱེས་གསུམ་ལ་བླང་བ།།
དོག་པ་ཞིག་གནམ་ནས་སློང་ཐལ།།
ཤོབ་ཕུང་ཞིག་ས་ནས་བརྡོལ་ཐལ།།
ལོག་རྟོག་ལ་སྙིང་སྟོབས་བསྐྱེད་ཐལ།།
ཐེ་གཏོགས་ཀྱིས་དགག་བཞག་མེད་ཀི།
ལྟ་ལོག་དམ་ཉམས་ཞེས་སྡིག་ཐལ།།
མི་ངན་ལྟ་ངན་ཞེས་འབར་ཐལ།།
མངོན་ལྐོག་བརྒྱུད་གསུམ་ནས་དམོད་ཐལ།།
དོན་མཐུན་དགག་ལན་ཞིག་མེད་ཀི།
ཕོ་སྐྱེས་ཞོགས་དུང་སང་བྱོན་ཐལ།།
མ་སྐྱེས་མདའ་སྨྱུག་སང་ཕེབས་ཐལ།།
རྟུལ་ཕོད་སེང་རྡོར་སང་འབྱོར་ཐལ།།
དོ་ཡ་འགྲན་ཟླ་ཞིག་མེད་ཀི།
སྙིང་སྟོབས་ཀྱིས་གོ་ཆ་བགོ་བཞིན།།
ཞུམ་མེད་ཀྱིས་དཔའ་ངར་འདོན་བཞིན།།
དཔྱོད་ཤེས་ཀྱིས་རིག་པ་བརྡར་བཞིན།།
གནས་ལུགས་དང་དྲང་བདེན་སྐྱོང་བཞིན།།
མྱི་སྐད་གསོན་པོ་ཞིག་རྒྱག་བཞིན།།
མྱི་ཡུལ་ལུང་བ་ལ་ཐོན་ཐལ།།
བདེན་པའི་སྐད་ཆ་ཞིག་ལབ་ཐལ།།
ཐ་ཚིག་ལྗིད་གོག་ཞིག་བསྒྲགས་ཐལ།།
དགག་སྒྲུབ་ཀྱིས་སྙིང་སྟོབས་ལྡན་ཀི།
བསམ་བློ་ཡི་འཐེན་འཁྱེར་བཟང་ཀི།
ཕོ་སྐྱེས་པའི་དང་མ་འདི་རེད།།
མི་ཚེའི་སྙིང་དགོས་ལ་སེམས་ཡོད།།
སྲིད་པའི་གདུང་འདེགས་ཀྱིས་དེ་ཚོ།།
ས་སྒང་སྒལ་རུས་ཀྱི་སྲོག་ཤིང་།།
གཡུལ་རྒྱལ་རྣམ་གསུམ་གྱི་དཔུང་དང་།།
དུས་གསུམ་འབྲལ་མེད་དུ་སྦྲེལ་ཤོག།
༢༠༡༢ལོའི་ཟླ་༡༢པའི་ཚེས་༡༥ཉིན་ཤར་མི་ཉག་དར་མདོ་ནས་ཞང༧གངས་སྲས་ཀྱིས།།
གདོན་འདྲེ་ཧ་ལ་མགོ་དམར་ནས།