༡༦
མདའ་དཔོན། གླུ་ཤོད་མུན་འཇོམས།
དམ་པའི་སྤྱོད་དང་མཐུན་པའི་གྲོགས་པོ་ཁྱོད།།དམ་པའི་ངང་ཚུལ་འཛིན་པར་སྤྲོད་བ་ལ།།
དམ་པའི་གྲོགས་ཚོགས་རྣམས་ཀྱིས་བསྐྱོངས་སྲིད་པས།།རང་གི་བོད་པའི་རང་གཤིས་མ་འདོར་རོགས།།
༡༧
མདའ་དཔོན། དུག་སྡོམ།
ཤེས་བྱ་ཀུན་མཁྱེན་མཁྱེན་གཏེར་གཞོན་ནུའི་ཐུགས།།རབ་ཡངས་ཀུན་གསལ་གསལ་བའི་ཉི་མ་བཞིན།།
རྒྱལ་བ་ཀུན་གསུང་གསུང་གི་མཛོད་འཛིན་པ།།མཚན་དཔེ་ཀུན་རྫོགས་རྫོགས་སྐུ་སྨྲ་བའི་སེང་།།
ཁྱེད་ལ་སྙིང་ནས་གསོལ་བ་བཏབས་པའི་མཐུས།།ཐོས་བསམ་སྒོམ་པའི་ཤེས་རབ་རྩལ་རྫོགས་ཏེ།།
འཆད་རྩོད་རྩོམ་ལ་སྨྲ་བའི་དབང་ཐོབ་ནས།།གཤེན་བསྟན་འཛིན་སྐྱོང་ནུས་པར་བྱིན་གྱིས་རློབས།།
འདི་སེམས་ལ་ངེས་དང་ཕན་ནུས་ཆེ།།ངའི་བླ་མའི་གནང་བའི་ལུང་གསར་བ།།
༡༨
སྤྱི་དཔོན། ཤང་ལྷ།
༄༅།།ཁྱེད་ལ་འབྲས་བུ་བཟང་པོ་ཞིག་ཐོབ་པའི་བཀྲ་ཤིས་སྨོན་ལམ་ཞུ།།
༡༩
སྤྱི་དཔོན། གཉལ་ཨ་བཀྲས།
གངས་ཅན་དྭངས་གཙང་ཨ་ཤིའི་ན་བཟའ་ཡིས།གངས་ཅན་བོད་མིའི་ལུས་གདུང་སེལ་མཛད་དེ།
གངས་ཅན་གཙུག་ན་མཛེས་པའི་སྐྱེས་བུ་ཁྱེད།གངས་ཅན་བོད་མིའི་ལུས་རྟེན་འགྱུར་བར་སྨོན།
༢༠
དམག་དཔོན། རེ་སྒུག་ཞིག
གཟར་ལ་རིང་བའི་སློབ་གྲའི་སྐས་རྫེགས་དག །བརྩོན་འགྲུལ་རྡོག་པས་བརྫིས་པ་བདེན་ན་ཡང་། །
འོན་ཏེ་ད་དུང་འབད་པ་མ་ལྷོད་པར། །ལྷག་བསམ་རྩ་བ་བརྟན་པོས་མིག་རྒྱང་སྲིངས་། །
གངས་ལྗོངས་གླེང་སྟེགས་འདི་ནས། །གངས་ཕྲུགས་སྙམ་དུ་འཛོམ་ནས། །
གངས་དཀར་ཐུགས་འདུན་བཟང་པོ་། །གངས་ལྗོངས་འདི་ལ་སྐོར་ཤོག །
༢༡
དམག་དཔོན། གངས་ཞེན་པ།
མཇལ་ཕྲད་བསྐལ་དམན་ལ་ཀླུང་ཆོད་གྱུར་ཡང་། །སེམས་ཀྱི་འདུན་པ་གཅིག་ཏུ་བསྒྲིལ་བ་ཡིས། །
རོགས་ལོ་ཁྱོད་ཉིད་ཕེབས་པའི་གནས་གང་ན། །གངས་ཞེན་སྤུན་ཟླའི་སྨོན་པ་ཆལ་ཆིལ་གཡོ། །
༢༢
རྐང་དམག གཙང་པ་རྐྱང་རྒོད །
搬长稗︽斑敌︽扳爸伴︽搬拜罢︽敞稗︽斑︽搬采扳︽忱稗︽伴拜邦︽扳辟稗︽惩﹀
敞稗︽斑敌︽糙邦︽伴刀稗︽彼邦︽惭稗︽拜扳︽斑︽秤扳邦︽扳辟稗︽惩﹀
抵︽电邦︽扳霸伴︽伴表︽惨邦︽碧爸︽掉爸︽扳︽秤扳邦︽扳辟稗︽惩﹀
罢爸邦︽幢罢︽搬邦扳︽车稗︽彪搬︽斑敌︽扳便稗︽比搬邦︽碉︽川搬邦︽帝罢邦﹀
表罢邦︽辟拜︽拜爸︽辟拜︽伴扯︽搬邦扳︽车稗︽懂稗︽彪搬︽底爸︽搬半︽搽爸︽稗邦︽戴稗﹀
签︽扳︽韧︽斑记︽泼﹀﹀ 签︽扳︽韧︽斑记︽泼﹀﹀ 签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀
签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀
签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀签︽扳︽韧︽斑记︽泼﹀﹀
༢༣
སྤྱི་དཔོན། ཤར་ཚ་དངོས་གྲུབ་རྡོ་རྗེ།
ཁྱེད་གང་དུ་ཕེབས་ཀྱང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུའོ།
༢༤
མདའ་དཔོན། གྲ་ནང་ཨར་ཀ
བོད་ལ་མཁོ་བའི་བསྟན་འཛིན་ཡེ་ཤེས་ས་ཕྱོགས་གང་དུ་སོང་ན་ཡང་།།
བོད་ལུགས་གསོ་རིགས་མ་ཉམས་གོང་སྤེལ་དགེ་བའི་ལས་ལ་འབད་པར་ཞུ།།
བོད་པ་ཚང་གི་སྐད་ཡིག་ལྷོད་མེད་ནམ་ཡང་གྲོགས་སུ་བསྟེན་པར་མཛོད།།
བོད་ཕྲུག་བཟང་པོར་གང་བསམ་ལྷུན་གྲུབ་ཡོང་བའི་སྨོན་ལམ་བུ་ངས་བཏབ།།
ཞེས་དུས་ཚོད་ཀྱི་རྐྱེན་པས་ཤར་མར་བྲིས་པ་དགེའོ།
༢༥
དམག་དཔོན། རིན་སྤུངས་ཚུར་བསྟན།
དད་དང་དམ་ཚིག་གཅིག་པའི་སྙིང་གི་གྲོགས། །ཁྱེད་ཀྱི་མ་འོངས་འཚོ་བའི་བརྒྱུད་རིམ་ནང་། །
ཅི་བསམ་ལྷུན་གྲུབ་ཡོང་བའི་བཀྲ་ཤིས་པའི། །བདེ་ལེགས་ཞུ་བའི་ཁ་གཡང་འབོད་པའོ། །
ཞེས་ཁྱེད་ཀྱི་གྲོགས་རིན་སྤུངས་ཚུལ་བསྟན་ནས་ཤར་མ་བྲིས་ཤིང་ཕུལ་བའོ། །
༢༦
སྤྱི་དཔོན། རྔ་བའི་དོམ་ཕྲུག
བརྒྱ་སྟོང་ཁྲི་འབུམ་སྒོར་གྱི་རྔམ་པ་མེད།།ཁ་ཡག་ངོ་འགའི་བསླུ་བྲིད་ངས་མི་ཤེས།།
ང་ལ་ཡོད་པའི་བྱང་ཁོག་སྟོད་ཀྱི་ནོར།།དམར་ཆུང་སེམས་འདི་གཏན་དུ་ཁྱོད་ལ་འབུལ།།
༢༧
རྐང་དམག དུང་ལོ་སྐྱིད
གངས་ཅན་གསོ་རིག་བསྟན་པའི་རྗེས་འཛིན་ལགས།ཡིད་ཀྱི་ཤེས་པ་མ་ཡེངས་བདག་ལ་གསོན།
འདི་ནས་ཐོན་རྗེས་ས་ཕྱོགས་གར་སླེབས་ཀྱང།སྐྱེ་བོ་དབུལ་ཕྱུག་ཕོ་མོ་གང་འཕྲད་ཀྱང།
སྙན་པའི་ཚིག་དང་བྱམས་པའི་ཕྱག་གིས་བསྐྱོངས།ལ་རྒྱའི་ཐམ་ག་དམར་པོ་སེམས་ལ་ཟུངས།
འགྲོ་བ་ནད་པའི་ལུས་སེམས་བདེ་ལ་འཁོད།བཅུ་ཕྲག་རིག་གནས་དར་སྤེལ་ཡིད་ལ་འཆང།
གང་སྐོས་ལས་ལ་ལྷག་བསམ་དག་པར་གྱིས།དྲན་ཅན་ཕ་མར་ཅེས་ནས་བརྩེ་བས་བསྐྱོངས།
དགྲ་དང་གྲོགས་དང་གཉེན་དང་གང་ཡིན་རུང།ཉེ་རིང་ཆགས་སྡང་མེད་པར་སྙོམ་པར་མཛོད།
རང་གི་ལུས་ལ་བདག་བསྐྱོངས་མ་རྗེད་ལ།སྲིད་འདིར་བྱ་ལས་ཁག་པོ་གང་འཕྲད་ཀྱང།
ང་ཚོའི་ལ་རྒྱ་མ་རྗེད་འབྲེལ་བ་གྱིས།དེ་རིང་ལས་དབང་རྫོགས་པས་བྲལ་དགོས་བྱུང།
ནམ་ཞིག་སྐལ་བ་བཟང་དུས་འཇལ་ངེས་ཡིན།མ་འཇལ་བར་གྱི་དུས་ཚིད་དེ་ཡི་ནང།
གྲོགས་ཁྱེད་བཀྲ་ཤིས་བདེ་ལེགས་ཡོང་བ་ཤོག། །
༢༨
རྐང་དམག རི་ཤོད།
སྙིགས་དུས་དམ་པའི་ཐ་སྙན་ཁྱོད་ཀྱིས་བཟུང་། འགྲོ་བའི་བདེ་སྡུག་ཁྱོད་ཀྱིས་ཕྱག་ཏུ་མནན།
གངས་ལྗོངས་རིགས་གཞུང་ཁྱོད་ཀྱིས་སྤེལ་བར་མཛོད།ག་སོང་གང་དུ་ཁྱོད་ཀྱིས་རླུང་རྟ་རྒྱས།
བཀྲ་ཤིས་བདེ་ལེགས།
༢༩
མདའ་དཔོན། རླུང་ནག་འཚུབ་མ།
འདུས་བྱས་ཀྱི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཕན་ཡོན་ཆེ་བ་ནི་སེམས་ཅན་གྱི་
སྲོག་སྐྱོབས་པ་ཡིན་པས་གྲོགས་ཁྱེད་གྱིས་ཀྱང་དགྲ་གཉེན་ཕྱུག་དབུལ་མེད་པར་
སེམས་ཅན་ནད་པ་བྱུང་ཚད་ལ་ཕན་སེམས་བཟང་པོའི་ཀུན་ནས་སླང་སྟེ་གང་ལ་གང་ཕན་མཛད་པར་ཞུ་།
ཁྱོད་དང་གང་འཕྲད་ནད་པ་རྣམས། །མྱུར་དུ་ནད་ལས་གྲོལ་བ་དང་། །ཁྱོད་ཀྱང་ཚེ་རིང་ནད་མེད་ཅིང། །
བསམ་པའི་དོན་རྣམས་ལྷུན་འགྲུབ་ཤོག། །།
༣༠
རྐང་དམག། འབྲི་འབྲོང་།
འདི་ནས་རེ་བ་དང་སྨོན་ལམ་འདེབས་རྒྱུ་ནི་བུ་ཁྱོད་ཀྱིས་ཡིག་ཚད་ལེགས་པོ་འཕྲོད་པ་དང།
ཉམས་ཐག་འགྲོ་བ་ནད་གནར་རྣམས་ལ་ཕན་ཐོགས་རྒྱ་ཆེན་ཡོང་བའི་རེ་བ་ཡོད།
དེ་བཞིན་དུ་ཁྱོད་ཀྱིས་བསམ་པའི་དོན་ཀུན་འགྲུབ་པ་དང་ལ་རྒྱ་ལྡན་པའི་བུ་ཞིག་གངས་ལྗོངས་འདིར་སྐད་གྲགས་ཆགས་པར་ཤོག
གསལ་བཤད། གོང་གི་སྨོན་ཚིག་དེ་དག་ནི་གངས་ལྗོངས་གླེང་སྟེགས་ཀྱི་དྲྭ་བ་མི་ཡུལ་འདིར་འཛུམ་ཞལ་སྟོན་པའི་སྐབས་སུ་་་
དྲྭ་གྲོགས་ཁྱུ་ཞིག་གིས་གུས་པར་ལས་ཞུགས་ཡིག་ཚད་ནང་གཡུར་ཟའི་གྲུབ་འབྲས་ཐོབ་ཆེད་རེ་སྨོན་དང་སྐུལ་མ་གནང་བ་ཡིན། །དེ་རིང་འདིར་རེ་སྨོན་དང་སྐུལ་མ་དག་འགོད་དོན་ནི། ༡གངས་ལྗོངས་གླེང་སྟེགས་རྒྱུ་རྐྱེན་གང་གིས་བྱས་པ་མ་ཤེས་མོད།
ང་ཚོ་མུ་མཐུད་ནས་ལྷན་འཛོམས་ཀྱི་སྐལ་བ་མ་ལྡན་པའི་སེམས་ནང་གི་སྐྱོ་སྡུག་གི་མནར་བས་སླར་ཡང་དྲན་རྟེན་གྱི་ཚུལ་དུ་
བཀོད་པ་ཡིན་མ་གཏོགས་རང་ཉིད་གཤམ་སྟོན་རྩ་བ་ཉིད་ནས་མིན་པསདེ་ལུགས་ཀྱི་ཐུགས་འཇག་མཚལ།
༢ གོང་གི་བདག་ལ་རེ་སྨོན་དང་སྐུལ་མ་གནང་མཁན་གྱི་དྲྭ་གྲོགས་གཙོས་པའི་འདིར་བཞུགས་ཀྱི་དྲྭ་གྲོགས་རྣམས་ནད་མེད་ཚེ་རིང་། བསམ་དོན་ལྷུན་གྲུབ ། ཁྱིམ་ཚང་ཁྱམ་མཐུན། བྱ་བ་ལམ་འགྲོ་ཡོང་བའི་སྨོན་མདུན་ཞུ་ཞུ།