སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་ཞུ་བའི་སྐོར་གྱི་བརྟག་བཅོས། །
[ 2011/5/20 20:04:00 | By: ལྷ་གཡག་དར་མ། ]
 

རང་བློས་གང་དཔོག་གི་ཁོང་ནད་ཀུན་གྱི་རྒྱུ་མ་ཞུ་བའི་སྐོར་གས་ཙམ་གླེང་བ།

རྟག་གཟིག་འོལ་མོ་ལུང་རིང་ཞིང་ཁམས་ནས།།

འཁྲུངས་པའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་དང་།།

དཔྱད་བུ་ཁྲི་ཤེས་གཡུ་ཐོག་བྱང་ཟུར་སོགས།།

གསོ་རིག་མཁས་དབང་རིམ་བྱོན་སྤྱི་བོར་མཆོད།།

 

ཉིན་མཚན་དབྱེར་མེད་རང་དོན་རྒྱབ་དུ་སྐྱུར།།

ཟད་མེད་ཡོན་ཏན་དལ་འགྲོའི་རྒྱུན་ལྟར་དུ།།

བ་གླང་ལྟ་བུའི་ཤེས་རྨོངས་ང་ཚོ་ལ།།

བསླབས་མཁན་བཤེས་གཉེན་རྣམས་ལ་སྙིང་ནས་བསྟོད།།

མ་ཞུ་བ་ཇི་ལྟར་འབྱུང་བའི་ཚུལ།

དེ་ཡང་འཇིག་རྟེན་ཐོག་གི་སྲོག་ཆག་ཡོད་དོ་ཅོག་སྐྱེ་རྒ་ན་འཆི་མེད་པ་ནི་གཅིག་ཀྱང་མེད་ལ་དེ་བས་ཀྱང་ང་ཚོ་རིན་ཐང་བྲལ་བའི་མི་ལུས་ཐོབ་པ་རྣམས་ཚེ་སྔོན་མ་ནས་རང་ཉིད་ཀྱི་ལས་རྒྱུ་འབྲས་ལ་བརྩི་སྲུང་དང་སྡིག་པ་བསགས་ཆེ་ཆུང་དབང་གིས་ལུས་ལ་ན་ཚ་མང་ཉུང་མ་གཏོགས་ན་འཆི་མེད་པ་ནི་གཅིག་ཀྱང་མེད་དོ།།

སྐབས་འདིར་ཉེས་པ་གསུམ་འཕེལ་ཟད་འཁྲུག་གསུམ་དུ་གྱུར་ཏེ་ཕོ་བའི་མེ་དྲོད་ཉམས་ནས་ཁོང་ནད་ཀུན་སྐྱེ་བའི་སྐོར་རགས་ཙམ་གླེང་བར་བྱ་བ་ལ་དང་ཐོག་རྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི་ལ་མ་རིག་པ་ཤས་ཆེ་བའི་དབང་གིས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཐ་མལ་དུ་གནས་ཤིང་ལུས་ཟུངས་ལ་ཕན་པར་བྱེད་ཀྱི་ཡོད།

ཡིན་ནའང་སྐབས་འགར་ཟས་སྤྱོད་སོགས་ གང་རུང་མ་ཟབ་པའི་རྐྱེན་ གྱིས་ཕན་ཚུན་འཁྲུག་ནས་ལུས་ལ་གནོད་པར་བྱེད རྒྱུད་ལས།  རྣམ་པར་མ་གྱུར་ནད་ཀྱི་རྒྱུ་འགྱུར་ལ །རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན་ཞེས་གསུངས་པ་ལྟར།ཉེས་པ་གསུམ་པོ་འདུ་བ་ཆ་མི་སྙོམས་ནས་གཅིག་ཟད་གཅིག་འཕེལ་དུ་གྱུར་ནས་རྒྱུ་ལུས་གཟུཊ་ཀྱི་ཕུང་པོ་འདི་ལ་མི་བདེ་བའི་ནད་རིགས་སྣ་ཚོགས་ཀྱི་རྐྱེན་དུ་གྱུར་། 

དཔེར་ན།  ཁྲག་དང་མཁྲིས་པ་ཤུཊ་ཆེར་འཕེལ་ནས་ཚ་བའི་ནད་རིགས་སྣ་ཚོགས་འབྱུང་བ།  རླུང་དང་བད་ཀན་ཤུགས་ཆེར་འཕེལ་ནས་གྲང་བའི་ནད་སྣ་ཚོགས་འབྱུང་ཞིང་སྐབས་རེ་དེ་ཚོ་མཉམ་དུ་སྡེབ་ཏེ་ནད་ཚ་གྲངའདྲེས་པས་ནད་རྟགས་རྟོགས་དཀའ་བ་དང་། 

སྨན་དཔྱད་སོགས་བྱེད་དཀའ་བ་ཞིག་ཏུ་གྱུར།ཇི་སྐད་དུ།ནད་ལ་སྔ་བ་མ་ཞུ་བ།  སྨན་ལ་སྔ་ཆུ་སྐོལ་ཞེས་པ་ལྟར།དེ་བཞིན་དུ་སྣོད་དྲུག་གི་ཡ་གྱལ་ཕོ་བ་ལ་རྣམ་པར་མ་གྱུར་པའི་སྐབས་ཉེས་པ་གསུམ་པོས་རང་རང་གི་བྱེད་ལས་ལྟར་ཟས་སྐོམ་གང་ཟོས་པ་རྣམས། བད་ཀན་མྱག་བྱེད་ཀྱིས་མྱགམཁྲིས་པ་འཇུ་བྱེད་ཀྱིས་བཞུ།རླུང་མེ་མཉམ་གྱིས་དྭངས་སྙིགས་ལེཊ་པར་ཕྱེས་ཏེ་ལུས་ཟུངས་རྣམསརང་སར་རྒྱུ་ཞིང་ལུས་ཀྱི་ཟུངས་སྟོབས་རྒྱས་ནས་ཚེ་ཡི་ཕན་པ་བསྐྲུན་གྱི་ཡོད

 

རྒྱུད་ལས།ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ།ཆ་བཞི་པ་ནི་རླུང་གི་གནས་སུ་བཞག་ཅེས་པ་ལྟར་ཟས་སྤྱོད་སོགས་དེ་ལྟར་མ་བྱུང་བའི་རྐྱེན་གྱིས་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་སམ་མཐུ་ཉམས་ནས་མ་ཞུ་བ་འབྱུང་།  

མ་ཞུ་བའི་རྒྱུ་ནི།  བད་ཀན་རང་གི་ངོ་བོ་ས་ཁམས་ལྕི་ཞིང་ཆུ་ཁམས་བསིལ་བ་གཙོ་བོར་བྱས་པའི་མཚན་ཉིད་བདུན་ལྡན་དེ་ཉིད་ལུས་ལ་རང་བཞིན་གནས་པ་དེ་ཡིན་ཞིང་།  

སློང་རྐྱེན་ནི།གྲང་རླུང་ཅན་གྱི་མི་དང་ལུས་ཀྱི་ཟུངས་སྟོབས་ཡག་པོ་མེད་པའི་མིས་ཁ་ཟས་བཅུད་མེད་ཡུན་དུ་བཟའ་བ།ཡང་ན་སྐབས་རེ་ཁ་ཟས་བསིལ་བཅུད་རིགས་ཤུགས་ཆེར་ཟོས་ནས་ལུས་ཀྱི་འགུལ་བསྐྱོད་མི་བྱེད་པ་འདུག་དྲག་པ།

ཚ་བ་དང་གཉན་ཁ་གཅོད་བྱེད་ནུབ་ལུགས་ཀྱི་སྨན་བཏང་དྲག་པ།མྱང་ངན་དང་སེམས་ལས་ཀྱི་དུབ་པ།ན་ཚོད་རྒན་པའི་རིཊ་ཀྱི་ཟས་མ་ཟོས་པ་དུས་ཡུན་རིང་པོར་སྨྱུང་བར་གནས་པའི་རྗེས་ལམ་སང་ཟས་ཤུགས་ཆེར་བསྟེན་དྲག་པ།

ད་དུང་མ་ཞུ་བའི་རྐྱེན་གཞན་ནི།མ་གོམས་པའི་ཟས་དང་དུས་མ་ཡིན་པ་དགོང་མོ་ཉལ་ཁའི་དུས་དང་ནམ་ཕྱེད་ཙམ་དུ་ཁ་ཟས་བཟའ་བ། ཡང་ན་ཟས་སྔ་མ་མ་ཞུ་བ་ཕྱི་མ་ཟོས་པ།  རྒྱུན་དུ་རུལ་སུངས་སུ་གྱུར་པའི་ཁ་ཟས་རིགས་བརྟེན་དྲག་པ།  

དཔེར་ན།ར་ཤ་སོགས་ཤ་རིད་པ།ཤ་རྗེན་པ་དང་ཧ་ཅང་བསྲེག་དྲག་པ་དང་འཁྱག་པའི་རིགས།ར་ལ་སོགས་པའི་སེམས་ཅན་རྣམས་ཀྱི་འོ་མ་མ་བསྐོལ་བ་རྗེན་པ་དང་དེང་སང་འཁྱག་སྒམ་ནང་བཞག་པའི་བཏུང་བྱའི་རིཊ་འཐུང་མང་བ། 

སྤྱོད་ལམ་ནི།  དབྱར་ཀ་ཆར་རླུང་ནང་གོས་སྲབ་པས་ལུས་ཧ་ཅང་གྲང་བ་དང་ཆུ་གྲང་ནང་ཡུན་རིང་པོར་ཞུགས་པ་དང་ལས་ཀ་བྱེད་དྲག་པ་སོགས་ཀྱི་རྐྱེན་བྱས་ཐོག་མར་མ་ཞུ་བའི་ནད་འབྱུང་ཞིང་དེ་ལ་དབྱེ་ན་དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བ་གཉིས་སུ་དབྱེ་སྟེ། 

༡སྙིགས་མ་མ་ཞུ་བ་ནི། བད་ཀན་རང་གི་མཚན་ཉིད་དང་ཆོས་མཐུན་པའི་དཔེར་ན་རོ་ཁ་མངར་ལྕི་བསིལ་ལ་སོགས་པའི་ཁ་ཟས་གང་རུང་བཟའ་དྲག་པ་དེ་ཉིད་མ་ཞུའི་གནས་གཙོ་བོ་ཕོ་བ་དང་རྒྱུ་མ་ལོང་བཅས་གྲང་བའི་ཡུལ་དུ་རང་སར་ལས་པ་

དེར་བད་ཀན་གྱི་བད་སྣབས་མང་དུ་འཕེལ་བ་གཏུམ་ནས་གནས་པ་དེ་ཉིད་རྙིང་ནས་མཁྲེགས་པོར་གྱུར་ཏེ་སྙིགས་མ་འདྲིལ་བའི་ཟས་སྐྲན་དུ་འགྱུར་རོ། 

 དྭངས་མ་མ་ཞུ་བ་ནི། དེ་ལྟར་ཞུ་མ་ཐུབ་པའི་རྐྱེན་གྱིས་མཐར་མེ་མཉམ་རླུང་གི་བྱེད་ལས་ཉམས་ཏེ་ཟས་སྐོམ་དེ་རྣམས་དྭངས་སྙིཊ་མ་འབྱེད་པའི་

སྙིགས་མ་ཡང་དྭངས་མ་རྒྱུ་བའི་རྩ་མིག་ཏུ་མཉམ་དུ་ཤོར་བས་མདངས་བསྒྱུར་མཁྲིས་པས་ཀྱང་ཟུངས་དང་ཁྲག་ཏུ་མ་སྨིན་པར་ཡུན་རིང་པོར་མཆིན་པར་

གནས་པ་ལ་དྭངས་མ་མ་ཞུ་བ་འགྱུར།དྭངས་མ་མ་ཞུ་བ་དེ་ཉིད་རྙིངས་པ་གྱུར་བའི་དུས་སུ་དྭངས་མ ༡འདྲིལ་བ་དང་།  ༢ཟགས་པ།  བྱེར་བ།   འགྱིངས་པ་བཅས་ཀྱི་

གཅོང་སྡེ་བཞིར་འགྱུར་བ་ཡིན་དེ་ཚོ་ལའང་ནད་གཞན་རྣམས་སྐྱེད་པའི་གཞི་མ་ལྟ་བུར་གྱུར་པས་ནང་གསེས་མང་དུ་མཆིས།སྐབས་འདིར་ཡིག་ཚོགས་མང་དུ་དོགས་པས་འདིར་མ་བྲིས།  

 མ་ཞུ་བས་ནད་གཞན་སྐྱེད་ཚུལ།

མ་ཞུ་བ་དེ་ཡིས་དབང་གིས་ཕོ་བའི་བད་ཀན་གྱི་བད་སྣབས་མང་དུ་འཕེལ་ནས་དེ་ཡིས་མེ་མཉམ་སོགས་རླུང་རྒྱུ་བའི་རྩ་སྦུབས་ཀྱི་

སྒོ་རྣམས་བཀག་ཏེ་བད་སྣབས་ལྷེན་སྣའི་འོག་ཏུ་ཚོགས་ཤིང་འདུས་ནས་ཡུན་ལོན་པ་ནས་ལྷེན་ནད་དང་ཕོ་སུལ་དུ་ལྕག་དྲེགས་ཆགས་པ་དང་མེ་དྲོད་ཉམས་པ་ལ་སོགས་པ་

རྟེན་གཅོང་ཆེན་སྐྲན་ནད་དང་མཛེ། འབྲས། གྲུམ་བུ། རྐང་བམ་སོགས་ཀྱི་གཅོང་ནད་མ་ལུས་པ་འབྱུང་བའི་གཞི་ལྟ་བུ་ནི་མ་ཞུ་བས་བྱས་ཡིན་ནོ 

ནད་རྟགས་གཙོ་བོ། ལྷེན་སྣའི་འོག་ཏུ་ན་བ་དང་། དྲི་མ་འགག་པ་དང་སྐབས་རེ་དུས་མིན་དུ་

འབྱུང་བ།ཕོ་བ་སྦོས་འཁྲོག་བྱས་པ།ལྷག་པར་དུ་རྒྱུ་ལོང་ལ་གཟེར་གཟུག་ཆེན་པོ་གཏོང་བ་འཁྲུ་ཐུབ་ཚེ་བེད་སྙམས་བྱེད་པ་དང་འཁྲུ་མ་ཐུབ་ཚེ་ཚ་བ་རྒྱས་ནས་རྔུལ་ཆུ་ཐོན་པ། 

ལུས་ཁམས་ལྕི་བ་དང་སྐབས་རེ་ཟོས་དུས་ན་ཞིང་སྒྲེག་པ་འབྱུང་བ་མགོ་བོ་ན་བ་དང་རྟག་དུ་ལུས་གྲང་མོ་ཆགས་པ་དང་རྩ་ལ་བལྟ་སྐབས་མ་ཞུ་གསར་པའི་རིགས་ལ་རྩ་སྦོམ་ཞིང་འཁྲང་བ།རྙིང་པ་ལ་ཤེད་ཆུང་ཞིང་རྩ་རྒྱུད་འཕྲ་བ།

ཆུ་ལ་མ་ཞུ་བ་གང་ཡིན་དེའི་དྲི་ངད་ཞིབ་ཏུ་བརྟགས་ན་ཅུང་ཟད་བྲོ་བ་བཅས་སོ། 

བཅོས་ཐབས་བཤད་པ།

སྤྱིར་སྨན་དཔྱད་ཟས་སྤྱོད་བཞི་མ་ཞུ་ཆུང་འབྲིང་ཆེན་པོ་ནད་སྟོབས་དང་སྦྱར་ནས་བཅོས་ཐབས་ཡང་དེ་བཞིན་དུ་བྱ་ལ་མ་ཞུ་སྤྱི་ལ་རྒྱམ་ཚྭ་བཞི་ཐང་དང་། སེ་འབྲུའི་སྦྱོར་བའི་རིགས། ཅོང་ཞི་ཅུར་ནིས།  

རྒོད་མ་ཁ། སྒ་ཡི་ཆིག་ཐང་སོགས་འཕྲོད།   མ་ཞུ་གསར་པ་ལ། ཞི་བྱེད་དྲུག་པ། དཀར་པོ་དྲུག་སྦྱོར།  བཅོ་ལྔ་དྲག་སྦྱོར་སོགས།   རྙིང་པ་ལ།  རུ་རྟ་དྲུག་པ། གཡུ་དྲིལ། ཟླ་ཤེལ། རྣམ་རྒྱལ་རིལ་བུ་སོགས་བཏང་།

 མ་ཞུ་བ་ཡུན་རིང་ལོན་ན། རིན་ཆེན་རིལ་བུ།དབང་རིལ་རྟ་རི་མ།ཤེལ་དཀར་མཆོད་རྟེན་སོགས་དུག་བཅོས་ཁ་ན་བྱདགོས།དེ་བཞིན་རྡོ་དང་བོང་བ་ཚྭ་ལ་སོགས་པའི་དྲོད་དུགས་བྱེད་པ་དང་།ཁྱི་དང་སྤྱང་ཀི་གཡི་སོགས་ཀྱི་སྤུའི་དུགས་ཀྱི་རྐེད་པར་དུས་རྒྱུན་དུ་དཀྲི་བར་བྱའོ།།   

གོང་གི་སྨན་སྦྱོར་མང་ཆེ་བ་ཀོང་སྤྲུལ་ཟིན་ཏིག་ལས་གསལ།

མ་ཞུ་བ་ཅུང་འབྱུང་ཉུང་བའི་རྟེན་དང་མི་འབྱུང་བ་སྔོན་འགོག་བྱ་ཚུལ།  

ན་ཚོད་དར་ལ་བབས་ཤིང་ཁ་ཟས་སྣུམ་ཅན་རྒྱུན་དུ་ཟ་བ་ལ་གོམས་པ། མི་འཕྲོད་པའི་  ཟས་མཉམ་དུ་ཟོས་ཀྱང་དེ་ལ་རྒྱུན་དུ་གོམས་པ། ཟས་གང་ཞིག་ལ་གོམས་པ་མེད་ཀྱང་དང་པོར་ཉུང་ངུར་བསྟེན་ནས་ཆུ་བསྐོལ་མང་ཙམ་འཐུང་སྟེ་ལུས་ཁམས་མི་འཁྱགས་པར་བྱས་པ།མདོར་ན། 

ཟས་རྣམས་ལྕི་ཡང་གི་ཚད་ལ་གཞིགས་ཏེ་ཟས་སྐོམ་ཡང་བའི་རིགས་ཕོ་བ་མ་འགྲངས་བར་དུ་བཟའ་བ་དང་ལྕི་བའི་རིགས་ཕྱེད་འགྲངས་ཙམ་བཟའ་བ།རྒྱུད་ལསཟས་རྣམས་ལྕི་ཡང་ཚད་ལ་དཔགས་བྱས་ཏེ། ཡང་ལ་འགྲངས་ཤིང་ལྕི་ལ་ཕྱེད་འགྲངས་ཙམ།བདེ་བླག་འཇུ་སླ་ཚོད་ཟིན་ཞེས་སུ་བཤད།

 དེ་ནི་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན།ཞེས་གསུངས་པ་ལྟར་སྙིགས་མ་མ་ཞུ་བ་གསར་པའི་དུས་ལྟ་བུ་ཡིན་ཚེ་ཁ་ཟས་ཟོས་ཚར་རྗེས་གཟུགས་པོ་སྦྱོང་བརྡར་རྔུལ་ནག་ཐོན་ཙམ་བྱས་པའང་གོམས་པ་བརྒྱ་ཙམ་ལ་དལ་བུར་རྒྱུག་ཤར་རློད་པ་དང་སྐད་ཤུགས་འབྲིང་ཙམ་གྱིས་ཡི་གེ་ཅུང་ཟད་ཀློག་པ་སོགས་བྱས་ཚེ་དེ་ལ་དུས་ཀུན་དུ་མ་ཞུ་བ་འབྱུང་མི་འགྱུར་རོ །།

མཇུག་བསྡུ་བ།

དེ་ལྟར་གོང་དུ་ཁོང་ནད་ཀུན་རྒྱུ་མ་ཞུ་བའི་གྱུར་ཚུལ་དང་བརྟག་བཅོས་མི་འབྱུང་བའི་སྔོན་འགོག་བྱེད་ཚུལ་སོགས་

རང་ཅག་བོད་ལུགས་གསོ་བ་རིག་པའི་གཞུང་གཙོར་བཟུང་སྟེ་བརྩེ་ལྡན་བཤེས་གཉེན་རྣམས་ཀྱིས་

སློབ་ཁྲིད་སྐབས་སུ་ཟིན་བྲིས་རྒྱབ་པ་རྨང་གཞི་བྱས་ནས་རང་བློས་གང་དཔོག་ཏུ་གླེང་ཁུལ་བྱས་ཀྱང་ཕྱོགས་གཅིག་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ཕྲ་ཞིང་།  

སྦྱོང་སྟོབས་ཀྱི་བརྩོན་འགྲུས་ཞན་པས་འདི་ལ་ནོངས་པའི་ཆ་མང་པོ་མཆིས་སྲིད་པས་གཟུར་གནས་མཁས་དབང་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས།

སླར་སྨྲས་པ །

མཐའ་མེད་རྒྱ་མཚོ་ཆེན་པོའི་སྐུ་དྲུང་དུ།།

རང་ཉིད་ཆུ་ཕྲན་ཀུ་ཅོ་ངོ་རེ་ཚ།།

རང་བློས་གོང་དཔོག་ཅུང་ཙམ་བྲིས་པ་འདི།།

བློ་གསར་ཤེས་ལྡན་རྣམས་ཀྱི་དཔྱད་པར་མཚལ།།

 

ཨེ་མ་ཤེས་བྱས་དབེན་པ་བདག་འདྲ་བས།།

བླུན་པོའི་ཁ་ནས་མཁས་གཏམ་བཤད་ཅེས་ལྟར།།

ཀུན་གྱི་གད་མོ་སློང་བའི་གཞི་ཡིན་ཡང་།།

ཀུན་སློང་གཙང་མས་གཞན་ཕན་རྒྱུ་རུ་བསྔོ།།

 
 
Re:མ་ཞུ་བའི་སྐོར་གྱི་བརྟག་བཅོས། །
[ 2011/5/21 16:05:10 | By: danzengyixi ]
 
danzengyixiགོང་གི་རྒན་ལགས་རྣམས་གཉིས་ཁོ་བོའི་སྦྱར་བྱང་གཟིབ་ཞིབ་གནང་བར་ཕེབས་པར་དགའ་སྤྲོ་ཆེའོ། དྲྭ་གྲོགས་གཞན་རྣམས་འདི་བཞིན་བཀའ་སློབ་གནང་བ་ཕེབས་པར་རེ་སྒུག་བྱས་ཡོད ། །
 
 
Re:མ་ཞུ་བའི་སྐོར་གྱི་བརྟག་བཅོས། །
[ 2011/5/20 21:47:20 | By: སྐུ་མགྲོན་KOFr37(སྐུ་མགྲོན) ]
 
སྐུ་མགྲོན་KOFr37(སྐུ་མགྲོན)ཟད་རྒྱུ་མེད་པ་དང་རིན་པ་མི་དགོས་པའི་ཕོ་བའི་སྨན་ཞིག་གནང་འདུག་པར་ཐུགས་རྗེ་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.