ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ།  | 2012/1/28 15:02:00

ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ།

༧ དེ་ཡང་ཐོག་མར་ཧོར་གྱི་རྒྱལ་པོ་ནི་སྤུ་རྒྱལ་གྲི་གུམ་གྱི་འཐབ་ཟླ་ལོ་ངམ་རྟ་རྫིའི་ཆུང་མ་གནམ་ནས་བྱུང་བའི་རྐྱ་མི་དཀར་པོ་ཞིག་དང་བཤོས་པ་ལས་མཆེད་པར་གྲགས་ཤིང་། དེང་དུས་ཀྱི་བགྲེས་པོ་རྣམས་པས་གནམ་བསྐོས་ཧོར་གྱི་རྒྱལ་པོ་ཞེས་སུ་འབོད་པ་ནི་དེའི་ཕྱིར་རོ། སྤྱིར་རྒྱལ་རབས་དང་ལོ་རྒྱུས་སུ་གང་གི་ཕྱོགས་ནས་བལྟས་ན་ཞིབ་འཇུག་བྱེད་རྒྱུ་ལ་ཆེས་དཀའ་ངལ་ཆེ་ཞིང་ལྷག་ཏུ་ཧོར་གྱི་རྒྱལ་རབས་དག་གི་སྐོར་ལ་མཚོན་ན་དེང་དུས་ཀྱི་ལོ་རྒྱུས་དང་བསྟན་འབྱུང་རེ་ཞིག་ལས་བྱུང་བའི་ཧོར་གྱི་ལོ་རྒྱུས་དང་། དེ་མིན་ཁ་སོང་དེ་རིང་དམངས་ཁྲོད་དུ་ལུས་པའི་ཧོར་གྱི་ལོ་རྒྱུས་རེ་འགའ་ཞིག་བྱུང་བ་རྣམས་ཕན་ཚུན་ལོ་རྒྱུས་ཀྱི་གནད་དོན་དང་། ལོ་རྒྱུས་ཀྱི་རིམ་པ་དེ་དག་གཤིབ་བསྡུར་བྱས་ཚེ་དོན་གཅིག་ཏུ་མི་མཐུན་ཞིང་རྒྱལ་རབས་ཀྱི་བྱུང་རིམ་དེ་དག་ཡང་བཤད་སྟངས་ཀྱི་ཕྱོགས་ཙམ་དུ་མི་མཐུན་པའི་གནད་དོན་མི་ཉུང་བ་ཞིག་བྱུང་བས་འདིའི་སྐོར་གཏམ་བཤད་བྱེད་རྒྱུ་ལ་ཆེས་དཀའ་ཚིག་ཆེ་བར་སྨོས་ཅི་ལ་དགོས། རྒྱུ་མཚན་དེའི་རྐྱེན་གྱི་གནས་སྐབས་ཙམ་ཞིག་འདིའི་རྒྱལ་རབས་ཀྱི་སྐོར་དེ་དག་ཟུར་དུ་བཞག་སྟེ་འདིར་ཧོར་ཚོ་སོ་དགུའི་ལོ་རྒྱུས་ཅུང་ཟད་ཅིག་འཆད་རྒྱུ་ཡིན། དེ་ཡང་ཧོར་ཚོ་སོ་དགུའི་ལོ་རྒྱུས་བཤད་སྐབས་སྔར་མི་ལོ་རྒྱུས་སྨྲ་བ་ཚོས་སོག་དུས་བོད་དུས་རྒྱ་དུས་གསུམ་ཟེར་ནས་ཤོད་སྲོལ་འདུག་ཅིང་། དེ་དག་ནི་ཞང་བོད་གཅིག་གྱུར་མ་བྱུང་བའི་སྔོན་ཏེ་སོག་པོའི་མི་རྒྱུད་ཧོར་ཚོའི་རྒྱལ་རབས་ཐོག་མར་དབུ་མཉེས་པ་ནས་ཞང་བོད་གཅིག་གྱུར་མ་བྱུང་བར་དུ་སོག་དུས་དང་། ཁྲི་སྲོང་གི་ཞང་རྒྱལ་ལིག་མི་རྐྱ་དཀྲོངས་ནས་ཞང་བོད་གཅིག་གྱུར་དུ་ཆགས་རྗེས་བོད་དུས་དང་། དེ་རྗེས་བོད་ཞི་བས་བཅིངས་གྲོལ་བཏང་རྗེས་རྒྱ་དུས་ཞེས་འབོད་ཀྱི་ཡོད་པར་སེམས། ཧོར་ཚོ་སོ་དགུ་ཞེས་པ་འདི་ནི་ཤོག་ཁག་སུམ་ཅུ་སོ་དགུ་ལ་ཟེར་བར་གྲགས། ཚོ་པ་སོ་དགུ་ནི་ཧོར་གྱི་རྒྱལ་རབས་དབུ་མཉེས་པ་ནས་རིམ་བཞིན་མངའ་འོག་འདུས་པའི་ཚོ་ཁག་གཅིག་ནས་རིམ་གྱིས་སུམ་ཅུ་སོ་དགུར་བྱུང་བ་ཞིག་ཡིན་པ་ལས་ཧོར་ཚོ་སོ་དགུ་དུས་གཅིག་ཏུ་དབུ་མཉེས་པ་ནི་མ་ཡིན་ཞིང་། རྒྱལ་རབས་དང་པོ་ནས་རིམ་བཞིན་རྒྱལ་རབས་དགུ་པའི་བར་དུ་ཧོར་ཚོ་རེ་ཞིག་ལས་ཧོར་སོ་དགུ་ཡོད་ཚད་གཅིག་རྒྱུར་བྱུང་མེད་པས་གྲགས། སྟོད་ཤོག་ཧོར་གྱི་རྒྱལ་རབས་དགུ་པ་ནི། ཧོར་ཇིང་གེར་སེ་ཆེན་རྒྱལ་པོ་ལ།། བློན་པོ་བ་ཡན་ནང་ཆེན་ཡོད།། འབྲུ་རོང་གཉིས་ལ་གཉའ་སྒ་གཏད།། སྒང་དཀར་ནག་གཉིས་ལ་བྲེ་རྒྱ་བཅིང་།། ཀོང་ཇོ་མོ་རྫོངས་ལ་མདའ་ཆར་ཕབ།། ཅེས་དཔའ་རྩལ་འགྲན་ཟླ་བྲལ་བ་དང་། རྒྱལ་ཁྲིམས་ཀྱི་མདུད་པ་དམ་པ། རྒྱལ་པོ་རང་ཉིད་ཀྱང་དཔའ་རྟགས་དང་ཕྱགས་རྗེས་ངོ་མཚར་ཅན་ཞིག་ཡིན་པས་ཧོར་ཚོའི་ཁོངས་གཏོག་གི་ཚོ་པ་མང་ཆེ་བ་སྐབས་དེ་དུས་ཧོར་རྒྱལ་པོའི་མངའ་འོག་ཏུ་འདུས་པར་སྣང་། དེ་ནས་རིམ་བཞིན་ཧོར་གྱི་མངའ་འོག་ཏུ་ཚུད་པའི་ཧོར་ཚོ་སོ་དགུ་ནི། དཀར་སྟོད་༡། དཀར་སྨད་༢། ནག་རུ་༣། རྡོ་ཤུས་སྟོད་མ་༤། རྡོ་ཤུས་སྨད་མ་༥། བྱ་ཟེ་༦། སྒར་ཁང་༧། དམར་རུ་༨། ཁྲོམ་ཚང་༩། རྨ་རོང་༡༠། ཉིན་ཐ༡༡། སྲིབ་ཐ༡༢། ཉིན་མོ༡༣། ནེམ་ཚ༡༤། འདྲེ་དག་༡༥། ཡངས་པ་༡༦། རལ་གསུམ་༡༧། ནེམ་ཚ་ཤོག་ལྟ༡༨། ཁྲི་རྡོ་༡༩། ཡེ་ཐ་༢༠། འབྲོག་ཤོག་༢༡། དྲུག་བཅུ་༢༢། བོན་ཐ་༢༣། ཨར་སྟོད་༢༤། ཨར་སྨད་༢༥། རྫ་དམར་༢༦། བྲ་བོ་༢༧། གེ་མོ་༢༨། སོག་སྡེ་༢༩། བེ་རི་༣༠། འབྲི་རུ་༣༡། ཕྲ་རིང་༣༢། སྟག་དྲུག་༣༣། འགོ་མ་༣༤། རག་ཤི་༣༥། བོན་ཕན་༣༦། ནག་ཤོད་༣༧། བུ་རྫུམ་༣༨། སེན་ཚ༣༩། བཅས་ལ་ཟེར། གོང་དུ་ཧོར་ཚོ་སོ་དགུའི་ལོ་རྒྱུས་ལས་འཕྲོས་པའི་སྐད་ཆ་རེ་ཟུང་བཤད་པ་ནི་ཧོར་ཡུལ་གྱི་བགྲེས་པོ་ལོ་རྒྱུས་སྨྲ་བ་ཚོའི་བཤད་རྒྱུན་དང་དམངས་ཁྲོད་ཀྱི་ཧོར་སོའི་ལོ་རྒྱུས་སོགས་ལ་གཞི་བཅོལ་ཏེ་ཤར་མར་བྲིས་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་འགལ་འདུ་བསལ་བའི་གཏན་ཚིག་དང་། དེ་མིན་རིན་ཐང་བྲལ་བའི་དཔྱད་གཞི་སོགས་ཀྱིས་མཚོན་པའི་ཚིག་ཞིག་གཏམ་རྒྱུད་འདི་ལས་མཐོང་བར་དཀར་ཡང་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་སྒྲུང་ཡིག་སོགས་དུས་འདིའི་ཆར་གང་ལྟར་དམངས་ཁྲོད་ཀྱི་རིག་གནས་སུ་གང་གི་ཕྱོགས་ནས་ཡར་རྒྱས་གོང་འཕེལ་བྱེད་པའི་མཛད་པ་སྒྲུབ་བཞིན་མཆིས་པས་དེ་དག་མཐུན་རྐྱེན་དུ་དམིགས་ཏེ་ངལ་སྲོའི་དུས་སུ་ཤར་མར་བྲིས་པ་ཞིག་ཡིན་པས་སོ།

Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2020/1/26 15:43:05
སྐུ་མགྲོན་OSJv40(སྐུ་མགྲོན)སོག་དུས་ནི་སོག་རྒྱལ་པོས་དབང་བསྒྱུར་དུས་དང་། རྒྱ་དུས་ནི་བོད་ཨ་བན་དུས། བོད་དུས་ནི་སད྄ེ་པ་གཞུང་དུས་ལ་ཟེར།
རིས་མེད་པས།
རྩོམ་པ་པོ།:སྐུ་མགྲོན་OSJv40(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2015/4/15 16:42:51
སྐུ་མགྲོན་(སྐུ་མགྲོན)བཀྲིས་བདེ་ལེགས། ཧོར་ལྷ་རྒྱལ་དར་ཟེར་བ་དེའི་ལོ་རྒྱས་དང་མཛད་པའི་སྐོར་ལ་ཏོག་ཙམ་གསུད་རོགས་གནང་། གུས་པའི་བསམ་ཚུལ་ལ་ཧོར་ཚོའི་ཁོངས་ནས་མཐའ་མ་གསུམ་ཏེ་ནག་རོད་དང་། བུ་རྫུམ་། སེན་ཚ། བཅས་གསུམ་ནི་ལོ་རྒྱུས་ཐོག་ཁམས་སྟོད་རྒྱ་སྟོན་ལྡིང་ཞབས་ཡིན་འདུག་པ་མ་ཟད། ནག་བུར་སན་གསུམ་དེ་ཆགས་ས་འང་སུམ་བྷའི་རུ་ཡི་ལྟེ་བ་རྒྱ་ཤོད་སྟག་པ་འཚལ་དུ་ཡིན་འདུག་པས་ས་ཆའི་གནས་བབ་དང་། ལོ་རྒྱུས་གང་གི་ཆ་ནས་ཧོར་རྒྱལ་པོའི་མངའ་འོག་ཏུ་མིན་པར་འདོད། མཁྱེན་ལྡན་བསམ་ཡོད་ཅན་ཚོའི་དེ་ལ་ལུང་དང་མཚན་མའི་སྒྲུབ་བྱེད་བཅས་ཡོད་ན་འགོད་རོགས་ཞུ། ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2012/3/25 9:12:38
སྐུ་མགྲོན་sxo0RE(སྐུ་མགྲོན)ཁྱེད་ཀྱིས་གསུངས་པའི་སོག་དུས་བོད་དུས་རྒྱ་དུས་ཞེས་པའི་ཐ་སྙད་དེ་བཅོས་བསྒྱུར་རྗེས་སུ་དེ་འདྲ་བྱུང་ན་མ་གཏོགས་སྔ་མོའི་ཐ་སྙད་ཅིག་མིན་པ་འདྲ། སྔ་མོའི་ཐ་སྙད་དུ་སོག་དུས་རྒྱ་དུས་བོད་དུས་ཞེས་གྲགས་པ་༼ཁྱུང་པོ་སྟེང་ཆེན་དེབ་དང་པོ་༽དང་། ༼མེས་པོའི་བྱུང་བ་༽ཞེས་པའི་དེབ་གཉིས་སུ་གསལ་འདུག ཡིན་ཡང་དེབ་དེ་གཉིས་སུ་དུས་དེ་གསུམ་གྱི་ལོ་དུས་གསལ་པོར་འཁོད་མི་འདུག་པས་ཁྱེད་ནས་གསལ་བཤད་འདྲ་ཡོད་ན་གནང་རོགས། ཁྱུང་གསེར་ཞུན་ནས།
རྩོམ་པ་པོ།:སྐུ་མགྲོན་sxo0RE(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2012/3/5 11:51:26
སྐུ་མགྲོན་tYPb6F(སྐུ་མགྲོན)ཧོར་ཚོ་སོ་དགུའི་ཁོངས་ཀྱི་མི་དམངས་དག་གི་རྒྱུད་པ་རེ་འགའ་སོག་པོ་ལ་ཐུག་ཡོད་ལ་རེ་འགའ་བོད་པ་ལ་ཐུག་ཡོད། ཟིན་བདག་གིས།
རྩོམ་པ་པོ།:སྐུ་མགྲོན་tYPb6F(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2012/2/18 18:48:19
ཨོ་རྒྱན།(སྐུ་མགྲོན)དེས་ན་ཁྱོས་ཧོར་ཚོེ་སོ་དགུའི་ཁོངས་ཀྱི་མི་དམངས་དག་གི་རྒྱུད་པ་སོག་པོར་འདོད་དམ། ཡང་ན་བོད་པར་འདོད། དེང་སང་འགའ་རེས་སོག་པོ་ཡིན་ཚུལ་དག་བཤད་འདུག །
རྩོམ་པ་པོ།:ཨོ་རྒྱན།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧོར་གྱི་ཚོ་པ་སུམ་ཅུ་སོ་དགུའི་སྐོར་གྱི་གཏམ་བཤད་བགྲེས་པོའི་ངག་རྟ། | 2012/1/31 15:30:30
yongdromལེགས་འདེམས་མཛད་པར་དགའ་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.