ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

ཐེག་ཆེན་ཉམས་སུ་ལེན་ཚུལ་གྱི་ངོ་སྤྲོད།
[ 2012/8/1 13:21:00 | By: ཀུ་ས་ལི། ]
 


ཐེག་ཆེན་ཉམས་སུ་ལེན་ཚུལ་ངོ་སྤྲོད་གོ་བདེའི་གསུང་མགུར།

༈ཕ་བླ་མ་དམ་པ་རིན་པོ་ཆེ།

སྐྱབས་འགྲན་གྱི་ཟླ་བྲལ་དྲན་མཆོག་བཞིར།

བདག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས།

བྱིན་མཆོག་གི་དགོངས་པས་སྨིན་གྲོལ་མཛོད།

སྤྲང་ང་ཡི་རྗེས་འཇུག་བུ་སྐྱེས་རྣམས།

སྙན་མ་ཡེངས་རྩེ་གཅིག་ལེགས་པར་གསོན།

དུས་གཏན་གྱི་བདེ་གནས་འཛིན་འདོད་ཅིང་།

དོན་ཡང་དག་དགེ་སྦྱོར་བསྒྲུབ་བསམ་ན།

ཚུལ་མཐོང་གི་ཆོས་བརྒྱད་རྒྱབ་ཏུ་བོར།

ཕྱི་མ་ཡི་གཏན་ཆུས་ཨི་འགྲུབ་དགོས།

ཆོས་བརྒྱད་འདི་ལིང་བློས་མ་ཐོངས་ན།

ཆོས་བསམ་ཀྱང་མཐའ་རུ་ཕྱིན་པ་བཀའ།

དཔེ་ནད་པ་སྨན་གྱི་ལོས་ཕན་ཏེ།

རྗེས་དཔྱད་ཀྱིས་མ་ཆོད་ལུས་པ་འདྲ།

མདའ་ཐེབས་པའི་མདེའུ་ཁོང་ལུས་པའི།

ཕྱི་ཡི་རྨ་ཁ་སོས་པ་འདྲ།

རང་སངས་རྒྱས་ཞིག་ཨི་འགྲུབ་རེ་ཆེ་ཡང་།

ཡང་དག་པའི་དགེ་སྦྱོར་མི་འགྲུབ་ནས།

དགྲ་ལ་དོ་སྡོ་དེ་དང་གཅིག།

གཉན་ལ་ངོ་ཟིན་དེ་དང་གཉིས།

རྒྱུ་ཡི་ཤགས་འདེབས་དེ་དང་གསུམ།

ཆ་རྐྱེན་གྱི་བསྐྱེད་འཕེལ་དེ་དང་བཞི།

ཡུལ་ཞིང་གི་ག་དར་དེ་དང་ལྔ།

ཕྱོགས་ཀྱི་ཞལ་མཆུ་དེ་དང་དྲུག

སྡེ་ཡི་ཆེ་ཆུས་དེ་དང་བདུན།

འཁོར་འབངས་ཀྱི་རྐྱང་དལ་དེ་དང་བརྒྱད།

ཚེ་འདི་བདེན་གྱི་བྱ་བ་སྤང་ནུས་ནའང་།

དོན་ཡང་དག་གི་དགེ་སྦྱོར་འགྲུབ་པར་སྣང་།

འདུག་ཡུལ་དེ་ངེས་མེད་རི་ཁྲོད་འགྲིམས།

ཁྱིམ་ཚན་དེ་བྱ་དང་བྱིའུ་གྱིས།

ཚུལ་ཉམས་ཆུང་དམན་པའི་ས་རུ་བཟུང་།

ལུས་གོས་དེ་རྣམ་འཕྱོང་ཧྲུལ་པོ་བྱོན།

ལྟོ་རྒྱག་དེ་རྩི་ལོ་སྨན་ལྡུམ་མམ།

རྩོལ་མེད་གང་འབྱོར་ཅི་ཡང་རོལ།

གང་དཔོན་མེད་བླ་མ་གཙུག་ཏུ་ཁུར།

འབྲལ་མེད་ཀྱི་གསོལ་བ་རྒྱུན་བཞིན་ཐོབ།

བྱིན་རླབས་དང་དབང་བཞི་ངོམས་མེད་ཞུ།

རྒྱུ་འབྲས་དེ་ཞིང་གི་ས་བོན་འདྲ།

རང་རྒྱུད་ཀྱི་རྟོག་པ་མ་ཟད་བར།

དཔྲལ་བའི་མིག་རྡུལ་ཅི་བཞིན་སྲུང།

འདུ་བྱས་དང་མ་བྱས་པ་ཡི་ཆོས།

ཉིན་མཚན་གཉིས་བར་མཚམས་མེད་པ་རུ།

བླ་མ་ཡི་བཀའ་དང་ལུང་རིག་ལྟར།

གྲོགས་བརྩོན་འགྲུས་ཧུར་བསྐྱེད་ཉམས་སུ་ལེན།

ལུས་ལས་རུང་དལ་འབྱོར་ཐོབ་བཀའ་དང་།

སེམས་ལས་རུང་འཆི་བ་མི་རྟག་དོན།

ཡུད་ཙམ་གྱིས་ལོང་མེད་རང་རྒྱུད་ལ།

རྒྱུད་ངེས་འབྱུང་མ་ཤར་བར་དུ་སྒོམ།

ལས་འཇིག་རྟེན་འཁོར་བའི་ཉེས་དམིགས་དང་།

དགེ་སྡིག་གི་རྒྱུ་འབྲས་སྨིན་ཚུལ་སོགས།

ཞེན་ལྡོག་གི་བོན་ལ་བློ་འབྱོང་དགོས།

དགེ་ཡོངས་ཀྱི་རྩ་བ་བྱང་ཆུབ་སེམས།

གཞི་རྣམ་པར་དག་པས་བློས་བླང་ཞིང་།

ཡུལ་ཞིང་དག་དཀོན་ཚོགས་རྣམས་ལ།

སེམས་ཤིན་ཏུ་དད་པས་སྐྱབས་སུ་འགྲོ།

སྒྲིབ་སྦྱོང་དང་ཚོགས་བསགས་ཡན་ལག་བརྩོན།

གནད་རང་རྒྱུད་སྨིན་པའི་རྩ་བ་སྟེ།

ཕ་བླ་མའི་གསོལ་འདེབས་གནད་བསྣུན་སྒོམ།

འཁོར་འདས་ཀྱི་རུ་ཤན་དབྱེ་བ་དང་།

བློས་བྱས་ཀྱི་ཞི་གནས་གོམས་པར་གྱིས།

འཁོར་འདས་གཉིས་ཀྱི་རྩ་བ་སེམས།

འབྱུང་བའི་ཁུངས་དང་གནས་པའི་ས།

འགྲོ་བའི་ཡུལ་སོགས་གང་འདྲ་སྣང་།

སོ་སོར་སྣང་དང་མི་སྣང་ལྟོས།

སྣང་བ་རྟག་པའི་མཐའ་རུ་གོལ།

མི་སྣང་ཆད་པའི་མཐར་ལྟུང་ངེས།

གཉིས་སུ་བཟུང་ན་རང་བཞིན་འཁྲུལ།

དོན་རང་སེམས་ངོ་བོ་འཕྲོད་པ་ན།

ངོ་བོ་སྟོང་ལ་རང་བཞིན་གསལ།

མཚན་ཉིད་དབྱེ་རུ་མེད་པའི་དོན།

འཛིན་མེད་བདེ་སྟོང་ལྷན་ནེ་བ།

ཉམས་སུ་མྱོང་ཡང་བཤད་མི་ཤེས།

དཔེ་ལྐུགས་པས་བུ་རམ་ཟོས་དང་མཚུངས།

དོན་སེམས་ངོ་འཕྲོད་པ་དེ་ལ་ཟེར།

ལུས་ཆུ་ཡི་ལྦུ་བ་ལྟ་བུ་དང་།

ངག་སྒྲ་སྙན་པི་ཝང་རྒྱུན་ཐག་ལྟར།

ཡིད་ན་བུན་རང་བཞིན་སོང་བ་ལྟར།

དཔེ་དོན་དང་མཚུངས་ན་རང་ངོ་འཕྲོད།

ལུས་རྟག་འཛིན་བྲལ་ན་བོན་སྐུ་འགྲུབ།

ངག་བདེན་འཛིན་བྲལ་ན་ལོངས་སྐུ་འགྲུབ།

ཡིད་འཁྲུལ་འཛིན་དག་ན་སྤྲུལ་སྐུ་འགྲུབ།

གཞི་ཡེ་སངས་རྒྱས་པའི་ངོ་བོ་དེ།

དོན་རང་སེམས་འདི་ལ་ཟེར་བ་ཡིན།

གཞི་གཅིག་ལ་སྣང་ཚུལ་གསུམ་དུ་འཆར།

སེམས་གནས་པ་འགྱུ་བ་རིག་པ་གསུམ།

གཞི་རང་བཞིན་ངང་དུ་སང་ངེ་བ།

དེ་ལ་གནས་པ་ཟེར་བ་ཡིན།

ལམ་ཧྲིག་གེ་དུར་དུར་ཧྲིག་གེ་བ།

དེ་ལ་འགྱུ་བ་ཟེར་བ་ཡིན།

འབྲས་དབྱེར་མེད་ཧར་གྱིས་གྲོལ་བ་ན།

རིག་པ་དེ་ལ་ཟེར་བ་ཡིན།

དོན་གནས་འགྱུ་རིག་གསུམ་ངོ་བོ་གཅིག

དེ་བཅོས་མེད་ངང་དུ་ལྷན་ནེ་བཞག

འཛིན་མེད་ཀློང་དུ་ཧྲིག་གེར་བཤིག

སྒྲིབ་མེད་ངང་དུ་རྒྱང་ངེར་འཚོས།

སྒོམ་མེད་ཡེངས་མེད་ངང་དུ་སྐྱོང་།

ནམ་མཁའ་ལྟ་བུའི་ལྟ་བ་དེ།

ཕྱོགས་ལྟུང་བྱུང་ན་གོལ་བ་ཡིན།

ཉི་མ་ལྟ་བུའི་སྒོམ་པ་དེར།

གསལ་སྒྲིབ་བྱུང་ན་འཁྲུལ་བ་ཡིན།

གང་བསྐོར་བདེ་བའི་སྤྱོད་པ་དེ།

བར་ནང་མདུང་བསྐོར་རྒྱབ་པ་འདྲ།

ཡངས་དོག་བྱུང་ན་ལྟུང་བ་ཡིན།

དོན་འཁོར་འདས་གཉིས་རང་དབང་མ་ཐོབ་པར།

ཐང་ལྷོད་མེད་པའི་བརྩོན་འགྲུས་རེམ།

ངལ་དུབ་མེད་པའི་དཀའ་སྤྱད་རེམ།

ཞེན་ཆགས་མེད་པའི་བརྟུལ་ཤུགས་རེམ།

རྟག་ཆད་བྲལ་བའི་ལྟ་བ་རེམ།

གསལ་སྒྲིབ་མེད་པའི་སྒོམ་པ་རེམ།

བདག་འཛིན་མེད་པའི་སྤྱོད་པ་རེམ།

རྣམ་པར་དག་པའི་དམ་ཚིག་རེམ།

ཐེ་སོམ་བྲལ་བའི་འབྲས་བུ་རེམ།

དོན་དེ་དག་ཚེ་འདིར་འགྲུབ་པ་ན།

ཕ་ངན་ང་ལས་ལྷག་པ་ཡིན།

སེང་ཕྲུག་ལྟ་བུའི་བུ་སྐྱེས་ཡིན།

གལ་ཏེ་ཚེ་འདིར་མ་འགྲུབ་ཀྱང་།

རྫོགས་ཆེན་གྱི་གདམས་ཟབ་འདི་ཐོབ་པས།

སླད་སྐྱེ་བ་མང་དུ་མི་རྒྱུ་ཞིང་།

སངས་རྒྱས་ས་རུ་ངེས་པར་ཟིན།

ཕ་ང་དང་དབྱེར་མེད་རྫོགས་སངས་རྒྱས།

ཐེ་ཚོམ་མེད་པའི་བློ་ཐག་ཆོད།

མགུར་འདི་ཡི་རྣམ་དཀར་དྲི་མེད་དག

སྤྲང་ང་ཡི་རྗེས་སུ་འཛིན་པ་ཡིན།

གང་ཐོས་སྨིན་གྲོལ་ནུས་ན་ཡང་།

དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །

།ཅེས་པ་ས་རྟ་ཟླ་བ་༢པའི་དགེ་ཚེས་སུ་སྤ་སྟོན་ཉི་མ་འབུམ་གསལ་ལ་རང་སློབ་དམར་དཔོན་བསོད་ནམས་ཉི་རྒྱལ་ནས་བསྐུལ་བའོ།

 

 

 
 
Re:ཐེག་ཆེན་ཉམས་སུ་ལེན་ཚུལ་གྱི་ངོ་སྤྲོད།
[ 2012/8/2 19:27:44 | By: yungdrun ]
 
yungdrunཆུག་གིས་དུག་དྲན་འོ་མེན་མི་ཤེས་དེ། སྣེ་ནི་ངོ་མིན་གདམས་ངེག་མར་ཀུ་ཚ་མོ་རེད་གདའ་ཁོ་རེ། ཉི་འགུ་ཉིན་ཨུ་སུ་རྐྱང་རྐྱང་ཁེལ་མ་རེག་ན། དོད་ངོ་མིན་ཟིས་རིས་མཁན་ཕོ་མགྱོགས་ཨ་རུ་སྣ་རྩིབ་གྱི་རེད་དཱ། ཧ་ཧ་ཧ་་་་་་་་་་་་་
 
 
Re:ཐེག་ཆེན་ཉམས་སུ་ལེན་ཚུལ་གྱི་ངོ་སྤྲོད།
[ 2012/8/2 12:03:57 | By: སྐུ་མགྲོན་Hmd5Gs(སྐུ་མགྲོན) ]
 
སྐུ་མགྲོན་Hmd5Gs(སྐུ་མགྲོན)ཨ་་་ གདའ་ལགས་་་ངུག་གིས་ཁེར་ཟིག་འོད་དྲན་སྡད་འོད། དུག་བསམ་ནས་བཏང་ཡིན་གདའ།
 
 
Re:ཐེག་ཆེན་ཉམས་སུ་ལེན་ཚུལ་གྱི་ངོ་སྤྲོད།
[ 2012/8/1 13:53:05 | By: yungdrun ]
 
yungdrunད་ངོ་མིན་་་་་་་་་སྲག་གཞན་ཁེལ་མ་གདའ་དཱ། སྦ་ཆེ་ཞན་ནི་ཆེ་ཞན། གདམས་ངག་ཟབ་ཞན་ནི་ཟབ་ཞན། ད་ཙིག་གདའ་ལེ་དེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.