ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དྲན་པ་དམར་པོ། | 2012/4/30 18:39:00

ཞོགས་པའི་དུང་བརྡ་བཙན་པོའི་སྐད་ཤུགས་ཀྱིས། །

དངོས་པོའི་སྐྱིད་སྡུག་ལས་བྱུང་ལྷ་འདྲེའི་ལྟ། །

བག་ཆགས་དོང་ནས་སྤྲུག་པའི་རྡུལ་འཚུབ་འདི། །

སེམས་ཀྱི་ཡིད་ཆེས་བརླག་པའི་ཁེར་རྐྱང་ཞིག །

ལོག་རྟོགས་སྙིང་སྟོབས་རྒྱས་པའི་རློམ་ཤུགས་དང་། །

ཚ་བའི་མདའ་རྩལ་མྱུར་བའི་འཕེན་ཤུགས་ཀྱིས། །

སྣང་སྲིད་མཛོད་ཀྱི་སྒོ་ཕུགས་བར་གསུམ་ལ། །

ཆག་གྲུམ་ལན་གཅིག་བཟོས་འདི་ཆག་སྒོ་ཞིག །

མདའ་འཕང་གནའ་རྫས་གཉིས་ཀྱི་བར་གསེང་ནས། །

མཁར་སྐྱེས་བུ་ཡིས་རྒྱལ་བའི་ཡོན་ཏན་ལྷ། །

མ་བསད་དམེ་གྲིབ་ཅན་དུ་བསྒྲགས་པའི་གཏམ། །

གསར་རྙིང་ཀླད་པའི་བར་ན་ཞེད་སྣང་ཞིག །

དངོས་མཚན་དམར་བའི་དོན་ཚན་ཡ་ཟུང་ཞིག །

དཀར་བསྟོད་ནག་སྨད་མིན་པའི་དམར་བརྗོད་དེ། །

དམར་མདངས་ཅན་གྱི་ཚིག་སྐམ་དུམ་བུ་གསུམ། །

དམར་པོའི་གོས་ཛར་གྱོན་དེས་ཉིན་ཐོ་ཙམ། །

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.