ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག ། | 2013/8/11 20:34:00

དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག །

 

སྐྱབས་སུ་མཆིའོ། །སྐྱབས་སུ་མཆིའོ། །སྐྱབས་སུ་མཆིའོ། །

 

དབུ་ལ་པད་ཞུའི་བཀྲག་མདངས་གསལ་ལམ་མེར། །

ཞལ་རས་བྱམས་བརྩེའི་འཛུམ་མདངས་དགྱེས་ཡལ་ལེར། །

སྐུ་ལ་སྟོད་གཡོག་སྔོན་པོ་བརྗིད་ཆེམ་མེར། །

རྒྱལ་སྨན་རིའི་གཟི་བརྗིད་སྔར་བས་ལྷག །

 

ཕྱག་ཏུ་ཙ་ཀ་ལི་ཡི་བྱིན་སྤུངས་སེ། །

ཞལ་ནས་དབང་ཐོབ་ཤོག་གི་སྒྲ་སྙན་ནེ། །

འོག་ནས་དད་ལྡན་ཕོ་མོ་གུས་ཞུམ་མེར། །

རྒྱལ་བ་སྨན་རིའི་མཛད་ཕྲིན་སྔར་བས་རྒྱས། །

 

བརྒྱད་ཅུའི་དགུང་ལོ་རྒྱས་པའི་བཞིན་ཉམས་དང་། །

དྲུག་ཅུའི་ཚངས་དབྱངས་འབར་བའི་མགུར་ཉམས་སྟེ། །

ཐུགས་ཀློང་བྱམས་བརྩེས་བལྟམས་པའི་འཛུམ་ཉམས་གསུམ། །

ལྷན་གཅིག་འཛོམས་པའི་བླ་རྒན་སྙིང་ན་མཛེས། །

 

ཁྱེད་སྐུ་གར་བཞུགས་མཆོག་གསུམ་རྒྱ་མཚོ་འཁྱིལ། །

ཁྱེད་གསུང་གར་གྲག་བརྒྱད་ཁྲིའི་བོན་ཆར་འབབ། །

ཁྱེད་ཐུགས་གར་དགོངས་དབྱིངས་རིག་ཉི་ཟླ་འཆར། །

ཁྱེད་ཉིད་འཛམ་གླིང་རྒྱས་པའི་ནོར་བུ་ཞིག །

 

སྟེང་ན་བླ་མའི་སྐར་ཚོགས་ཝ་ལེར་བཀྲ །

བར་དུ་ཡི་དམ་རི་བོ་ལྷུན་གྱིས་སྤུངས། །

འོག་ཏུ་དམ་ཅན་རོལ་མཚོ་ལྟེམ་མེར་འཁྱིལ། །

སྣང་སྲིད་ཁམས་སུ་ཁྱེད་ཉིད་བརྗིད་པ་ལ། །

 

སེང་ཁྲི་སུམ་གདན་བརྩེགས་པའི་ཡང་སྟེང་ངམ། །

མི་བདུད་གར་གྱིས་བཞེངས་པའི་ཕྱག་སྟེང་དུ། །

ཁྱེད་ཉིད་བརྗིད་འགྱིངས་སྟབས་ཀྱིས་བཞུགས་པའི་ཚུལ། །

ལས་ལྡན་འགའ་ཡིས་མཐོང་ལུགས་མི་འདྲ་ཞིག །

 

དར་གྱི་བླ་བྲེ་གཡོ་བའི་ལྡིང་ཁང་ངམ། །

གཡུང་དྲུང་གྲ་གུར་འབར་བའི་གཞལ་ཡས་སུ། །

གཤེན་རབ་བླ་མ་བཞུགས་པའི་ངང་ཚུལ་གང་། །

ལས་ལྡན་སྟོང་གིས་མཐོང་སྣང་ཁྱད་པར་ཞིག །

 

ཡ་གླིང་ལྷོ་རྒྱུད་རྒྱ་གར་བྱང་ཕྱོགས་སུ། །

གང་སྐུ་གཡུང་དྲུང་བསྟན་པའི་གཟི་དཔལ་དུ། །

བཞུགས་ཞེས་བརྡ་རླུང་ཕྱོགས་བཅུར་གཡོ་བ་དེས། །

ས་ཆེན་འདི་ཡང་ཡོམ་ཡོམ་ཤིག་ཤིག་བྱས། །

 

ལྷ་མོ་བརྟན་མའི་བདུད་རྩིའི་བུམ་བཟང་དང་། །

དབལ་གཤེན་སྟག་ལའི་བསྭོ་ཡི་གྲ་གུར་ཏེ། །

ཚེ་མཐའ་ཡས་ཀྱི་དར་དཀར་སྲུང་མདུད་གསུམ། །

ཁྱེད་ཉིད་བརྟན་པར་བཞུགས་པའི་དཔལ་དུ་འབུལ། །

 

ས་ཡ་དྲུག་གིས་བཀྲ་ཤིས་ཁ་གཡང་དང་། །

བོན་འབངས་སྟོང་གིས་མ་ཏྲིའི་མགུལ་དབྱངས་ཏེ། །

དད་ལྡན་བདག་གིས་ནོར་བུའི་སྨོན་ལམ་གྱིས། །

ཁྱེད་ཉིད་གཡུང་དྲུང་གཤིས་སུ་གྲུབ་པར་སྨོན། །

 

རིགས་སྨྲ་སྟོང་གིས་གཡས་རུའི་འཆད་རྩོད་དང་། །

སྔགས་གཤེན་འབུམ་གྱིས་སྒྲུབ་ཆེན་འཛབ་དབྱངས་ཏེ། །

དེང་འདིར་གངས་ལྗོངས་ཤིག་ཤིག་སྒུལ་བའི་བོན་། །

མྱུག་རྩེའི་རླབས་དང་བཅས་ཏེ་ཁྱེད་ལ་འབུལ། །

 

ཞེས་གྱེར་སྨྲང་གི་ཟིན་བྲིས་ལས་རྒྱལ་བ་སྨན་རི་བའི་སྐུ་པར་མཐོང་བའི་རྐྱེན་གྱིས་དད་འདུན་སླར་ཡང་འཕེལ་བའི་གྲོགས་བྱས་ཏེ་བོན་སྨྱུག་གིས་ཕུལ།

 

 

 

Re:དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག ། | 2013/10/7 16:23:14
སྐུ་མགྲོན་KOf6IV(སྐུ་མགྲོན)ཕོ་ལྷ་བསྭོ།
རྩོམ་པ་པོ།:སྐུ་མགྲོན་KOf6IV(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག ། | 2013/9/15 20:42:34
སྐུ་མགྲོན་swn8QD(སྐུ་མགྲོན)དགའ་བསུ་ཡོད།
རྩོམ་པ་པོ།:སྐུ་མགྲོན་swn8QD(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག ། | 2013/8/14 3:21:55
vaseཕོ་ལྷ་གསོལ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.