ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་བྱུང་།།

མ་སྐྱེས་ཨ་མའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་སོང་།།

ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
དཔྱད་གཏམ་གསར་བ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
ཚོགས་མི་ནང་འཇུག
 ཐོ་འགོད། གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 16
  • དཔྱད་བརྗོད། 27
  • ཆེམས། 0
  • ཀློག་གྲངས། 5904


 
རྩྭ་ཐང་གི་སྙན་ངག
[ 2012/3/21 21:09:00 | By: གཡུ་ཆུང་། ]
 

རྩྭ་ཐང་གི་སྙན་ང

ཞོགས་པ།

སྐྱ་རེངས་བུ་མོའི་བརྩེ་བའི་ཞགས་པས་ཉིན་བྱེད་དམར་པོ་བསུས་པས་ན།།

རྔམས་བརྗིད་རི་བོར་སྐ་རག་བཅངས་འདྲའི་སྤྲིན་པ་ལེབ་མོའི་ཐུ་འོག་གི།

དགོ་དགོ་བཞོ་དབྱངས་ངག་ལ་འགུགས་པའི་ཚངས་སྲས་དྲུག་འགྱུར་བུ་མོ་ང་།།

མཛེས་པའི་རྩྭ་ཐང་མི་འབྲེལ་བརྗོད་བྱ་དཔྱོད་ལྡན་མཁན་པོའི་སྙན་ངག་ཅིག།

ས་སྲོད།

དམར་པོ་ཁྲག་གི་མདངས་ལ་འཁུ་བའི་རྟ་བདུན་དབང་བོ་ནུབ་རིར་ཡིབ།།

མཚམས་སྤྲིན་སེར་པོའི་འཛུམ་མདངས་འོད་ཀྱིས་རི་རྒྱལ་མཐོན་པོར་མཆོར་ལྭ་བཀླུབས།།

གཞོན་ཟུང་ཕོ་མོའི་ཡིད་ལ་འཇགས་པའི་བསིལ་འཇམ་དུང་ཟླ་གོར་མོ་ང་།།

མཛེས་པའི་རྩྭ་ཐང་མི་འབྲེལ་བརྗོད་བྱ་དཔྱོད་ལྡན་མཁན་པོའི་སྙན་ངག་ཅིག།

མཚན་མོ།

 ཚང་ཚིང་གཡུ་ལོའི་ནགས་ཚལ་གཡོགས་འདྲའི་སྨག་རུམ་སྟུག་པོའི་འཇིག་རྟེན་བཀབ།།

ཐམས་ཅད་ཉིན་དེའི་ངལ་དུབ་ཁྲོད་ནས་རྨི་ལམ་ཞིམ་པོའི་གཡང་ལ་དེད།།

བརྩེ་བ་ཟབ་མོའི་མཁའ་ན་རྒྱུ་བའི་རྨི་ལམ་ནང་གི་མཛའ་མོ་ང་།།

མཛེས་པའི་རྩྭ་ཐང་མི་འབྲེལ་བརྗོད་བྱ་དཔྱོད་ལྡན་མཁན་པོའི་སྙན་ངག་ཅིག།

              ༢༠༡༡ ༨ ༡༦ཉིན་པེ་ཅིན་ལ་འགྲོ་བའི་ལམ་ཁར་བྲིས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.