ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དཔོན་གསས་བླ་མ་དགྱེས་པའི་ཀ་བཤད། | 2012/1/28 15:33:00

དཔོན་གསས་བླ་མ་དགྱེས་པའི་ཀ་བཤད།

 

ཀ་ནས་དག་པ་སྟོང་གཟུགས་བོན་གྱི་སྐུ། །

ཁ་དོག་རྒྱན་མཛེས་རྒྱལ་བ་ལོངས་སྤྱོད་རྗོགས། །

ག་ལེར་མ་ངེས་གང་འདུལ་སྤྲུལ་པའི་དཔལ། །

ང་ཅག་འདྲེན་པ་སྐུ་གསུམ་བདག་ཉིད་འདུད། །

 

ཅ་དག་མཁྱེན་གཉིས་ཟུང་གི་དཔལ་མངའ་ཞིང་། །

ཆ་ལུགས་གོས་དྲུག་ན་བཟས་མཛེས་པ་ཅན། །

ཇ་ཆང་སྒྱུ་མའི་ནོར་ལ་མི་ཆགས་པར། །

ཉ་གང་ཟླ་བཞིན་འགྲོ་ལ་ཐུགས་བརྩེ་དཀར། །

 

ཏ་ཐ་ག་ཏའི་བསྟན་པའི་གཙུག་རྒྱན་ཏེ། །

ཐ་མལ་སྐྱེ་བོ་རིགས་དྲུག་འགྲོ་བ་ཀུན། །

ད་ནས་བྱང་ཆུབ་ལམ་ལ་མ་འཁོད་བར། །

ན་འཆི་འཁོར་བའི་འཇིགས་ལས་སྐྱོབ་པའི་མགོན། །

 

པ་ཏྲའི་རིས་ཚགས་བསྟར་འདྲའི་སྒྱུ་མའི་འཕྲུལ། །

ཕ་རོལ་ཚུར་རོལ་བྱ་བའི་ཀུན་རྗོབ་བོན། །

བ་ལང་སེམས་ལྟར་བླང་དོར་མི་ཤེས་པར། །

མ་རྟོགས་འཁྲུལ་པའི་གཞི་ལས་ཡེ་ནས་གྲོལ། །

 

ཙ་རི་གངས་རི་ལ་སོགས་གནས་ཀུན་ཏུ། །

ཚ་གྲང་དཀའ་བ་སྤྱད་སོགས་གཞན་དོན་དུ། །

ཛཱ་ཡའི་བསྟན་པ་སྤེལ་ལ་ཐབས་མངའ་བའི། །

ཝ་ལེར་ཀུན་མཁྱེན་དྲི་མེད་གཡུང་དྲུང་མཚན། །

 

ཞྭ་དཀར་པཎ་གྲུབ་གོང་མའི་མཛད་པ་བཞིན། །

ཟ་ནོར་དགོས་དགུའི་དཔལ་ལ་མ་ཆགས་པར། །

འ་འུར་འཆད་ཉན་འཚོ་བར་རོལ་བཞིན་དུ། །

ཡ་མཚན་མཛད་པའི་འཕྲིན་ལས་ཅི་ཡང་ཟབ། །

 

རྭ་བ་གངས་ཀྱིས་བསྐོར་བའི་སྨན་ལྗོངས་ཀྱི། །

ལ་ལུང་བོད་དང་རྒྱ་སོགས་ཡུལ་གྲུ་ཀུན། །

ཤཀྱཱ་མཆོག་དང་གཤེན་རབ་བྱོན་པ་བཞིན། །

ས་སྟེང་འདི་ན་བོན་བསྟན་སྤེལ་བའི་བཤེས། །

 

ཧ་ཅང་བཅོས་མིན་དད་སེམས་གཙང་མ་ཡིས། །

ཧ་ལོ་མེ་ཏོག་ཇི་བཞིན་འབུལ་བའི་ཚུལ། །

ཨ་ཧོ་དཔོན་གསས་བླ་མ་དགྱེས་པ་ལ། །

ཨ་འུ་གཤེན་སྨྱུག་བདག་གིས་ཅིས་མི་བསྔགས།

 

༢༠༡༡ལོར་ཀོ་རྒྱལ་དགོན་ནས་རང་ཤག་དབྱངས་ཅན་དགྱེས་པའི་ལྡིང་ཁང་ནས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:དཔོན་གསས་བླ་མ་དགྱེས་པའི་ཀ་བཤད། | 2012/1/31 15:28:47
yongdromརིང་ནས་འདྲིས་པའི་མཆེད་གྲོགས་ཡེ་ཤེས་བློ་གྲོས་དང་། ངེས་དོན་གྱི་མཁས་དབང་ཁྲི་གཡུང་དྲུང་། གཡུང་དྲུང་སྐལ་བཟང་། དེ་མིན་གསོ་རིག་པ་བསྟན་འཛིན་ཡེ་ཤེས་ཟུང་ནས་བདག་གི་རྩོམ་ཡིག་ལ་འདིང་འཇོག་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གནམ་ལོ་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
Re:དཔོན་གསས་བླ་མ་དགྱེས་པའི་ཀ་བཤད། | 2012/1/29 17:48:29
danzengyixi

སྤེལ་བ་བཟང་། རྩོམ་བྲིས་ཡར་རྒྱས་འགྲོ་བཞིན་འདུག་པས་དགའ་ཡོད།
ལོ་སར་ལ་བཀྲ་ཤིས་བདེ་ལེགས།
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.