སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འབྱོར་ཐོ་འགོད་ཡོད།
[ 2011/7/5 20:35:00 | By: ལྷ་གཡག་དར་མ། ]
 

ཁྱི་ལ་སེང་གེའི་མིང་བཏགས་པའི་ཁོ་བོ་སླར་ཡང་སྨན་པར་ཆོག་པའི་ལག་ཁྱེར་ཡིག་ཚད་གཏོང་བར་ཕྱིན་པས་ཉིན་ཁ་ཤས་ཧི་བོན་ཟིན་བྲིས་ནང་ཞུགས་མ་ཐུབ་པས་

དྲྭ་གྲོགས་ཡོངས་ལ་ཁམས་བདེའི་འཚམ་འདྲི་ཞུ་རྒྱུ་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

རེད་ཡ།  བུ་རང་ལ་གང་འཚམ་གྱི་རིག་གནས་ཀྱི་ཆུ་ཚད་དང་བློ་སྤོབས་མེད་ན་ངོ་མ་ཁག་པོ་འདུག

མ་གཞི་ང་རང་དུས་རྒྱུན་དཔེ་དེབ་བལྟ་ཀློག་ཤིན་ཏུ་ནས་དགའ་པོ་ཡོད་ལ་ལྷག་པར་དུ་ཆེད་ལ་བོད་སྨན་ཐོག་ནས་རྒྱུན་སྤྱོད་མང་པོ་ཞིག་བློ་འཛིན་དང་

བསྐྱར་སྦྱོང་ཐེངས་མང་བྱས་པའི་ཚུལ་ཡིན་རུང་།དོན་ལ་མི་སེམས་རིམ་འགྲོའི་ཆོས་ཀློག་འདྲ། ཞེས་པ་ལྟར་ཡིན་ཚོད་རེ་འདུག  

ཁ་སང་མི་མང་པོའི་མདུན་དུ་དྲི་བ་དྲིས་ལན་དང་སྐད་ཆ་བཤད་དུས་ནང་དོན་མང་པོ་ཞིག་དྲན་གྱི་མི་འདུག་ལ་དྲན་པ་དེ་ཚོ་ལེགས་པོ་

ཤོད་མ་ཐུབ་པས་ངོ་མ་ངོ་ཚ་བའི་གནས་དོན་ཆེན་པོ་ཞིག་ཕྲད་སོང་།།

 

 

 

 
 
Re:འབྱོར་ཐོ་འགོད་ཡོད།
[ 2011/7/7 20:33:53 | By: danzengyixi ]
 
danzengyixi

དྲ་གྲོགས་གཡུང་དྲུང་གཙུག་ཕུད་ལགས་ཀྱིས་གུས་པར་སེམས་གསོ་གནང་བར་ཤིན་ཏུ་ནས་བཀའ་དྲིན་ཆེའོ། །
འོ་རེད། གཟའ་འཁོར་སྔོན་མའི་ནང་ང་དང་ལས་གྲོགས་ཤིག་ཁྱེད་ཚོའི་ དགོན་པའི་ནང་ཕྱིན་པ་ཡིན། སྐབས་དེར་ཁྱེད་ཚོར་རྩོད་གྲྭ་ཚད་བཞིན་པའི་སྒང་རེད་འདུག སྐབས་དེར་ངས་སྨོན་ལམ་འདི་ལྟར་རྒྱབ སྐྱེ་བ་རྗེས་མར་དམར་སེར་གྱི་གོས་གྱོན་མཁན་ཞིག་གི་ལས་དབང་ལྡན་པར་ཤོག་ཟེར་སྨོན་ལམ་ཐེངས་མང་རྒྱབ་ནས་རང་ཁྱིམ་དུ་ལོག།
 
 
Re:འབྱོར་ཐོ་འགོད་ཡོད།
[ 2011/7/7 19:17:20 | By: yongdrom ]
 
yongdromགྲོགས་པོ་ལགས། ཐུགས་ཁག་མེད། སྤྱིར་དཔེ་ཆ་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་གཏམ་གླིང་སྤེལ་རྒྱུ་ལ་ཤིན་ཏུ་དཀའ་ལས་ཁག་པོ་ཡོད་པ་སྨོས་ཅི་དགོས། ད་དུང་དྲྲི་བ་འདོན་པ་དང་། དྲིས་ལན་འདེབས་པ་སོགས་དེ་བས་དཀའ་བའི་གནད་ཆེན་པོ་རེད། འོན་ཀྱང་མུ་མཐུད་དུ་བོད་དམ་བོན་གྱི་གསོ་རིག་ལ་བྱང་ཆེ་བའི་རབ་འབྱམས་པ་ཞིག་ཏུ་འགྱུར་བའི་སྨོན་ལམ་འདེབས། དྲ་གྲོགས་གཡུང་དྲུང་གཙུག་ཕུད་ཀྱིས།
 
 
Re:འབྱོར་ཐོ་འགོད་ཡོད།
[ 2011/7/7 19:00:44 | By: danzengyixi ]
 
danzengyixiགོང་གི་དྲྭ་གྲོགས་གཉིས་པོ་ཕེབས་པར་དགའ་བསུ་ཞུའོ། །
 
 
Re:འབྱོར་ཐོ་འགོད་ཡོད།
[ 2011/7/5 23:56:36 | By: tibetmonk ]
 
tibetmonkགྲོགས་པོ་ལགས། ཁམས་བཟང་། འགྲུབ་འབྲས་དངོས་སུ་ལག་ཏུ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་ཞུ།
 
 
Re:འབྱོར་ཐོ་འགོད་ཡོད།
[ 2011/7/5 22:12:26 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)ཤུགས་རྒྱོབ། ཐམས་ཅད་མཁྱེན་པ་མིན་དུས་རྒྱུགས་ལེན་པ་པོ་ལའང་དྲི་བ་དྲན་མྱོང་མེད་པ་འགའ་བཀོད་ན་དཀའ་ལས་ཁག་པོ་རེད། གང་ཞིག་བརྩོན་པའི་འབྲས་བུ་བསླུ་མེད་པས། །ཕན་དང་བདེ་བའི་ལེགས་ཚོགས་ཡིད་བཞིན་ནོར། །དུས་རྣམས་ཀུན་ཏུ་རང་དང་ལྷན་དུ་འགྲོགས། །དེ་ཕྱིར་སྐྱེས་པ་དོན་ཡོད་ཡིན་པར་ངེས། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.