སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དགུན་ཁའི་དུས་ཀྱི་ཕོ་བ་གསོ་ཐབས།  ༼   འོས་སྦྱོར།  ༽ 
[ 2011/12/24 23:01:00 | By: ལྷ་གཡག་དར་མ། ]
 
དགུན་ཁའི་དུས་ཀྱི་ཕོ་བ་གསོ་ཐབས།
 

3043665_163223016588_2.jpg

དུས་ཚིགས་བཞིའི་འགྱུར་བ་དང་བསྟུན་ནས་མིའི་ལུས་ཕུང་ལའང་འགྱུར་བ་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། འགྱུར་བ་དེའི་དབང་གིས་མི་འདོད་པའི་ནད་ཅི་རིགས་བསྐྱེད་པའང་ང་ཚོས་དུས་རྒྱུན་དུ་བདེ་ཐང་དང་འབྲེལ་བའི་ཤེས་བྱ་སྣ་ཚོགས་ལས་བཤད་དང་ཤོད་ཀྱིན་ཡོད།  ཕོ་བའང་དེ་དང་འདྲ་བར་དགུན་གྱི་དུས་སུ་གསོ་དགོས་པ་ཡིན་ཏེ་དགུན་གྱི་དུས་སུ་ཟས་ཀྱི་ཡི་ག་ཇེ་ཆེར་འགྲོ་ངེས་པས་ཟས་ཚོད་རན་པར་མ་ཟོས་པའམ་འཁྱག་ཟས་སོགས་ལོག་པར་པར་ཟོས་པས་ཕོ་བའི་ནད་སྣ་ཚོགས་སློང་བའི་རྐྱེན་དུ་འགྲོ་བ་རེད། སྐབས་འདིར་དགུན་ཁའི་དུས་སུ་ཕོ་བ་ཅི་ལྟར་གཅེས་སྐྱོང་དང་གསོ་དགོས་པའི་སྐོར་ཅིག་བཤད།

གཅིག  དགུན་ཁའི་དུས་སུ་འོས་འཚམ་གྱིས་ཟས་མང་ཙམ་བསྟེན་དགོས་མོད། འོན་ཀྱང་རིམ་བཞིན་ཟས་ཀྱི་མུ་བསྐྱེད་ནས་བཟའ་དགོས་ལ་ཕོ་བ་ཧ་ཅང་རྒྱགས་མི་རུང་།

གཉིས།  དགུན་ཁའི་དུས་སུ་ཕོ་བ་ལྟོགས་སུ་འཇུག་མི་རུང་སྟེ། ཕོ་བ་ལྟོགས་པའི་སྣང་བ་ཤར་དུས་ཕོ་བའི་གནས་སུ་བོད་སྨན་གྱིས་བད་ཀན་བེ་སྣབས་སུ་འབོད་པའི་ཕོ་བའི་ཟགས་ཐོན་དངོས་པོ་ཇེ་མང་དུ་འགྲོ་ངེས་ལ་སྐབས་འདིར་ཟས་མ་ཟོས་ན་ཕོ་བ་སྨུག་པོའི་ནད་སོགས་འབྱུང་སྲིད། དེ་བས་ཟ་མ་ངེས་པར་དུ་ཟས་ཐུན་ངེས་ཅན་དགར་ནས་བཟའ་དགོས་ལ་ཁྱད་པར་དུ་ལོ་ལོན་དང་ནད་པས་ཉིན་རེར་ཟས་ཐུན་བཞི་ནས་ལྔ་རུ་ཇེ་མང་དུ་གཏོང་དགོས། མཉམ་འཇོག་དགོས་པ་ཞིག་ནི་ཟ་མ་ཉུང་ཉུང་བྱས་ཏེ་ཟས་ཐུན་མང་པོར་དགར་དགོས།

གསུམ། དགུན་དུས་སུ་ཆང་ཉུང་ཙམ་འཐུང་ན་བཟང་། འོན་ཀྱང་ཆང་འཐུང་དུས་ངེས་པར་དུ་སྔོན་ལ་ཟ་མ་བཟའ་དགོས། ཆང་དེའང་རབས་ཡིན་ན་རྒུན་ཆང་དང་ནས་ཆང་། ཆང་སེར་སོགས་ཡིན་ན་བཟང་ཞིང་ཆང་གི་འཐུང་ཚད་ཁམ་བཅུ་ལས་མང་མི་རུང་།

བཞི། ཁོང་ཁྲོ་ལངས་པ་དང་སྙིང་མི་དགའ་བ་སོགས་བྱེད་མི་རུང་།  དེ་ལྟར་བྱས་པས་ཟས་ཀྱི་ཡི་ག་ཆད་པའི་ཉེན་ཁ་ཡོད་པས་ཕོ་བར་གནོད་པ་བཟོ་ངེས་ཡིན། དེ་བས་ཕོ་བ་གསོ་བར་ངེས་པར་ནུས་རྩལ་གཉིས་སྦྱོང་དགོས་ཏེ། གཅིག་ནི་སྣང་མེད་དུ་འཇོག་པ། ཁོང་ཁྲོ་སློང་བར་བྱེད་པའི་བྱ་བ་ཅི་ལ་འཕྲད་ཀྱང་སྣང་མེད་དུ་འཇོག་པར་སྦྱོང་དགོས། གཉིས་ནི་བག་ཕེབས་སུ་འདུག་པ། བྲེལ་ཤ་སློང་བའི་བྱ་བ་ཅིར་འཕྲད་ཀྱང་བག་ཕེབས་བརྟན་བརླིང་དུ་འདུག་པར་སྦྱོང་དགོས། སེམས་ཁམས་ཀྱི་ནུས་རྩལ་དེ་གཉིས་ལ་སྦྱོང་བ་འཐོབ་པས་སེམས་ཁམས་ཇེ་སྐྱིད་དང་ཇེ་ལེགས་སུ་འོང་ནུས་ལ་ཕོ་བ་གསོ་བར་ཡང་མཐུན་རྐྱེན་དུ་འགྱུར་འགྲོ་བ་ཡིན།

ལྔ། དུས་རྒྱུན་དུ་ཟས་ཀྱི་སྤང་བླང་ལ་མཉམ་འཇོག་བྱེད་དགོས། དགུན་དུས་སུ་འཁྱག་ཟས་ཉུང་བཟའ་བྱེད་པ་དང་དྲོད་བསྐྱེད་ནུས་པའི་ཟས་རིགས་མང་བཟའ་བྱེད་དགོས་ཤིང་ཁྱད་པར་དུ་བཅའ་སྒ་དང་ཕོ་བ་རིས་༼ཁ་སྐད་དུ་གཡེར་མ་དཀར་པོ་རུ་འབོད་པའི་བྲོ་རྫས༽ལ་སོགས་པའི་སྤོད་སྣ་ཚོགས་ཀྱིས་ཤ་ཁུ་དང་རུས་ཁུ་གདུས་ཏེ་འཐུང་ན་ལུས་ཕུང་སྤྱིའི་འཚོ་བཅུད་དང་ཕོ་བའི་མེ་དྲོད་ཀྱི་ནུས་པ་གསོ་བར་ཕན་པ་ངེས་ཅན་ལྡན།

དྲུག ཕོ་བ་མི་བདེ་བའི་སྣང་ཚུལ་ལ་མཉམ་འཇོག་དགོས། གལ་ཏེ་ཕོ་བ་མི་བདེ་སྣང་ཚུལ་ཏེ་སྐྱུག་མེར་ལངས་པ་དང་ཡི་ག་ཆད་པ། ཆུ་ཚན་ཆུ་སྐྱུར་སྐྱུག་པ། ཕོ་བའི་གནས་སུ་ན་ཟུག་ལངས་པ། བཤང་བ་ནག་པོ་འགྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ངེས་པར་དུ་སྨན་པར་སྟོན་དགོས། དེ་ལྟར་དུས་ཐོག་ཏུ་སྨན་པར་བསྟན་པས་ནད་སྔ་མོར་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བྱེད་པར་རམ་འདེགས་བྱེད་ཐུབ་པ་ཡིན།
 

རྩོམ་སྒྲིག་པ། རིག་འཛིན་རྡོ་རྗེ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་ཕྲིན་དྲྭ་ཚིགས་ལས་བཏུས། །

 
 
Re:དགུན་ཁའི་དུས་ཀྱི་ཕོ་བ་གསོ་ཐབས།  ༼   འོས་སྦྱོར།  ༽
[ 2011/12/25 15:52:20 | By: ygrbwj ]
 
ygrbwjབཀླགས་ཟིན། ལེགས་པོ་ཞིག་སྤེལ་འདུག།

གཡག་རྒོད་རོག་པོའི་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.