ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13128


 

མི་རྟག་བསམ་ཞིང་ངེས་དོན་བསམ་ཚུལ་གྱི་མགུར།
[ 2012/8/1 21:30:00 | By: ཀུ་ས་ལི། ]
 

 

མི་རྟག་སྒོམ་ཞིང་ངེས་དོན་བསམ་ཚུལ་གྱི་མགུར

 

སྐྱབས་རྒྱལ་བ་ཀུན་གྱི་ངོ་བོ་སྟེ།

ཕ་བླ་མ་དྲན་མཆོག་རྣམ་བཞིར་མཁྱེན།

 བོན་མི་རྟག་རང་རྒྱུད་འཆར་བར་མཛོད།

སྙན་ལེགས་པར་གསོན་དང་ཨ་མ་ལགས།

བོན་མི་རྟག་ངེས་དོན་སྒོམ་ཚུལ་ཞུ།

སྤྱིར་བསྡུས་པ་སྣོད་བཅུད་སྣང་བའི་བོན།

ཀུན་མདང་གསུམ་རྨི་ལམ་ཤར་ཚུལ་གཉིས།

 དོན་ངེས་པར་བརྟག་ན་འཁྲུལ་ལུགས་གཅིག

 ཀུན་བདེན་མེད་སྒྱུ་མའི་ཡོ་ལོང་མངོན།

སེམས་སྣང་འཛིན་ཤར་ཐག་ཁྲིག་གེར་ཞོག

བཞག་པ་དེར་གསལ་མདངས་མ་སྒྲིབ་པར།

བཅོས་མེད་ཀྱི་ངང་དུ་ཁྲོལ་ལེར་ཤིག

 དེ་ཤིགས་སུ་བཤིག་པས་རྒྱ་ཡན་ངོས།

དོན་སྒོམ་མེད་ཡེངས་མེད་ངང་དུ་སྐྱོང་

 དགོས་ལུས་སེམས་ཟུང་འབྲེལ་བོན་ཅན་གང་།

སྐྱེ་རྒས་དང་ན་འཆི་ཡ་བཞི་ཟུང་།

སྡུག་བསྔལ་གྱི་སྣང་བ་ཅི་ཤར་ཡང་།

དེ་རང་རྒྱུད་རྟག་འཛིན་རྩ་བར་ཐུག

དཔེར་སྲིན་འབུའི་ཁ་ཆུའི་༼ཆུས༽རང་བཅིང་ལྟར།

དོན་དེ་བཞིན་མི་རྟག་སྒྱུ་མའི་དཔེ།

ལུས་འདི་ནི་ཆུ་ཡི་ལྦུ་བ་དངོས།

རྒས་ཚུལ་དེ་སྟོན་ཁའི་ཤིང་ལོ་ལྟར།

 ན་བ་དེ་རྡོ་ཐོག་བ་མོར་མཚུངས།

འཆི་བ་དེ་སྤོ་ཐོ་རྦབ་འདྲིལ་འདྲ།

གཉེན་ཕ་མ་བུ་རྒྱུད་ཟླ་རོགས་གང་།

དཔེར་ཤིང་ཁའི་བྱེའུ་འཚོགས་བྱེར་བ་འདྲ།

 དེ་ཞན་ཆགས་རྗེས་འཕྲིང་རྩ་བར་ལྟོས།

དགྲ་སེང་གེ་རང་གཟུགས་མཚོར་མཐོང་འདྲ།

 ཞེ་སྡང་མེད་མཐོང་མཁན་སེམས་ལ་ལྟོས།
ནོར་ཕྱུག་དབུལ་གང་སྟོང་དབྱར་སྐྱེས་ཆུ། 

 དེ་གཅིག་ལ་མི་གནས་འཕོ་འགྱུར་སྟོང་།

དོན་རྟག་པར་མ་འཛིན་རང་ཉིད་འཁྲུལ།

གནད་རྩ་བ་རྟག་འཛིན་སེམས་ལ་ཐུག

སེམས་ཀུན་ཡིན་འཁོར་འདས་ཐམས་ཅད་ཁོ།

གང་མ་ཡིན་རྡུལ་ཙམ་མཐོང་རྒྱུ་སྟོང་།

འདི་ཡིན་དང་འདི་མིན་ཐ་སྙད་བྲལ།

དོན་སྨྲ་བསམ་བརྗོད་བྲལ་ངོབོ་སྟོང་།

ལྷག་གེ་དང་ལྷན་ནེར་ཉམས་སུ་མྱོང་།

བདེ་གསལ་དང་མི་རྟོག་འདུ་འབྲལ་མེད།

འདི་སངས་རྒྱས་ཀྱི་དགོངས་པ་ཁོ་ནའོ།

དུས་ཉིན་མཚན་བར་མེད་སྒོམ་ནུས་ན།

བདེ་ཆེན་སར་མ་བསྒྲོད་སླེབ་པར་ངེས།

ད་དེ་སྔོན་ཚད་མེད་འཁྲུལ་བ་ཡི།

རྗེས་མ་འཕྲེང་རང་སེམས་རང་སར་ཞོག

སང་མི་རྟག་ལུས་སེམས་བྲལ་བའི་ཚེ།

 རང་རིག་དེ་དབུ་མའི་ལམ་ཞུགས་ན།

ཕ་བླ་མའི་ཐུགས་དང་དབྱེར་མེད་འདྲེས།

 གནས་ངན་གྱི་གཅོང་རོང་འདིར་མ་ཆགས།

 བདེ་ཆེན་གྱི་ཞིང་དུ་བྱོན་ན་ལེགས།

མགུར་འདི་སྨྲས་རྣམ་དཀར་དྲི་མེད་དགེས།

སྐལ་ལྡན་རྒྱུད་སྨིན་ཞིང་གྲོལ་བ་དང་།

 མཐར་རང་རེ་བདེ་ཆེན་ཞིང་མཆོག་དེར།

                  དོན་ཚོམ་བུ་རིགས་གཅིག་སངས་རྒྱས་ཤོག

།ཅེས་པ་འདི་ནི་སྤ་སྟོན་ཉི་མ་འབུམ་གསལ་ལ་ཊཀྐི་ལྷ་སྐྱིད་དཔལ་སྒྲོན་ནས་མི་རྟག་སྒོམ་ཞིང་ངེས་དོན་བསམ་ཚུལ་གྱི་མགུར་ཞིག་གནངདགོས་ཞུས་པ་བཀའ་ལན་འདི་གསུངས་སོ། 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.