ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13362


 

༈སྤ་སྟོན་ཉི་མ་འབུམ་གསལ་གྱི་ཉམས་མགུར།
[ 2012/8/1 0:50:00 | By: ཀུ་ས་ལི། ]
 

༈སྤ༵་སྟོ༵ན་ཆེ༵ན་པོ༵་ཉི༵་མ༵་འབུ༵མ་གས༵ལ་གྱི་ཞལ་གདམས་ཉམས་མགུར།

སྐྱབས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི།

ཐུགས་མཁྱེན་དགོངས་གསང་གསུམ་ངོ་བོ་གཅིག

རྗེ་བླ་མ་དྲན་ཆོག་རྣམ་བཞི་ལ།

བདག་སྒོ་གསུམ་རྩེ་གཅིག་གསོལ་བ་འདེབས།

དོན་རང་རྒྱུད་ཁྲོལ་ཞིང་གཞན་རྒྱུད་སྨིན།

ལས་དོན་གཉིས་མཐར་ཕྱིན་འགྲུབ་པར་གྱིས།

སྙན་གསོན་དང་རྗེས་སུ་འཇུག་པའི་བུ།

ལུས་གཅེས་པར་མ་འཛིན་དུར་ཁྲོད་རོ།

ཁོ་བྱ་ཁྱི་འབུ་སྲིན་གྱིས་སྟོང་རྒྱུ་ཡིན།

ནོར་ལོངས་སྤྱོད་དགྲ་བོ་འབོད་པའི་གཡབ།

དེར་འཛིན་ཆགས་མ་བྱེད་བསྐྱུར་རྒྱུ་ཡིན།

ཚེ་རྟག་འཛིན་གློབུར་ལོང་མེད་སོམས།

ནང་སྔ་མོར་ལ་ཁའི་ཉི་མ་འདྲ།

ཡུན་རིང་པོར་མི་གནས་འགྲིབ་རྒྱུ་ཡིན།

སྙན་གྲགས་གཡེར་བར་སྣང་སྤྲིན་འབྲུག་འདྲ།

དེ་བདག་ཏུ་མ་འཛིན་སྟོང་རྒྱུ་ཡིན།

རྒྱན་ཁ་དོག་དབྱར་ཁའི་མེ་ཏོག་དེ།

ཁོ་རྟག་འཛིན་མ་བྱེདཡལ་རྒྱུ་ཡིན།

གྲོགས་ཉེ་འབྲེལ་ཤིང་འགོའི་བྱེའུ་འཚོགས་བཞིན།

དེར་ཞེན་ཆགས་མ་ཆེ་བྱེར་རྒྱུ་ཡིན།

གནས་ཡུལ་མཁར་དངོས་མེད་དྲི་ཟའི་གྲོང་།

བདག་མ་འཛིན་ནམ་ཞིག་སྟོང་རྒྱུ་ཡིན།

སྡང་དགྲ་བོ་བར་སྣང་གློག་འོད་ཙམ།

ཞེ་སྡང་མེད་སྐད་ཅིག་ཡལ་རྒྱུ་ཡིན།

ཟང་ཆེ་འདོད་བྲག་འགོའི་རྩ་ཚོམ་དེ།

ཟ་འདོད་ན་གཡང་སར་ལྷུང་རྒྱུ་ཡིན།

གཞན་མ་འདོད་དུག་ཚེར་ལོ་མའི་ཁྲོད།

ཡུན་རིང་འགྲོག་འདུག་བཟོད་བྲལ་རྒྱུ་ཡིན།

ཚིག་ཐ་སྙད་སློབ་གཉེར་ཅི་མཁས་ཀྱང་།

སང་ཕ་རོལ་ཕན་མེད་བརྗེད་རྒྱུ་ཡིན།

བོན་ཀུན་ཤེས་གཅིག་ལ་སྡུག་པ་དེ།

དོན་སྙིང་པོའི་མདོ་དོན་གཏོར་རྒྱུ་ཡིན།

ཚེ་འདི་དོན་མི་ཆོས་བཟང་འདོད་དེ།

སང་ཕ་རོལ་གཏན་ཆུས་འཆོལ་རྒྱུ་ཡིན།

བོན་གང་ཤེས་ཁ་རུ་འཁྱེར་མང་ན།

ཟོབ་ཆོས་བརྒྱད་དབང་དུ་འགྲོ་རྒྱུ་ཡིན།

ཁོ་ཆོས་ཤེས་བྲལ་བའི་ནོར་རྫས་དེ།

རང་ཐ་མར་དབུལ་ཞིང་འཕོང་རྒྱུ་ཡིན།

དེ་ཨི་བདེན་མི་བདེན་བསམ་མནོ་ཐོངས།

ད་མདོ་དོན་དྲིལ་བའི་སྙིང་པོ་ལ།

ཆོས་མི་རྟག་དགེ་བའི་བསྐུལ་མ་ཐོབ།

ཚུལ་དམན་ཆ་བཟུང་ལ་དག་སྣང་བསྐྱེད།

བློ་ཕུག་དེ་དགེ་ལ་གཏད་པར་གྱིས།

དགེ་ཕུག་དེ་སྤྲང་ལ་གཏད་ན་བཟང་།

སྤྲང་ཕུག་དེ་ཤི་ལ་གཏད་ན་དགའ།

ཤི་ཕུག་དེ་འབུ་ལ་གཏད་ན་དགེ།

རྗེ་གོང་མའི་ཞལ་གདམ་དེ་བཞིན་གྱི།

རྗེས་ནོར་མེད་འབྲེང་ན་རྣལ་འབྱོར་རབ།

སྐྱབས་བསླུ་མེད་དཀོན་མཆོགརྣམ་གསུམ་བསྟེན།

ནོར་བསླུ་མེད་སྒོ་གསུམ་དགེ་སྦྱོར་བསགས།

གྲོགས་བསླུ་མེད་རང་རིག་ཡེ་ཤེས་དེ།

དུས་སྐད་ཅིག་མི་འབྲལ་གསལ་མདང་གདབ།

སེམས་སྒོམ་རྒྱུ་རྡུལ་ཙམ་མ་མཆིས་ཀྱང་།

དུས་ཡུད་ཙམ་མ་གནས་ལམ་ལམསྣང་།

དེ་སྣང་ཙམ་ཉིད་ལ་ངོ་བོ་སྟོང་།

དོན་གསལ་སྟོང་དབྱེར་མེད་བོན་གྱི་སྐུ།

བློ་བཅོས་མེད་ངང་སྐྱོང་བྱ་ར་གྱིས།

མཐར་སངས་རྒྱས་ཐོབ་པ་གདོན་མི་ཟ།

འདི་སྐལ་ལྡན་སློབ་མ་ངང་རྒྱལ་གྱི།

བོན་བདེན་ཚིག་ཟབ་མོའི་བཀའ་འབྲེལ་གྱིས།

དགེ་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག

ཅེས་པ་འདི་ནི༧སྤ་སྟོན་ཉི་མ་འབུམ་གསལ་ལ་དད་ལྡན་གྱི་སློབ་མ་ངང་རྒྱས་ནས་ཉམས་ལེན་གྱི་ཞལ་གདམ་ཞིག་ཞུས་པའི་ལན་དུ་མགུར་འདི་གསུངས་སོ།

 
 
Re:༈སྤ་སྟོན་ཉི་མ་འབུམ་གསལ་གྱི་ཉམས་མགུར།
[ 2012/8/1 10:31:40 | By: སྐུ་མགྲོན་Mqh6Kw(སྐུ་མགྲོན) ]
 
སྐུ་མགྲོན་Mqh6Kw(སྐུ་མགྲོན)ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་མཛད་པ་པོ་སྤ་སྟོན་བསྟན་རྒྱལ་བཟང་པོ་མཆོག་དུས་རབས་ག་དུས་ཕེབས་པའི་བླ་མ་ཡིན་ནམ། །
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.