གྱ་གྱུའི་བསམ་བློ་ལས་འཕྲོས་པའི་གླེང་གཏམ་ཐོར་བུ།
མང་དུ་བསམ་ན་བསམ་རྒྱུ་མང་། །
འཇིག་རྟེན་རང་བཞིན་འཇིག་གིན་འདུག །
མི་ཚེའི་འཚོ་བ་སྣ་ཁ་མང་། །
ཞིབ་པར་བལྟས་ན་བརྗོད་རྒྱུ་མང་། །
།སློབ་གསོའི་ཚན་པ་སྐྱོང་སྟངས་དང་། །
།སློབ་གྲའི་རང་བཞིན་གནས་སྟངས་སོཌ། །
ཡང་ཡང་བསམ་ན་དཀའ་ཁག་ཆེ། །
དེ་བས་དཔེ་ཆར་བལྟས་ན་དགའ། །
ང་རང་དཔེ་དེབ་སྣ་མང་འགར། །
བལྟས་བཞིན་བསམ་རྒྱུ་ཇེ་མང་རེད། །
འཇིག་རྟེན་བརྩེ་གདུང་རོལ་ན་བསམ། །
དེ་ཡང་བྱིས་པའི་སྣང་བ་ཞིག །
ཡང་ན་གྲོང་འདིར་བཙན་སླད་དུ། །
དཔའ་དཔུང་ངོམ་སྟེ་འགྲོ་ཆོག་ཀྱང་། །
གླང་གོག་རྭ་རྩེས་གསོད་ལུགས་ལ། །
དེ་ཡང་གཙིཌ་ཆེར་འཛིན་པ་བླུན། །
རང་ཡུལ་ལུང་བའི་དགོན་ཆུང་ཞིག །
བདག་ཏུ་བཟུང་ན་བདག་ཕྱོགས་དང་། །
གཞན་ཕྱོཌ་འཕྲག་དོག་འགྲན་སེམས་ཀྱིས། །
ཚེར་མའི་ཐང་དུ་མྱ་ངན་ཆེ། །
སྐབས་འགར་ལོ་རྒྱུས་ཞིབ་འཇུག་ཆེད། །
རྒྱལ་ཁམས་བསྐོར་ཏེ་འགྲོ་འདོད་ཀྱང་། །
དལ་འབྱོར་དོན་ཡོད་གཏན་འདུན་ཞིག །
མི་འགྲུབ་སྙམ་སྟེ་ཕོངས་སེམས་ཆེ། །
ཡང་ན་ཡ་ཀི་དབེན་ཁྲོད་དུ། །
ཡང་དག་ཐུན་སྒོམ་ཉམས་ལེན་ལ། །
འབད་ན་བྱང་ཆུབ་འགྲུབ་སྲིད་ཀྱང་། །
གྲོང་ཆོག་གྱེར་འདོད་བག་ཆགས་ཆེ། །
ཉབ་ཉུབ་བསམ་པའི་ཁུག་སོ་རུ། །
མི་འགྲུབ་འདོད་པ་བསམ་ལས་འགོངས། །
ཇི་ལྟར་བསམ་ཡང་བསམ་མཐའ་རུ། །
འདི་ལྟར་དགོས་པའི་འདུན་པ་སྟེ། །
གར་སོང་ཡུལ་དང་གང་འཕྲད་འགྲོར། །
ཕན་འདོད་བསམ་པས་ཀུན་སློང་སྟེ། །
འདི་དང་ཕྱི་མར་ཕན་པ་ཞིག །
བསྒྲུབ་ན་དལ་འབྱོར་དོན་གོ་ཆོད། །
རྩོམ་འདིའི་བབ་ལ་བལྟས་ཙམ་ན། །
ཁོ་བོ་ཆེ་འདོད་བློ་ཅན་གྱི། །
རྣམ་པར་འཆར་གྱི་མི་འདུག་གམ། །
ཞེས་ཀྱང་ཀུ་རེའི་ཚུལ་དུ་ཐལ། །
བོན་སྨྱུག་གིས་བྲིས། །
- ཟིན་ཐོ་གོང་མ།ཐུགས་རྗེ་སེམས་དཔའི་སྐོར་ལ་དཔྱད་པ།
- ཟིན་ཐོ་འོག་མ།ཨ་མར་བརྩེ་བའི་དམིཌ་རྐྱེན།