ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཚགས་ཤོག་གསར་པ་༼གཞོན་ནུའི་ལང་ཚོ་༽འགྲེམ་སྤེལ་བྱས་པ།  | 2012/6/19 23:37:00

ཚགས་ཤོག་གསར་པ་༼གཞོན་ནུའི་ལང་ཚོ་༽འགྲེམ་སྤེལ་བྱས་པ།       

 

                           

         

                       

                         

 

 

དེ་ཡང་ཚགས་པར་འདི་ནི་ཁྱུང་པོ་སྟེང་ཆེན་དགོན་དུ་བཞུགས་པའི་གྲྭ་བཙུན་ཤེས་ཡོན་ལ་དུང་བ་ཟབ་ཅིང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བ་དུས་ཚོད་ལ་དམ་འཛིན་ཤེས་པའི་ན་གཞོན་སློབ་གཉེར་བ་བརྒྱད་ཤོད་ཤེས་རབ་འཁྲུལ་མེད་མཆོག་ནས་སྒེར་གཉེར་གནང་བའི་ཚགས་པར་ཞིག་རེད་ལ། སྤྱི་ལོ་༢༠༡༡ལོའི་ཟླ་༩ཚེས་༩ཉིན་གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོགས་ཆེན་མོའི་བཤད་གྲྭའི་ཞལ་གྲངས་བརྒྱ་རྩ་དགུ་ལོན་པའི་རྟེན་འབྲེལ་ཉིན་མོར་ཁོང་གིས་ལེགས་སྐྱེས་སུ་ཕུལ་བ་རེད། དེ་ནས་བཟུང་ལོ་རེའི་དབྱར་དགུན་སྟོན་དཔྱིད་བཞི་ལ་འདོན་ཐེངས་རེ་བྱས་པའི་ལོ་རེར་འདོན་ཐེངས་བཞི་རེ་སྤེལ་འཆར་ཡོད་པ་ལྟར་ད་བར༼གཞོན་ནུའི་ལང་ཚོ་༽ཚགས་པར་འདོན་ཐེངས་གསུམ་ལ་ཟིན་ཡོད་པ་བཅས་ཡིན། གནས་ཚུལ་གསལ་བཤད་པ་དྲང་མིང་པས་༢༠༡༢༡༩ཉིན།

 

བྱ་བ་འདི་ལ་ཕན་པའི་དགོངས་འཆར་རེ་གནང་ན་དགའ་སྤྲོའི་དང་ལེན་ཞུ་རྒྱུ་ལས་དེ་མིན་ར་ཡི་ར་ཡི་གཤིས་ཀ་དང་བསྟུན་ཏེ་རོགས་ལ་སྡང་བའི་གཏམ་ངན་གྱི་མཆན་ནག་ཚང་མ་འདོར་རྒྱུ་ཡིན།

 

Re:ཚགས་ཤོག་གསར་པ་༼གཞོན་ནུའི་ལང་ཚོ་༽འགྲེམ་སྤེལ་བྱས་པ། | 2012/6/23 21:14:24
danzengyixi


ཁ་མིན་སེམས་ཀྱི་གཏིང་ནས་རྟེན་འབྲེལ་ཞུ། ཕྱིན་ཟིན་པའི་དུས་ཚོད་ནང་རྐང་རྗེས་ཡག་པོ་བཞག་འདུག་པས། མུ་མཐུད་ནས་རྒྱུན་ཁྱོན་བྱ་རྒྱུ་གལ་ཆེའོ།
ལྷ་གཡག་དར་མས།
གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་དར་མ་ལགས་བཀའ་དྲིན་ཆེ། ང་ཚོའི་ཁོར་ཡུག་འདི་ནས་སྨན་སྡང་གི་དྲི་བསུང་ཞིག་དལ་གྱིས་རྒྱུ་བའི་རླུང་བུ་དང་འགྲོགས་ནས་གྲོགས་དང་འགྲོ་བ་མང་པོའི་སྐྱེད་ཚལ་དུ་ཁྱབ་པ་སྟེ། ཁྱེད་ཀྱི་མཛད་འཕྲིན་གང་ཉིད་དབྱར་མཚོའི་རླབས་ལྟར་རྒྱས་པའི་སྨོན་ལམ་སྙིང་ཁོང་ནས་ཞུའོ།
Re:ཚགས་ཤོག་གསར་པ་༼གཞོན་ནུའི་ལང་ཚོ་༽འགྲེམ་སྤེལ་བྱས་པ། | 2012/6/20 23:07:26
dzjinpaམཐོང་བར་དཀའ་བ་གཞོན་ནུ་ལང་ཚོའི་ཚགས་པར་འདི།
འགྲིམ་སྤེལ་བྱས་ཀྱང་ཁྲམ་གྱི་རང་བཞིན་ཁོ་ན་རེད།
པར་རིས་ཆེ་ཆུང་ཚད་མཐུན་བཟོས་ན་མདུན་ངོས་འཆར།
དེ་མིན་བསྐལ་ན་བརྒྱ་ལ་སྒུག་ཀྱང་འཆར་ཐབས་བྲལ།
པར་རིས་ཆེ་ཆུང་kb༡༠༠ལས་མི་རྒལ་བ་བྱ་དགོས།
གཞན་ཕན་ནས།
གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
གླིང་གཅིག་གྲོགས་པོ་ལགས་དྲན་བསྐུལ་གནང་བ་དགའ་བསུ་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.