ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཐོ་སྒང་གི་མྱོང་ཚོར།                                          བོན་སྨྱུག་ནས།  | 2012/5/13 0:33:00

 མཐོ་སྒང་གི་མྱོང་ཚོར།

་ཆེན་ཡོངས་ནས་་བརྒྱའི་གདམས་ཁ་་མཛེས་ཡིད་འོང་བསིལ་མོ་སྒང་། །

་ཡི་ཡང་བཅུད་་གཏེར་གསེར་གྱིས་་ཁམས་གང་བ་ཁ་བའི་ཞིང་། །

་གཞིའི་སྟེང་གི་་འཚོལ་མི་རྣམས་་སྐོར་སྤྲོ་འཁྱམས་འགྲོ་སའི་ལྗོངས། །

་སྲུང་རིམ་འགྲོ་ས་བདག་འཁྲུག་བཅོས་་ལ་དར་བ་བོན་གྱི་ཡུལ། །

 

ཕྱྭ་གཤེན་གཏོ་ཡིས་ཡོན་བདག་མི་ནོར་གནོད་པའི་གདོན་ལས་རྣམ་པར་རྒྱལ། །

སྣང་གཤེན་གྱེར་གྱིས་སྣང་སྲིད་ལྷ་འདྲེ་དགྱེས་ཤིང་འཕྲིན་ལས་ཤིས་པར་བཅོལ། །

འཕྲུལ་གཤེན་ཐེག་པའི་རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་བགེགས་རྣམས་ཞི་བར་འདུལ། །

སྲིད་གཤེན་འདུར་གྱིས་ཚེ་འདས་བླ་ཡིད་འཇིགས་མེད་བདེ་བའི་ལམ་ལ་བཀོད། །

 

དགེ་བཅུ་བསྙེན་པའི་དཔལ་ལ་སྤྱོད་པས་བསོད་ནམས་ཚོཌ་ཀྱི་སྣུམ་ཁ་རྒྱས། །

དྲང་སྲོང་ཐེག་པའི་སྲུང་ཁྲིམས་དར་གྱིས་སྒོ་གསུམ་ཡོངས་སུ་གཙང་བར་བྱས། །

ཨ་དཀར་ཐེག་པའི་རིམ་གཉིས་ལམ་གྱིས་ཕུང་ཁམས་ལྷ་ཡི་རོལ་པར་བསྒྱུར། །

ཡེ་གཤེན་དགོངས་པས་ཤེས་བྱ་གཤིས་ཀྱི་དེ་ཉིད་ཇི་བཞིན་གསལ་བར་མཁྱེན། །

 

བླ་མེད་ཡང་རྩེའི་སྟོང་མཇལ་ཟབ་མོས་ཉིད་དུ་ལྟ་བའི་ལ་ཆེན་བཟླས། །

ཐེག་པའི་རྒྱལ་པོ་ཐུན་མིན་བོན་གྱིས་གངས་ཀྱི་རི་ལ་གྲུབ་རྟགས་བཞག །

ཐོཌ་བཅས་ལུས་དང་ཐོཌ་མེད་སེམས་ཀུན་ལྷག་མེད་མངོན་སངས་འདི་ཡིས་རྒྱས། །

ཆེན་པོ་རྒྱལ་དང་གཉན་པོ་གཤེན་ཀུན་བང་སོ་མཁའ་ལ་འདི་ཡིས་བཏབས། །

 

བསང་དུད་སྔོན་མོའི་མཆོད་སྤྲིན་དྭངས་མ་སྦྲ་ནག་གུང་ཁའི་སྟོང་ནས་འཕྱུར། །

གསེར་སྐྱེམས་ཇ་ཆང་ཕུད་ཀྱི་མཆོད་པ་གཡའ་དང་གངས་ཀྱི་རི་ལ་སྤེལ། །

སྟོང་རྒྱུང་དྲན་པས་བརྔན་གྱི་གྱེར་དབྱངས་རིས་མེད་མགྲོན་བཞིའི་སྡེ་ལ་འཐེན། །

ཁ་བ་གངས་རིའི་མཐོང་ཐོས་མྱོང་གསུམ་ང་ཡི་སེམས་ཀྱི་བབ་ལ་ཆགས། །

 

ལབ་རྩེ་ཁྲ་མོའི་གསས་མཁར་སྲོག་ཤིང་བསྭོ་དང་ཨཱོྃ་གྱིས་མཚོན་པར་བྱས། །

ཀླུང་རྟའི་ཁྱུ་ཚོགས་འཕུར་ཐེངས་གཅིག་གིས་དབལ་དང་མཐོར་གསས་བདར་བར་བྱས། །

ཀི་བསྭོའི་ལྷ་རྒྱལ་འབོད་ཐེངས་གཅིག་གིས་སྒྲ་བླའི་དབུ་འཕང་མཐོ་བར་བྱས། །

མཐོ་སྒང་བོད་ཀྱི་མཚོན་རྟགས་དངོས་སམ་ཞྭ་དཀར་བོན་གྱི་ཕྱག་སྲོལ་ཞིག །

 

སྐུ་དང་གསུང་གི་རྟེན་གསུམ་བྱིན་ཆེན་བྲག་དང་ཕུག་པའི་གསེང་ནས་རྡོལ། །

གསེར་དང་དངུལ་སོཌ་རིན་ཆེན་གཏེར་ཁ་མཚོ་དང་རི་བོའི་གཏིང་དུ་སྦྲུམ། །

རྩྭ་ཡི་ད་བྱིད་རིན་ཐང་ཆེ་བ་གཡའ་དང་སྤང་གི་རི་ལ་སྐྱེས། །

ཕྱྭ་དང་གཡང་གི་དམུ་ཡད་འཁྱིལ་ས་བསིལ་ལྡན་གངས་ཀྱི་ར་བ་མཛེས། །

 

ཞང་ཞུང་སྲིད་པའི་མཛེས་བརྗིད་ཕོ་བྲང་གུ་གེའི་མཁར་ཤུལ་ད་དུང་འགྱིང་། །

ཡར་ལུང་སོག་ཀའི་ཕ་མཁར་ཐོག་མ་ཕྱིང་བ་སྟག་རྩེའི་བརྗིད་ཉམས་རྨད། །

ཆེན་པོ་བོད་ཀྱི་བླ་བྲང་བཙན་པོ་ཕོ་བྲང་དམར་པོའི་གཟི་འོད་འབར། །

བསིལ་ལྡན་གངས་རིའི་སྣོད་བཅུད་གཉིས་འདི་ཀུན་ལས་དཔག་པའི་མཛེས་ལྗོངས་ཤིག །

 

གངས་ཆུ་དྭངས་མ་ལྷུང་ལྷུང་འབབ་པས་སྐོམ་གྱིས་གདུང་བ་སེལ་བར་ནུས། །

གངས་དཀར་རི་བོ་མིག་གིས་མཐོང་བས་ཡིད་ཀྱི་བརྟན་པ་འཕྲོག་པར་ནུས། །

གངས་ལྷ་མེ་ཏོག་ལག་ཏུ་བཟུང་བས་སེམས་ཀྱི་བརྩེ་བ་ཐིམས་པར་ནུས། །

གངས་རྒྱལ་ཏི་སེར་མཇལ་ཕྱག་བྱས་པས་རྒྱུད་ཀྱི་སྒྲིབ་པ་དག་པར་ནུས། །

 

 

དཔྱིད་ཀྱི་དྲོད་འཇམ་དལ་གྱིས་ལྡང་དུས་སྤུ་ལྡན་གོས་རིགས་ཁྱིམ་དུ་ཉལ། །

དབྱར་གྱི་ཆར་ཆུ་གནམ་ནས་བབ་དུས་ས་སྐྱེས་ལྡུམ་བུ་གཉིད་ལས་སད། །

སྟོན་གྱི་བསེར་བུ་ལྡང་འགོ་བརྩམ་དུས་ནས་ཀྱི་སྙི་མ་བད་ལ་འཁྲས། །

དགུན་གྱི་ལྷག་རླུང་དབལ་ཁ་རྒོད་དུས་ལག་སོར་ཚང་བང་ཁྱིམ་དུ་འཛུལ། །

 

དུང་བ་སེམས་ཀྱི་ཡིད་ཆེས་གཙང་མ་གཤེན་རབ་ཡབ་མེས་མི་ལ་བཅོལ། །

སྲིད་པ་ཧོས་ཀྱི་བྱིན་རླབས་ན་བུན་རང་ཡུལ་གངས་རིའི་ལྗོངས་ནས་འཕྱུར། །

གསལ་བ་ཡིད་ཀྱི་འཕར་ལྡང་ངོ་མ་བཅོས་མིན་རང་བྱུང་སྙིང་ནས་རྒྱུ། །

སྨྲ་བ་ངག་གི་མགྲིན་གླུ་གྲུང་མ་ཚོར་འདུ་བཙན་པོའི་ཤུགས་ལས་དྲངས། །

སྤྱི་ལོ་༢༠༡༢༡༠ཉིན་བོན་སྨྱུག་གིས་བྲིས།

 

Re:མཐོ་སྒང་གི་མྱོང་ཚོར།                                          བོན་སྨྱུག་ནས། | 2012/5/14 19:54:45
langjiaགྲོགས་པོ་ལགས་ངའི་ཁ་པར་ཨང་གྲང༡༣༦༤༨༩༦༩༠༤༢
Re:མཐོ་སྒང་གི་མྱོང་ཚོར།                                          བོན་སྨྱུག་ནས། | 2012/5/14 16:46:47
སྐུ་མགྲོན་NRIu4Y(སྐུ་མགྲོན)བཀའ་དྲིན་ཆེ་གྲོགས་པོ་ལགས་ ང་ཡི་ཟུང་ཁྲག་ཁོ་ན་ལས་ཕྱུངས་བའི་རྒྱང་རིང་གི་འཕྲིན་ཐུང་རེ་ལ་སྙན་པའི་ཚིག་རྒྱན་མེད་ཀྱང་།
བརྩེ་བའི་བྲོ་ཞིམ་པོ་རེ་ཡོད་ངེས་པའི་ མུ་འཐུད་དུ་གཞེས་རོགས།།

ནམ་རྒྱལ་ནས།༢༠༡༢ ༥ ༡༥ཉིན།།
རྩོམ་པ་པོ།:སྐུ་མགྲོན་NRIu4Y(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཐོ་སྒང་གི་མྱོང་ཚོར།                                          བོན་སྨྱུག་ནས། | 2012/5/13 18:48:26
danzengyixi

བཀླགས་ཟིན། རྩོམ་རྩལ་ཡག་པོ་འདུག་པས་མུ་མཐུད་རེམས་ཤོག།
ང་ནི་ན་ཡང་ཁྱེད་ཀྱིས་སྙན་རྩོམ་ཡི་ཀློག་པ་པོ་ཡོང་ཆོག །
ལྷ་གཡག་དར་མས།
Re:མཐོ་སྒང་གི་མྱོང་ཚོར།                                          བོན་སྨྱུག་ནས། | 2012/5/13 15:04:25
སྐུ་མགྲོན་027Iym(སྐུ་མགྲོན)ཡག་པོ་བྲིས་འདུག་་་་་ཅེས་་་་གངས་ཆབ་བསིལ་མོས༢༠༡༢།༥།༡༣
རྩོམ་པ་པོ།:སྐུ་མགྲོན་027Iym(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.