སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བསམ་བློའི་མེ་ལྕེ། 
[ 2012/5/18 9:57:00 | By: གཡུ་ཆུང་། ]
 

བསམ་བློའི་མེ་ལྕེ།

       ཁྲི་སེར་འཇམ་དཔལ་གྱི་སྙན་ངག་༼རྐྱེན་དེའི་དབང་གིས་

       ངས་ན་ཟླ་ཚོར་ཕྱི་མིག་བལྟས༽་ཞེས་པ་དང་དེའི་ཕྲན་དཔྱད།  

སྙན་ངག་འདིའི་རྩོམ་པ་བོ་ནི་བོད་ཀྱི་སྙན་ངག་པ་ཁྲི་སེར་འཇམ་དཔལ་ལགས་ཏེ།ཁོ་ནི་བོད་ཀྱི་རིག་གནས་ལ་དགའ་བ་དང་སྒོས་སུ་བོད་ཀྱི་རྩོམ་རིག་ལ་དུངས་ཏེ་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་བརྩམས་ཤིང་།ཉེ་བའི་ལོ་འགས་རིང་ཁོའི་སྙན་རྩོམ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་ལས་རྒྱུན་པར་མཐོང་བས་ཀློག་མཁན་རྣམས་ལ་མཚོན་ནས་བཤད་ན་ཧ་ཅང་རྒྱུས་མེད་ཅིག་ཡིན་མི་སྲིད།    དེ་བས་ང་ཚོས་ཁོ་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་ན་མི་དམངས་ཀྱི་སྣེ་ཁྲིད་དཔའ་བོ་སྟེ་སྙན་ངག་པའི་གྲལ་དུ་རྩིས་ཆོག་པར་མ་ཟད་ཁོ་ལ་རྗེས་དྲན་གྱི་མཆོད་བཤམས་ཀྱང་ཅི་དགར་སྤེལ་ཆོག་པ་ཡིན།ཁོས་བརྩམས་པའི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངགལྷུག་རྩོམ་གང་ཡིན་རུང་མཚོན་ཐུབ་ཕུན་སུམ་ཚོགས་ཤིང་ཚིག་སྦྱོར་བརྗིད་ཅིང་བརླིང་བ།ཡིད་འགྱུར་ཤུགས་དྲག་ལྡན་ལ་ཚིག་རིས་ཀྱིས་བརྒྱན་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་སྟབས་རྣམ་པ་ཀུན་ཏུ་ཀློག་མཁན་ཁྲི་སྟོང་མང་པོའི་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།               རྩོམ་པ་བོས་ཞལ་སྔ་ནས་ངས་ནམ་རྒྱུན་འབྱུང་འགྱུང་དུས་རབས་ཤིག་ལ་མནོ་བསམ་གཏོང་ཐེངས་རེར་རང་མི་རིགས་ཀྱི་ཟུངས་ཁྲག་གི་ཆེད་དུ་རང་ཉིད་མཚན་གང་བོར་གཉིད་ལ་རོལ་བའི་འདུན་པ་ཧ་ཅང་ཕྲ་ཞེས་པ་འདིའི་ཁྲི་འཇམ་ཁོ་རང་ཉིད་མི་རིགས་ལ་ཤ་ཚ་བ་དང་སྙིང་ཉེ་བ་མཚོན་པ་མ་ཟད།ཁོས་མི་རིགས་ཤིག་གི་འགན་འཁྲི་དེ་མི་སུ་ལའང་ཡོད་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཟུང་ནས་རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་འཚོ་བར་དངོས་སུ་ཟབ་ཞུགས་བྱས་ཏེ་དགའ་སྐྱོ་ཆགས་སྡང་གིས་བསླུས་པའི་གཏམ་རྒྱུད་མ་ལུས་གནད་དུ་བཟུང་མཐར་ཚད་ལྡན་སྤུས་ལེགས་ཅན་གྱི་བརྩམས་ཆོས་མང་པོ་བྱུང་བ་རེད།   ལྷག་པར་དུ་༢༠༠༢ལོའི་མང་ཚོགས་སྒྱུ་རྩལ་དེབ་དང་པོའི་སྟེང་བཀོད་པའི་རང་མོས་སྙན་ངགརྐྱེན་དེའི་དབང་གིས་ངས་ན་ཟླ་ཚོར་ཕྱི་མིག་བལྟས་ཞེས་པ་ཀློག་པ་བོ་བདག་ལ་མཚོན་ནས་བཤད་་ན་ཤིན་ཏུ་ལེགས་པའི་བརྩམས་ཆོས་ཤིག་ཡིན་ལ་རྩོམ་པ་བོ་ཁོ་རང་གི་ཚད་གཞིར་བཟུང་ཆོག་པ་ཞིག་རེད་ཅེས་སྨྲས་ནའང་འགལ་བ་མེད་པར་སྙམ།ང་ཚོས་ཁོས་བྲིས་པའི་བརྩམས་ཆོས་གང་ཞིག་ལ་རོལ་མྱོང་བྱས་ནའང་ཚིག་གི་སྦྱོར་བ་སྷོད་ཆགས་ཤིང་སྡེབ་ལེགས་པ།བརྗོད་བྱའི་སྙིང་བོ་དང་ཕྱོགས་གང་ཅིའི་ཐད་ནས་ཁྲི་འཇམ་ཁོ་རང་ཉིད་ལ་གོམས་གཤིས་ལྟར་ཆགས་པའི་སྨྱུ་གུའི་འཐབ་སྟངས་ལ་སྒྱུ་རྩལ་གྱི་མངའ་ཉེས་ཡོད་སྟབས་བཀླགས་མ་ཐག་ཏུ་རང་སེམས་ལ་བཤད་མི་ཤེས་པའི་ཚོར་སྣང་ཞིག་ཅིག་ཙར་དུ་འདྲེན་འོངས་ཤིང་གཞན་སེམས་དང་མཐུན་པར་སྙན་ངག་ཅེས་པ་འདི་ལྟ་བུ་ཡིན་དགོས་ཅེས་པའི་བསམ་ཚུལ་ཞིག་ཀྱང་ཐོལ་གྱིས་ལྡང་མྱོང་།གཤམ་ནས་རང་གི་ནུས་ཚོད་ཀྱིས་སྙན་ངག་འདིར་དཔྱད་བརྗོད་ཕྲན་ཙམ་སྤེལ་བར་འདོད་དོ།

སྙན་རྩོམ་འདིའི་འགོ་བརྩམས་མ་ཐག /སྡེ་ཆེན་པོ/ བྱམས་སྙིང་གི་མར་ཁུ་འཁྱིལ་ཡུལ/ ནང་ན་ཟླ/བརྩེ་ཞེན་གྱི་སྙིང་གཏམ་་གླེང་ས/སྡེ་ཆེན་པོའི་རུམ་ཁ་ནས/ངས་བྱིས་དུས་ཀྱི་ཐོག་མའི་ངུ་སྐད་བསྒྲགས་མྱོང་/ནང་ན་ཟླའི་འཛུམ་དཀར་ཁྲོད/ངས་བདེ་སྐྱིད་འཚོ་བའི་དགོད་སྒྲ་ཡང་ཐོས་མྱོང་/ཞེས་ང་ཚོས་རྩོམ་པ་བོས་བོད་རང་གི་ཐུན་མོང་མ་ཡིན་པའི་ལྷག་བསམ་ཟོག་མེད་ཀྱི་བསམ་པ་དང་བརྩེ་བ་ལས་འཕྲོས་ཏེ་དུས་རྒྱུན་དུ་བརྗེད་མི་སྲིད་པའི་རང་ཉིད་འཚར་ལོངས་བྱུང་སའི་ཕ་ས་ཕ་ཡུལ་དང་རང་ཉིད་དྲིན་གྱིས་བསྐྱངས་པའི་ཕ་མ་ཨ་ཁུ།རྒྱུན་པར་རང་ཉིད་ཀྱི་སྙིང་གཏམ་གླེང་ས་སྟེ་སེམས་ཀྱི་བློས་ཐུབ་གྲོགས་པོ་དག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་དུང་དྲོན་མོ་ཞིག་རང་གི་བསམ་པའི་གནད་སར་བཟུང་ནས་ང་ཚོའི་སྣང་ངོར་གསལ་གྱི་ལེར་བཀོད་ཡོད་པ་མ་ཟད་རྩོམ་པ་བོའི་སེམས་ཁམས་ཀྱི་བྱང་ཚད་དང་གཤིས་ཀའི་ཁྱད་ཆོས།མཛེས་སྡུག་གི་ལྟ་བ་མ་ལུས་ཀྱང་རྩོམ་པ་བོས་རང་གི་ཚོར་ཤེས་ལས་བསྐྱེད་པའི་ཡིད་འོང་གི་གཟུགས་རིས་གཙང་མ་ཞིག་ལ་གསལ་སྒྲོན་གནང་གིན་ཕྱིར་ང་ཚོར་མཚོན་པར་བྱས་ཡོད་པ་རེད། སྡེ་ཆེན་པོ/ནང་ན་ཟླ/རྐྱེན་དེའི་དབང་གིས་ངས་ན་ཟླ་ཚོར་ཕྱིར་མིག་བལྟས/  ཞེས་པའི་མཇུག་གི་ཚིག་རྐང་དམ་དུམ་འདིའི་་་་་་་་་

ང་ཚོས་བརྩམས་ཆོས་གང་རུང་ཞིག་གི་གཟུགས་རིས་བཞེངས་བསྐྲུན་གནང་སྐབས་ཐུན་མོང་གི་ཚོར་བ་སྐྱེན་པོ་ཞིག་ལ་རྐྱེན་བྱས་ནས་བརྩམས་པ་ཡིན་གྱི་དེ་ལྟར་མིན་ན་རྩོམ་གཤིས་ནི་མི་གཤིས་དང་མཐུན་པའི་ལེགས་བཤད་དེ་ལེགས་བཤད་དུ་འཁུམས་པར་མ་ཡིན་ལ་རྩོམ་པ་བོས་འབྲི་བཞེངས་གནང་བའི་བརྩམས་ཆོས་དེའང་བརྩམས་ཆོས་སུ་མ་འགྱུར་བ་རེད།དེ་བས་ང་ཚོས་སྙན་རྩོམ་མགོ་མཇུག་གང་རུང་ལ་ཡང་ཡང་བརྟག་ནས་དཔྱད་ནའང་རྩོམ་པ་བོ་ཁོ་ཕ་ཡུལ་དང་བྲལ་ནས་ཕྱིར་ཕ་ཡུལ་ལ་འཁྲེང་བའི་རྣམ་པ་དང་ཡང་ན་ཕ་ཡུལ་དང་ཐག་མི་རུང་བའི་གྲུ་ཟུར་ཞིག་ནས་ཕ་ཡུལ་བཅངས་པའི་ལྷག་བསམ་དེ་མཚོན་ཡོད་པ་རེད།   སྡེ་ཆེན་པོའི་མཁའ་དདྱིངས་སུ་བསྐྱོད་པའི་ཁ་བ་ལེབ་མོ/ནང་ན་ཟླའི་ལྷག་བསམ་འཁུ་བའི་རེ་སྨོན་ཟླུམ་པོ་ཡིན་ལ/ནང་ན་ཟླའི་འབྱུང་འགྱུར་ལ་བསྐྱོད་པའི་རླུང་རྟའི་འདབ་མ/སྡེ་ཆེན་པོས་འབྱོར་ཕྱུག་ལ་རེ་བའི་སྡེ་བཞིའི་མངའ་ཐང་རེད/ཅེས་རྩོམ་པ་བོས་གནས་ཡུལ་ཞིག་འཚོ་རྟེན་དུ་བཟུང་ནས་འཇུ་སྐལ་བཟང་གི་༼མཁའ་འགྲོའི་གཟུགས་རིས༽ལྟ་བུའི་མཛེས་སྡུག་བུ་མོ་ཞིག་གི་གར་གྱི་སྟངས་སྟབས་ང་ཚོའི་ཉེ་སར་བཅར་འདྲའི་མྱོང་སྣང་ཞིག་སྦྱིན་འོངས་བ་བཞིན།འདིར་ང་ཚོས་མཐོང་བ་ཡང་ཁྲི་འཇམ་ལགས་ཀྱི་སེམས་ངོགས་ན་ཕ་ཡུལ་ནི་མུ་ཏིག་བཞིན་བཀྲག་མདངས་བཀྲ་ལ་འཇའ་ཚོན་གུར་གྱིས་འཁྱིལ་ཡོད་པའི་འདུ་ཤེས་ཀྱིས་ཕ་ཡུལ་གྱི་རང་བྱུང་བཀོད་པས་རྩོམ་པ་བོར་འཁྲེང་ཞེན་ལྕི་མོ་ཞིག་དང་ཕྱིར་རྒོད་གྱི་འདུ་ཤེས་བླ་ལྷག་ལྡན་ཡོད་པ་མ་ཟད་རང་གི་སྤུན་ཟླར་འཆང་བའི་ལྷག་བསམ་དང་བརྩེ་ཞེན་དེའང་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན།སྡེ་ཆེན་པོ/དྭངས་གཙང་གི་མཁའ་དབུགས་ཇི་བཞིན་བརྩེ་པས་འཁྱུད་ཅིང་/ནང་ན་ཟླ/ཡིད་འོང་གི་སྒྱུ་སྐར་ཇི་བཞིན་དཔལ་གྱིས་ཕྱུག/རྐྱེན་དེའི་དབང་གིས་ངས་ན་ཟླ་ཚོར་ཕྱི་མིག་བལྟས/ ཞེས་པའི་ཚིག་རྐང་འདིའི་་་་་་་་

མི་ནི་མི་ཡིན་པའི་རྒྱུ་མཚན་གཙོ་བོ་དེ་བསམ་གཞིགས་བྱེད་ཐུབ་པས་ཡིན་ལ།མི་དང་སྲོག་ཆགས་གཞན་བར་གྱི་ཁྱད་པར་ཀྱང་བསམམ་གཞིགས་བྱེད་ཐུབ་མིན་སྟེང་ནས་ཕྱེ་བ་ཡིན་ཟེར་བ་ནང་བཞིན་ཁྲི་འཇམ་ལགས་ཀྱིས་ཡུན་རིང་བོར་སེམས་ལ་བསྒོམ་པའི་དྲན་སེམས་ཀྱི་འགྱུ་བ་རེ་ལ་བསམ་གཞིགས་ཡང་ཡང་བྱེད་པ་དང་ཞིབ་བསྡུར་ཐེངས་མང་བྱས་པའི་བག་ཆགས་ཤིག་གིས་ཁོའི་མཐར་ཐུག་གི་དགོངས་དོན་དེ་ཡང་བདེ་ལེགས་ངང་འགྲུབ་ཡོད་པ་མ་ཟད།ཁོའི་བསམ་བློའི་འཁྱེར་སོ་ཐད་ཀྱི་ལྟ་བ་དང་འགྱུར་མེད་པའི་ལངས་ཕྱོགས།གསར་གཏོད་ཀྱི་བློ་སྤོབས་དེས་དུས་རབས་ཉེར་གཅིག་པའི་ཕ་ཡུལ་གྱི་གཞོན་ནུ་ཚོར་སྙིང་སྟོབས་ཤིག་གི་སྔོན་འགྲོའི་ཆ་རྐྱེན་ཀྱང་བསྩལ་ཡོད་པ་རེད།དེ་བས་ང་ཚོས་མི་ནི་བསམ་གཞིག་ས་ཀྱི་ཆེད་དུ་སྐྱེས་པ་ཞིག་ཡིན་པ་དང་མིའི་རིགས་ཀྱི་ཟིལ་ཤུགས་དང་རིན་ཐང་ཡོད་ཚད་ཀྱང་བསམ་གཞིགས་ཀྱི་སྟེང་ནས་མངོན་པར་རྟོགས་ཐུབ་པ་ཡིན།སེམས་པ་འདི་ཐོགས་རེག་བྲལ་བའི་རྣམ་རྟོག་གི་གཤོག་པ་ཐོགས་ཉིན་ནས/ལན་ཆགས་ཀྱི་ཕུང་བོ་འདི་རེག་གཅོས་ཀྱི་སྤུ་གྲིའི་རླུང་ཁར་འཐིམ་ལ་སྐྱེན་ཡང་/ངའི་དྲན་ཤེས་ཀྱི་ཚོར་བ་རྣོན་པོར་སྐྱོམ་འདུར་ཐེངས་ཤིག་བསླངས/རྐྱེན་དེའི་དབང་གིས་ངས་ན་ཟླ་ཚོར་ཕྱི་མིག་བལྟས/ཞེས་པའི་མཇུག་གི་ཚན་པ་འདིའི་རྩོམ་པ་བོ་དུས་དང་ཉི་མ་ནམ་་ཡིན་ལ་ཧ་ཅང་གསལ་ཆ་མེད་མོད་འོན་ཀྱང་ཁོ་སྨྱུ་གུ་དང་དཔེ་ཆ་གྲོགས་སུ་གྱུར་ནས་སྙན་ངག་གི་གཡུལ་ས་ནས་ང་རྒྱལ་གྱི་དཔའ་ཆང་འཐུང་ཉིན་ནས་བཟུང་ཕ་ཡུལ་གྱི་ཕ་མ་སྤུན་ཟླ་མང་པོའི་ཀྱག་ཀྱོག་གི་འཚོ་བའི་བརྒྱུད་ལམ་རིང་མོར་བསམ་གཞིགས་ཀྱི་གྲུ་སྣེ་རིང་བོར་བརྐྱངས་ཏེ་ཡར་སྐུལ་གྱི་སློབ་གསོའི་ནུས་པ་རླབས་ཆེན་བཏོན་ཡོད་པ་རེད།                    འདི་ནི་མིའི་འགན་ཁུར་གཙོ་བོའམ་མཐར་ཐུག་གི་ལས་འགན་ཡང་དག་ཡིན་པས་ཁྲི་སེར་འཇམ་དཔལ་ལགས་ཀྱིས་འཁྲུལ་མེད་ཀྱི་བསམ་གཞིགས་རྣོན་པོས་ང་ཚོ་ནམ་་ཡང་བདེན་དོན་གྱི་ལམ་འཁྲིད་ཡོད་པ་རྟོགས་ཐུབ།རྩོམ་མཁན་གྱི་ཉམས་སུ་མྱངས་པ་ནི་རྩོམ་མཁན་ཁོ་རང་གིས་རྟོགས་བཟོ་གནང་བའི་གཏམ་རྒྱུད་དམ་མི་སྒེར་གྱི་དྲན་པ་ཚད་གཞིར་འཛིན་པའི་ལུགས་སྲོལ་དེ་གནད་དུ་བཟུང་བ་མ་ཡིན་པར་གཞོན་སྐྱེས་དག་གི་རྒྱུད་ན་ལུས་པའི་བག་འཁུམ་དང་རྙིང་ཞེན་གྱི་རང་གཤིས་ལ་འཆང་བའི་ལྷད་མེད་ཀྱི་བསམ་བློ་དང་བརྩེ་དུང་དེ་ཕྱིར་མཚོན་རང་བཞིན་རང་གཞིན་གྱིས་ང་ཚོར་བློ་ཞིབ་མོས་ངང་བཀོད་སྒྲིག་བྱས་ཡོད་པ་རེད།ཚོར་འདུ་བརྗོད་བྱར་སིམ་པའི་སྙན་ངག་ནི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཡིན་ཟེར་བ་ནང་བཞིན་༼རྐྱེན་དེའི་དབང་གིས་ངས་ན་ཟླ་ཚོར་ཕྱི་མིག་བལྟས༽ཞེས་པའི་སྙན་རྩོམ་འདི་ལྟ་བུ་རྩོམ་མཁན་ཁོ་རང་གི་ཚོར་རྟོགས་སམ་་མྱོང་སྟོབས་ལས་བྱུང་བའི་རིག་གནས་ཐད་ཀྱི་མཛེས་དཔྱོད་ཅིག་ཡིན་པ་མ་ཟད་རྩོམ་མཁན་གྱི་བསམ་བློའི་འགྱུར་བག་ལས་འཁྲུངས་པའི་རླབས་ཆེན་གྱི་སྙན་ངག་གམ་གཞོམ་མེད་ཀྱི་མེ་ལྕེ་ཅིག་ཡིན་པ་སྙན་རྩོམ་འདི་རོལ་མྱོང་བྱས་པ་ལས་ཤེས་ཐུབ།                                                                                                                                                                                                                                                       ༢༠༡༠ ༦  ༡༢ ཉིན་བྲིས།

 
 
 
Re:བསམ་བློའི་མེ་ལྕེ།
[ 2012/5/23 14:03:59 | By: སྐུ་མགྲོན་JNeq2U(སྐུ་མགྲོན) ]
 
སྐུ་མགྲོན་JNeq2U(སྐུ་མགྲོན)བསམ་བློའི་མེ་ལྕེ་ནི་སེམས་གྱི་མེ་ལྕེ་ཞིག་སྟེ་སྒུལ་ཤུགས་དང་ལྡན་པས་སོ། བོན་ནག་ཚང་ནས།
 
 
 
Re:བསམ་བློའི་མེ་ལྕེ།
[ 2012/5/22 21:10:28 | By: 多杰南加(སྐུ་མགྲོན) ]
 
多杰南加(སྐུ་མགྲོན)[]]p[][]][jkoihuihuih
 
 
 
Re:བསམ་བློའི་མེ་ལྕེ།
[ 2012/5/22 21:09:07 | By: 多杰南加(སྐུ་མགྲོན) ]
 
多杰南加(སྐུ་མགྲོན)dsfdgdgdfgfdgfd
 
 
 
Re:བསམ་བློའི་མེ་ལྕེ།
[ 2012/5/18 22:06:21 | By: jisay ]
 
jisayརེད་དེ། རྩོམ་པ་པོ་ཁྲི་སེར་འཇམ་དཔལ་ལགས་ཀྱིས་སྙན་རྩོམ་གང་མང་ཀློག་མྱོང་། ཁྱད་པར་དུ་༼རྐྱེན་དེའི་དབང་གིས་ངས་ན་ཟླ་ཚོ་ཕྱིར་མིག་བལྟས༽སྙན་རྩོམ་འདིས་མཚོན་ཐུབ་པ་ནི། རྩོམ་པ་པོ་རང་ཉིད་ཕ་ཡུལ་ལ་དུང་ཞིང་ཡུལ་མིར་བརྩེ་བས། བསམ་པའི་རྒྱགས་ཕྱེ་ཡོད་ཚད་ཀྱང་ཞིང་གྲོང་གི་ཡུལ་མི་ཚོའི་ཆེད་དུ་ཕུལ་ཡོད་པ་དང་ཞིང་གྲོང་འདིའི་རྙིང་ཞེན་དང་བག་ཁུམས་ཀྱི་ལྟེབས་ཁུགས་རེ་ན་རྩོམ་པ་པོ་རང་ཉིད་ཀྱི་བསམ་བློའི་རལ་གྲིས་དབལ་ཁ་རྣོ་ཞིང་། ལྷག་པར་དུ་ལུག་རྫི་བྱིས་པ་དག་རྗེས་ལུས་ཀྱི་འུར་ཆ་རྒྱང་ལ་གཡུགས་ནས་སྔོན་ཐོན་གྱི་དཔེ་ཁུག་རྒྱབ་ལ་འཁུར་ཅིང་། ཐོམ་འཛིན་བུ་མོ་དག་སྨྱུག་འཛིན་བུ་མོ་རུ་བསྒྱུར་བ་ནི་རྩོམ་པ་པོས་ཆོ་འཕྲུལ་དུ་བཞག་ཆོག་པར་སེམས། ཞེས་སྐྱིད་སྲས་དགེ་ལེགས་ཉི་མས།
 
 
 
Re:བསམ་བློའི་མེ་ལྕེ།
[ 2012/5/18 16:58:09 | By: སྐུ་མགྲོན་HMDo26(སྐུ་མགྲོན) ]
 
སྐུ་མགྲོན་HMDo26(སྐུ་མགྲོན)写的很好
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.