ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13270


 

སྨོན་ལམ་རྒྱུན་ཁྱེར་ཉུང་བསྡུས།
[ 2012/8/1 11:38:00 | By: ཀུ་ས་ལི། ]
 

སྨོན་ལམ་རྒྱུན་ཁྱེར་ཆོག་པ་ཉུང་བསྡུས།
བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་།

བོན་སྐྱོང་དམ་ཅན་སྲུང་མའི་ནུས་མཐུ་དང་།

རང་རིག་རྣམ་པར་དག་པའི་བདེན་ཚིག་གིས།

སྨོན་པ་ཅི་བཞིན་མྱུར་དུ་འགྲུབ་འགྱུར་ཅིག

ལོ་ཀའི་ཁམས་འདིར་མི་བདེ་འཐབ་རྩོད་འཁྲུགས།

ནད་མཚོན་མུ་གེའི་བསྐལ་ངན་མི་བཟོད་ཀྱི།

གདོན་ཟླས་སྣ་འདྲེན་འབྱུང་པོ་མ་རུང་སྡེ།

ལྟ་ལོག་མཐའ་མི་དཔུང་བསྐུལ་སྐྱེ་འགྲོ་མནར།

འདི་དག་བསམ་པ་ཙམ་གྱིས་ཡིད་སུན་སྐྱོ།

རྒྱལ་བ་གང་ལས་ལྷག་པའི་ཐུགས་རྗེ་ཅན།

སྙིགས་དུས་འགྲོ་བ་སྐྱོབ་པའི་བཀའ་དྲིན་དཔལ།

འཆི་མེད་ཡབ་སྲས་གསུམ་སོགས་བསླུ་མེད་ཚོགས།

མ་གཡེལ་ཐུགས་རྗེའི་སྟོབས་རྩལ་མྱུར་ཕྱུང་ལ།

འདི་འདྲའི་བསྐལ་ངན་མིང་མེད་ཞི་བར་མཛོད།

འབྱུང་པོའི་སྟོབས་གཞོམ་མཐའ་དམག་དུས་འཁྲུག་ཟློག

བསྐལ་ངན་འདི་རྣམས་མིང་མེད་ཞི་བ་དང་།

ཐམས་ཅད་བདེ་སྐྱིད་རྫོགས་ལྡན་བསྐལ་པར་བསྐྱེད།

ཚེ་རིང་ནད་མེད་དཔལ་འབྱོར་རྟག་གནས་ཤོག

སངས་རྒྱས་བསྟན་སྲིད་སྤྱི་དང་ཁྱད་པར་དུ།

གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་བསྟན་གང་།

མངའ་རིས་སྟོད་སྨད་ཕྱོགས་ཀུན་དར་ཞིང་རྒྱས།

ཐུགས་མཐུན་དགེ་འདུ་རྒྱ་མཚོ་ཡོངས་འགེང་ཤོག

ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་ཞིང་།

ཕྱིན་བཅུའི་ལམ་ཞུགས་དགེ་བཅུའི་མཛོད་ལ་དབང་།

ལམ་གསུམ་རིམ་ཟིན་ཐེག་མཆོག་ནོར་བུ་ལོན།

ཚེ་འདིར་སངས་རྒྱས་གོ་འཕང་མངོན་ཐོབ་ཤོག

དེ་མཐུན་དུས་ཀྱི་རྒུད་པ་ཡོངས་ཞི་ཞིང་།

བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མངའ་ཐང་རྒྱས།

བསྟན་པའི་སྦྱིན་བདག་མི་ཕྱུག་སྲིད་པ་བསྐྱེད།

བསྟན་དང་དགེ་ལེགས་ཡོངས་སུ་རྟག་རོལ་ཤོག

མདོར་ན་མི་མཐུན་བྲལ་ཞིང་བསམ་པའི་དོན།

མ་ལུས་མཐུན་རྐྱེན་འབྱོར་དྲུག་བསམ་དགུ་འཕེལ།

དཔལ་ལྡན་བླ་མའི་ཐུགས་རྗེའི་རྗེས་བཟུང་ནས།

ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག

ཅེས་པ་འདི་ནི་སྤ་སྟོན་ཉི་མ་འབུམ་གསལ་ལ་དུས་རྐྱེན་འབྱུང་བཞིན་འདི་ལ་ཕན་པའི་སྨོན་ལམ་ཀུན་གྱིས་རྒྱུན་ཁྱེར་ཆོག་པ་ཉུང་བསྡུས་ཤིག་བསྩལ་དགོས་ཞུས་པས་ལན་འདི་གསུངས་སོ།

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.