ཧི་བོན་ཟིན་བྲིས།
བོན་སྨྱུག་གི་མཚེར་ས།
སྤྱི་བསྒྲགས།

      རང་མི་རིགས་ཀྱི་སྐད་

    དང་ཡི་གེ་སྦྱོང་སྤྱོད་བྱེད་

    ནས་མདུན་གྱི་ལམ་པོ་ཆེ་

    མཐོང་དགོས།

    དཔེ་ཀློག་དང་དཔེ་བལྟ་ལ་བརྟེན་

    ནས་ཤེས་བྱ་རིག་པའི་གནས་ལ་གོམ་པ་སྤོ་དགོས།

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྙན་ངག་ལ་ཕྱིར་དྲན། | 2013/5/15 20:31:00

སྙན་ངག་ལ་ཕྱིར་དྲན།

སྙན་ངག་གིས་དོན་དམ་པའི་གཟུགས་བརྙན་བཞེངས་དགོས་ལ། སྙན་ངག་ནི་སེམས་ཀྱི་འགྱུ་བ་དང་

འགྲོགས་པའི་སྟངས་སྟབས་ཡིན། སྙན་ངག་གིས་མུན་པ་རབ་རོབ་ཀྱི་ཀློང་ནས་བཞེངས་པའི་ངར་

ཚུགས་སྟོན་དགོས་ལ། ལྷ་ཡུལ་ནས་ཡོང་བའི་ངང་ཚུལ་ཡང་སྟོན་སྲིད། མཛེས་ལྡན་མ་ཞིག་གི་ཟུར་

མིག་ཀྱང་སྙན་ངག་གི་ཀློང་ནས་སྟོན་སྲིད་ལ། རྫུ་བག་ཀྱང་སྟོན་ཆོག  སྐབས་འགར་མུན་པའི་ཕ་རོལ་ནས་བཞེངས་པའི་འཇབ་རྒོལ་གྱི་ཚུགས་ཀ་ཡང་སྟོན་ཆོག་ལ། སྐྲག་བསྔང་ཡང་སྟེར་སྲིད། དོན་

དམ་པའི་སེམས་འགྱུ་ཡི་ཀློང་ནས་བཞེངས་པའི་ངག་ལམ་ཞིག་ནས་ས་ཡང་འགུལ་སྲིད། དེ་ནི་སྙན་

ངག་ཡིན། རི་བོ་དང་ཆུ་བོ། དེ་བཞིན་སྐྱེད་ཚལ་དང་པད་མ། འདི་དག་ཀྱང་སྙན་ངག་གི་དབྱིངས་སུ་

རོལ་ན། བཟོ་ལྟ་ཁེ་མཚར་རེ་སྟོན་སྲིད། ལན་རེར་ངུ་སྲིད་ལ་སྐབས་འགར་དགོད་སྲིད་པའི་སྙན་ངག་

ཡ། ཁྱོད་ནི་བདག་གི་སེམས་འགྱུ་དང་ཡུལ་གྱི་སྣང་བ་གཉིས་ལྷན་དུ་འདྲེས་ཏེ། དབུགས་ཀྱི་རྒྱུ་བ་

ལྡན་པའི་སྒུལ་ཤུགས་ཤིག་ཅི་ལ་མིན། བེམ་གཟུགས་ཅི་ཞིག་ལ་སྙན་ངག་གི་རྣམ་ཤེས་ཞུགས་པ་ནས།

རོ་དང་འདྲ་བའི་ཁོ་ཡང་འགུལ་སྐྱོད་རྒྱག་སྲིད། ཐིངས་འགར་འཐོར་ཞིག་འགྲོ་བའི་ངན་ཚུགས་ཤིག་ཀྱང་བསམ་བཞིན་དུ་བསྟན་པ་མ་ཡིན་ནམ། བེམ་གཟུགས་ཡ། ཁྱོད་ལ་སྙན་ངག་གི་རྣམ་ཤེས་ཞུགས་ནས་བཟུང་། ཁྱོད་ཀྱི་དོན་དམ་པའི་གསང་བ་ཁོག་བཅུག་དེ་ཡང་ག་ལེར་ཕྱི་ལ་ཤོར་སོང་བ་ཡིན་ནམ།

མ་ཟད་སྙན་ངག་ནི། སྟག་ཤར་དར་མའི་གདོང་གི་ཉིན་བྱེད་ཡིན་ལ། སྨན་ཆུང་གཞོན་ནུའི་འདོད་

པའི་རང་ཚུགས་ཀྱང་ཡིན། སྙན་ངག་ནི་སེམས་ཀྱི་མེ་དཔུང་ཡིན་ལ། རྩ་ཡི་བརྐྱང་བསྐུམ་ཡང་ཡིན།

སྙན་ངག་ནི་སེམས་ཀྱི་གྲིབ་གཟུགས་ཡིན་ལ། ང་ལ་བལྟས་ཏེ་ཁོ་རྒྱུ་བའང་ཡིན་མོད། དེས་ན་སྙན་

ངག་ནི་འདི་ཡིན་དང་དེར་སོང་ཙམ་གྱི་བརྗོད་བྱ་སྟོན་ཐུབ་པ་ཙམ་ཞིག་གིས་ག་ལ་ཚད། ཚིག་བཅད་

པ་ཙམ་ཞིག་གིས་དེ་བས་ཀྱང་མི་ཆོག་གོ ། །

བོན་སྨྱུག་གི་བསམ་ཚུལ་འགའ་ཙམ་ཡིན།

༢༠༡༣ལོའི་སྤྱི་ཟླ་༥ཚེས་༡༥ཉིན།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:སྙན་ངག་ལ་ཕྱིར་དྲན། | 2013/5/18 23:42:31
boncuteལེགས་པོར་མཐོང་སོང་། གུས་པ་གངས་ཐིག་གིས།
Re:སྙན་ངག་ལ་ཕྱིར་དྲན། | 2013/5/17 7:31:59
vaseདགའ་འོས་པའི་སྙན་ངག་ཅིག་རེད་འདུག །
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.