ལྷ་གཡག་དར་མའི་ལྷས་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཐོབ། །

སྐྱེས་པར་དཀའ་བ་གངས་རིའི་ལྗོངས་སུ་སྐྱེས། །

འཕྲད་པར་དཀའ་བ་གཡུང་དྲུང་བོན་བསྟན་འཕྲད།།

ཚེ་སྔོན་ལས་བཟང་བསཌ་པའི་འབྲས་བུ་ལགས།  



 

བཏགས་མིང་།  བསྟན་འཛིན་ཡེ་ཤེས།

ཞང་སྐད།  ཤེལ་ཞིན་ཧ་ར།

དྲྭ་མིང་། ལྷ་གཡག་དར་མ།

སྐྱེ་ཡུལ།  ཁྱུང་པོ་སྟེང་ཆེན།

གླེང་མོལ། 958233818

 ལག་ཐོག་ཁ་པར།

13659513796

 ཡིག་སྒྲོམ།

 dingqingdanzeng@163.com

ངས་རྩོམ་ཡིག་འབྲི་མི་ཤེས། འོན་ཀྱང་སེམས་ནང་གི་

དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་འཕབ་རྒྱུ་ངའི་གཤིས་ཀ་རུ་གྲུབ། 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 127
  • དཔྱད་བརྗོད། 407
  • ཆེམས། 3
  • ཀློག་གྲངས། 44926


 
ཡིད་འཕྲོག་མ།
[ 2013/10/28 23:07:00 | By: ལྷ་གཡག་དར་མ། ]
 
ཡིད་འཕྲོག་མ།
                  
  སེམས་བསམ་པ་གངས་རི་ལས་ཀྱང་དཀར།།
ཤེས་ཡོན་ཏན་རྒྱ་མཚོའི་གཏིང་ལྟར་ཟབ།།
གཟུགས་ངོ་གདོང་པིར་ཀྱི་བྲིས་འདྲ་རེད།།
ང་དགའ་སའི་བུ་མོ་ཡིད་འཕྲོག་མ།།

མཐོང་འདོད་པའི་བུ་མོ་ཡིད་འཕྲོག་མ།།
ཁྱོའི་གདོང་ལ་བཅོས་མིན་འཛུམ་མདངས་རྒྱས།།
བུ་ང་ཡི་ལྷད་མེད་དུང་སེམས་དེ།།
ཚེ་གཅིག་ལ་སྦྱིན་པའི་སྤོབས་པ་ལྡན།།

ཚེ་སྔོན་མའི་ལས་ཀྱི་བསྐོས་པ་འདྲ།།
ཁྱོས་ང་ལ་བཞག་པའི་བག་ཆགས་དང་།།
བཤད་ཟིན་པའི་སྙིང་གཏམ་མངར་མོ་དེ།།
ནམ་ཡིན་ཡང་སེམས་ལ་ལྷང་ངེར་གནས།།

ཁྱོད་ལྷན་དུ་མེད་པའི་ཉིན་མོ་དེར།།
ངའི་ཡ་ཆུང་སེམས་འདི་གྲང་ཤུར་ཤུར།།
ཟས་གང་ཞིམ་བྲོ་མེད་རྙིང་རུལ་རེད།།
གཏམ་གང་བཤད་ཆོ་མེད་སྨྱོ་ལབ་རེད།།

མཐོ་རི་བོའི་རྩེ་ལ་རླུང་རྟ་སྒྲོན།།
ངེད་གཉིས་པོའི་ལས་དབང་དར་བར་ཤོག །
དམའ་རྒྱ་གྲོང་དཀྱིལ་ནས་བོན་ཞིག་སྒྲུབས།།
སྡེས་མི་ཁའི་འོག་ནས་ཐར་བར་ཤོག །

ངེད་གཉིས་པོ་ཕན་ཚུན་མཐུན་སོང་ན།།
དགའ་འོས་པའི་བྱ་བ་མཉམ་དུ་སྒྲུབ།།
སྡུག་བྱུང་ན་མིག་ཆུ་མཉམ་དུ་འདོན།།
ཚེ་འདི་ལ་གཏན་འགྲོག་འགྱུར་བར་སྨོན།།

སྔོན་ལས་བཟང་ཞིག་གིས་རྐྱེན་བྱས་པས།།
ཁྱོད་ངེད་གཉིས་གནས་འདིར་མཉམ་འཛོམས་བྱུང་།།
ནང་ཁྱིམ་ཚང་དགོད་སྒྲས་ཁེངས་བཞིན་དུ།།
རྒྱུ་འབྱོར་བ་ཀླུ་དང་མཉམ་པར་ཤོག །

གྲོགས་པོ་ཞིག་གིས་རེ་བ་ལྟར་དུང་བརྗོད་གཞས་ཚིག་ཞིག་འབྲི་ཁུལ་བྱས།
 2013.10.26
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.