ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
པོ་ཏི་སྔོན་པོས་འདི་སྐད་གསུངས། | 2012/11/28 23:57:00

པོ་ཏི་སྔོན་པོས་འདི་སྐད་གསུངས།

ང་དངོས་གནས་གསོན་ཉམས་དོད་པ་ལ་དགའ་ཟེར། དེ་དངོས་གནས་བདེན་པ་རེད། གསོན་ཉམས་དོད་ན་ཐམས་ཅད་ནས་ཐམས་ཅད་དུ་བགྲོད་ཐུབ་ལ་སྒུལ་ཤུགས་ཀྱང་ཆེན་པོ་ཡོད་རེད། པོ་ཏི་སྔོན་པོ་ནི་དངོས་གནས་ཕྱི་རྫིག་ནང་སྟོང་མ་རེད། ཟ་འོག་སྣ་ཚོགས་དང་དར་ཆུན་སྣ་ཚོགས་ཀྱིས་སྤྲས་པ་འདིའི་ཐུགས་དམ་མ་རེད། པོ་ཏི་སྔོན་པོ་ཁྱོད་ནི་དངོས་གནས་བགྲེས་པོ་རེད། ཁྱོད་ཀྱི་བླ་སྲོག་གི་ཕུགས་རྩ་ནི་གངས་དཀར་ཏི་སེ་ལ་ཐུག་ཡོད་ལ། ཟུངས་ཁྲག་གི་རྒྱུན་ཁུངས་ནི་མ་པང་གཡུ་མཚོ་ནས་བབ་ཡོད། པོ་ཏི་སྔོན་པོ། ཁྱོད་ཀྱིས་དེ་སྔོན་ཚ་གྲང་གི་རེག་བྱ་དང་ཀྱག་ཀྱོག་ལམ་བུ་མང་པོ་བརྒྱུད་དགོས་བྱུང་མོད། ཕ་ས་གངས་དཀར་ལ་བསྡད་རུང་རྔོག་སེར་མགོ་ལ་གྱོན་པ་འགས་བཙན་གནོན་དང་དབང་ཤེད་འོག་ཏུ་དུར་འཇུག་ཐེངས་མ་གཉིས་ལ་བྱས། བཞིན་རས་ལ་རྨ་རྗེས་བཏོད། ཁྲག་ལ་བསླད་བསྲེས། གོས་དམར་གྱི་ཤུབས་བཀོན་ནས་བཙན་དབང་བྱས་པ་ག་ལ་ཉུང་། འོན་ཀྱང་ཁྱེད་ཀྱི་ཚེ་སྲོག་འཚོ་བའི་རྫི་བོ་ངོ་མ་སྟེ། སྟོབས་དང་རྫུ་འཕྲུལ་བསམ་ལས་འགོངས་པའི་དབང་བསྒྱུར་མ་ཞིག་གིས་ཁྱེད་ཉིད་བསྐྱབས་པ་མ་ཡིན་ནམ། མ་འོངས་དུས་རབས་རྗེས་མའི་ནང་ཁྱོད་ཀྱི་གཟི་བརྗིད་འདི་བཞིན་འཚོ་ངེས་རེད། སྔོན་ཆད་ཁྲག་དམར་དེ་ནི། དབུ་ལོ་གངས་ལས་དཀར་བའི་ཞང་ཞུང་རྒས་པོ་དེ་དང་དེའི་ཚོགས་ཀྱིས་རིག་ཆབ་དྭངས་མ་བླུག་ནས་བཀྲུས་དང་བཀྲུ་བཞིན་ཡོད་པས། བཞིན་རས་ཀྱི་རྨ་རྗེས་དག་ཀྱང་རིམ་གྱིས་སོས་པ་ལོས་སྲིད།  ད་ངོ་མར་སྲིད་པ་གངས་བཟང་གི་ཀླུང་ནས་སྐུ་འཁྲུངས་པའི་གངས་ཆབ་དྭངས་མ་སྟེ། ཡ་ཐོག་གི་ཤེས་རིག་ཞང་བོད་ཀྱི་རིག་གཞུང་། འདི་ནི་ཁྱོད་ལ་ཐུག་ལ། འདི་ནི་ཁྱོད་ཀྱིས་འཚོ། གནའ་ནས་ད་བར་དུ་འདི་ལ་དོ་དམ་གནང་མཁན་ཡང་ཁྱེད་མིན་ནམ། ཁྱོད་ནི་ཞང་བོད་རིག་གཞུང་གི་སྲོག་རྩ། ཞང་བོད་རིག་གཞུང་གི་ཟུངས་ཁྲག །ངོ་མ་ཁྱོད་རེད་ཡ།

 

 

 

Re:པོ་ཏི་སྔོན་པོས་འདི་སྐད་གསུངས། | 2012/11/29 13:33:07
danzengyixi


བཀླགས་ཟིན། ནང་དོན་ཡག་པོ་བྲིས་འདུག
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.