ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་བྱུང་།།

མ་སྐྱེས་ཨ་མའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་སོང་།།

ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
དཔྱད་གཏམ་གསར་བ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
ཚོགས་མི་ནང་འཇུག
 ཐོ་འགོད། གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 16
  • དཔྱད་བརྗོད། 27
  • ཆེམས། 0
  • ཀློག་གྲངས། 5868


 
འགྲོ
[ 2012/3/21 21:25:00 | By: གཡུ་ཆུང་། ]
 

འགྲོ                                   

 

མཐོང་སྣང་ཀུན་ཏུ་མཛེས་སྡུག་གི་ཁ་དོག་བྱུགས་ཀྱིན།

ཐོས་ལམ་ཡོངས་སུ་བདེ་སྐྱིད་ཀྱི་གླུ་སྒྲ་སྒྲོགས་བཞིན།

མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་བརྒྱུས་ནས་རྟེན་འབྲེལ་གྱི་མཆོད་ཁ་འདེགས་བཞིན།

འགྱུར་མི་སྲིད་པའི་གཏན་ཚིགས་དང་ལྷན་དུ།

འགྲོ   མི་ཡུལ་ལ་རང་དབང་གིས་ཞབས་འདེགས་ཞུ་ཕྱིར།

 

ལྷ་ཆེན་པོའི་ཐུགས་རྗེ་ལ་སྨོན་སེམས་ཀྱི་ཐལ་མོ་སྦྱོར་བཞིན།

སྤང་སྔོན་མོའི་མཛེས་སྡུག་ལ་འཁྲེང་སེམས་ཀྱི་ཕྱི་མིག་འཇོག་བཞིན།

འདོད་འདུན་གྱི་གནས་མལ་འཇམ་པོར་ཁ་བཏགས་ཤིག་སྤྱི་བོར་བཏེགས་ནས།

ཞེན་ཆགས་དང་ཞེ་སྣང་མེད་པར།

འགྲོ   མིཡུལ་ལ་བདེ་སྐྱིད་དང་འོད་སྣང་བླུ་ཕྱིར།

 

ལྷོ་སྤྲིན་ཕྱུགས་མོར་ཡིད་ཆེས་ཀྱི་གནས་ལུགས་བགྲང་གིན།

མཚམས་སྤྲིན་དམར་པོར་ཕངས་སེམས་ཀྱི་མཆི་མ་གཏོར་གྱིན།

རེ་བསྙེགས་ཀྱི་རྒོད་པོ་ཐོལ་གྱིས་དཀྲོགས་ཤིང་དྲན་གདུང་གི་སྙིང་གཏམ་ཤུབ་པར་བརྗོད་ནས།

ལང་ཚོ་དང་འཛུམ་མདངས་ངོམ་བཞིན།

འགྲོ   མི་ཡུལ་ལ་དགོད་སྒྲ་དང་བརྩེ་འདང་འདྲེན་སླད།

 

བུ་ཡུག་གི་གྲང་རེག་རྣོན་པོ་གདོང་གིས་བསུས་ཏེ།

བསིལ་རླུང་གི་འཇམ་ཤ་དྲོན་མོ་གོས་སུ་གྱོན་ནས།

འཇིགས་མེད་ཀྱི་སྙིང་ཆུང་དམར་པོ་ཞུམ་མེད་ཀྱི་སྤོབས་པས་བཏེགས་ནས།

འོ་དོད་དང་སྨྲེ་ངག་མེད་པར།

འགྲོ   མི་ཡུལ་ལ་དབྱར་ལྗོངས་དང་ཁུ་བྱུག་བསུ་ཆེད།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.