ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2011/10/7 19:26:00 | By: ཀུ་ས་ལི། ]
 

སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོ་

མཆོག་གིགསུང་འབུམ་གྱི་རེས་ཟིག་སྐེམ་པའི་གདུང་སེལ་

གཙང་ཆབ་བདུད་རྩིའི་ཟེགས་མ།

 

ལུང་རྟོགས་བསྟ༵ན་པ༵་ཀེ་ལ་ཤ་རི་སྤ།།

ཕན་བདེའི་བཀའ་ཆབ་འཛད་མེད་རྒྱུན་དུ་འབྲུ༵ག །

ལྷང་ལྷང་གྲ༵གས་པ་རྣ་བའི་གསོས་གྱུར་པས།།

འགྲོ་དྲུག་སྐེམ་པའི་གདུང་སོགས་རྩད་ནས་གཅུན།།

 

ཞེས་མཆོད་བརྗོད་གཙང་ཆབ་ཟེགས་མས་མདུན་བསུས་ཏེ་སྐབས་དོན་ཅུང་ཟད་གླེང་བར་བྱ་བ་ལ་དམ་པ་དེ་ཉིད་ཀྱིས་གསང་གསུམ་གྱི་ཕྲིན་ལས་ཇི་སྙེད་སྤེལ་བ་རྣམས་བསྟན་དང་འགྲོ་བའི་དོན་དུ་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་གྱི་དོན་མཛད་པ་ཡིན་པས། དགོས་པ་ཆེ་ཞིང་རྣམ་གྲངས་ཀྱང་བསམ་མཐའ་ཡས་པས་སྐྱེ་བོ་ཕལ་པའི་རྟོག་དཔྱོད་ཀྱི་ཡུལ་དུ་འགྱུར་བར་དཀའ་ཞིང་འགྱུར་ཡང་མི་ཐུབ་པ་དངོས་པོའི་གཤིས་སུ་གྲུབ་མོད། འོན་ཏེ་ད་ལན་འདིར་གདུལ་བྱ་སེམས་ཅན་གྱི་སྒོ་གསུམ་ལའང་ལྟོས་ཏེ་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་བཞག་པའི་ཁོངས་སུ་གསུང་གི་མཛད་པའི་ཆ་ཤས་སུ་གྱུར་པ། ཁོ་བོས་མཐོང་རྟོགས་ཀྱི་ཡུལ་དུ་འབྱོར་བ་དམ་པ་གང་གི་ཞལ་ནས་ལྷང་ལྷང་དུ་བྱོན་པའི་གསུང་གི་བདུད་རྩི་དེ་རྣམས་མར་གྱུར་འགྲོ་བ་ཀུན་ཕྱམ་གཅིག་ཏུ་བླ་མེད་རྒྱལ་བའི་སར་མ་དགོད་བར། དེ་སྲིད་དུ་ཐོས་བསམ་གྱི་སྐལ་བཟང་དུ་བཞུགས་ཤིང་བརྟན་པའི་སླད་དུ་ཁོ་བོས་སློབ་གཉེར་གྱི་བར་གསེང་དུ་དཀར་ཆག་འདི་ཉིད་ཡི་གེར་བཏབ་པའི་ངལ་བ་ཅུང་ཟད་ཁུར་དུ་བླངས་པ་ཡིན་མོད། འདིར་མ་འཁོད་པའང་ལུང་ཁུགས་གྲོང་སོགས་ཀྱི་ནང་དུ་དཔེ་གླེགས་ཐལ་རྡུལ་གྱིས་ཕྱུག་པའི་ཕག་ཏུ་ཡིབ་པ་ཇི་སྙེད་ཅིག་བཞུགས་པར་དྭོགས་པས་རྣམ་དཔྱོད་བློ་གྲོས་ཀྱི་རྩ་ལག་འབུས་པའི་རྒྱ་ཆེའི་ཀློག་པ་པོ་གང་གིས་དེ་རིགས་མཁྱེན་མངའ་ཆུབ་པར་ལགས་ན་སྐུ་ཉིད་ཀྱིས་ཁོ་བོ་ལ་འབྲེལ་མཐུད་རོགས་འདེགས་བརྒྱུད་སྒྲོག་ངོ་སྤྲོད་ཀྱི་གསལ་བརྡ་སྤེལ་བར་ཅིས་ཀྱང་གསོལ་བ་འདེབས་པའོ། འོན་ཀྱང་གྲོགས་རིག་པའི་ཡེ་ཤེས་ཟླ་བོ་དང་ཁོ་བོ་ཟུང་ནི་རྣམ་པ་ཀུན་ཏུ་ལྷན་སྐྱེས་ཀྱི་ཚུལ་དུ་འདུ་འབྲལ་དབེན་པས་ཉེས་པའི་ཆ་ཅིས་ཀྱང་མཆིས་སྲིད་པ་ལྟ་ཅི་སྨོས། དེས་ན་གཟུར་གནས་མཁྱེན་དཔྱོད་ཀྱི་རིག་རྩལ་རྒོད་པའི་ཀློག་པ་པོ་རྣམས་ཀྱི་ལྷག་བསམ་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད་ཀྱཻ་ཞེས་འདི་ནས་རེ་འབོད་ཀྱིས་ནན་དུ་ཞུ་བའོ།།

 

--     གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་

         ཕྱག་བཞེས་རིན་ཆེན་ཚོགས་གཉིས་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག།།       ༡༩༢༩

--     གསས་མཁར་རིན་པོ་ཆེ་སྤྱི་སྤུངས་སྐུ་རྒྱུད་རྩོད་པ་ཟློག་པའི་རྒྱུད་ལས་དམ་རྫས་

         ཐམས་ཅད་ཀྱི་བདུད་རྩི་འོད་ཟེར་འཁྱིལ་བའི་སྒྲུབ་ཐབས་ཆོག་ཁྲིགས་གསང་ཆེན་     

         རིག་འཛིན་མཆོག་ལམ་ཡེ་ཤེས་ཟླ་བའི་སྣང་བ།། 

--     སྤ་ཡི་རིག་འཛིན་རྒྱུད་སྐོང་།།

--    འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་

         དར་བའི་དགའ་སྟོན་རྣལ་འབྱོར་རྐང་དྲུག་རྒྱས་པའི་མགྲིན་ངག 

--     སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་སྐྱེས་རབས་བླ་སྒྲུབ་བྱིན་རླབས་

          ཆར་འབེབས།།

--    འབྲས་རྩིས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བརྒྱ་དང་དྲུག་ཅུ་པ།།       ༡༩༢༨

--    ཀུན་བཟང་ཞི་བའི་བསང་མཆོད་མེ་ཏོག་སྤྲིན་སྤུངས།།

--     འབར་བ་ཁྲོ་བོའི་བསང་མཆོད་འབར་མ་མྱུར་ཞི།།

--     སྲིད་རྒྱལ་དྲེའུ་ནག་མོའི་ཚོགས་བསྡུས།།

-༡༠-   བསྟན་སྲུང་རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་སྒྲུབ་པའི་ཚོགས་བསགས་ཉུང་འདུས།།

-༡༡-   གཏོ་དཀར་ནག་ཁྲ་གསུམ་ཀུན་བཏུས་མན་ངག་གཏོ་སྒྲོ་ཆེན་མོའི་ཁ་སྒྱུར་

          ཉི་མའི་དྲ་བ།།

-༡༢-   འགྲེས་བྱང་ཤོག་གཅིག་དང་།   མདོས་ཕྲན་ཀུན་གྱི་འགྲེས་བྱང་། བཅའ་ཐབས།                      གསུར་མཆོད་བདུད་རྩི་ཀུན་ཚིམ།།

-༡༣-   སྔོ་ལ་བཟང་དྲུག་རྩི་སྨན་གྱི་ཚབ་སྟང་ཚབ་བཟོ་ནུས་པ་ཡོན་ཏན་ལྡན་པའི

         ཉེར་མཁོ།།

-༡༥-   མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་ཆོ་ག་བཅུ་གཉིས་ཀྱི་ལག་ལེན་བློ་གསལ་

           དགའ་སྟོན་དབང་གཞུ་བཀྲ་བའི་མཛེས་རྒྱན།།

-༡༦-  རྒྱུན་འཁྱེར་ཉེར་མཁོ་མདོར་བསྡུས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག།

-༡༧-  རབ་འབྱམས་བོན་གྱི་གཏེར་མཛོད་ལས་ཞི་བ་བདེར་གཤེགས་ཡོངས་རྫོགས།།

-༡༨-   བདེར་གཤེགས་རིག་འཛིན་དགོངས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་

         ཚོགས་བསགས་མར་མེའི་ཤོག་ཆུང་།།

-༡༩-   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་ཞི་

          དྲག་གི་ཕྱག་གི་ཁ་སྐོང་རྒྱུད་ཕྱག་ཨུཏྤལ་ཕྲེང་བ།།

-༢༠-   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་

         རྒྱུད་ལས་སྨན་མཆོད་ཁ་སྐོང་།

-༢༡-   བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་

         རྒྱུད་ལས་རྒྱུད་སྐོང་མན་དྷ་ར་བའི་མཆོད་སྤྲིན།།

-༢༢-  བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་

          རྒྱུད་ལས་བདུད་རྩི་སྨན་གྱི་བྱང་བུ་འོད་དཀར་སྣང་བ།།

-༢༣-  བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་

          རྒྱུད་ལས་གཏེར་བདག་སྡེ་ལྔའི་མཆོད་ཐབས་ཕྲིན་ལས་ཡོངས་སྒྲུབ།།

-༢༤-  རྒྱལ་བ་དམུ་སྲས་མགོན་པོའི་རྣམ་ཐར་རྟོགས་བརྗོད།།

-༢༥-  དུས་འཁོར་གྱི་རྒྱུད་ལས་བྱུང་བའི་སྣང་གསལ་རིག་པའི་རྩིས་མོ།།

-༡༦-  ཁྲོ་རྒྱལ་སྟག་ལའི་ཀ་བསྟོད་རྒྱལ་བསྟན་པད་ཚལ་བཞད་པའི་སྣང་སྒྲོན།།

-༢༧-  བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་

          རྒྱུད་ལས་རྒྱུད་འདེབས་བྱིན་རླབས་མྱུར་འཇུག།

-༡༨-   བདེར་གཤེགས་རིག་འཛིན་དགོངས་པ་འདུས་པ་འཆི་མེད་གསང་བ་སུམ་དྲིལ་གྱི་

        རྒྱུད་ལས་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཕྱག་བཞེས་རིན་ཆེན་གཏེར་གྱི་སྒོ་འབྱེད་ 

          གསང་དོན་གསལ་བའི་ཨ་དར་ཤ།

-༢༩-   ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་སྐོང་ཟད་མེད་

         གཏེར་ཆེན།།

-༣༠-   མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་སྒྲུབ་མན་ངག་གནད་འདུས་ཀྱི་སྐྱབས་སེམས་

         གསོལ་འདེབས་ཉུང་འདུས།།

-༣༡-   མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་སྒྲུབ་མན་ངག་གནད་འདུས་ཀྱི་རྒྱུད་སྐོང་།།

-༣༢-  མ་རྒྱུད་མཁའ་འགྲོ་དགོངས་པ་ཀུན་འདུས་གསས་མཁར་སྡེ་ལྔ་ལས་བརྒྱུད་པའི་

         གསོལ་འདེབས་སྤྲིན་གྱི་རྔ་སྒྲ།

-༣༣-  ཞབས་བརྟན་གསོལ་འདེབས།

-༣༤-  རྟེན་འབྲེལ་དྲུག་ལྡན་ཚོགས་གླུ་དཔྱིད་ཀྱི་དཔལ་མོའི་འགྱུར་ཁུག

-༣༥-  རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་མངའ་གསོལ།།

-༣༦-  རྒྱལ་ཆེན་ཤེར་ཁྲབ་ཅན་གྱི་དགོངས་གསོལ།།

-༣༧-  རྩ་གསུམ་ཐུགས་དམ་རྒྱུད་སྐོང་ཨུཏྤལ་དགྱེས་སྐོང་།།

-༣༨-  རྩ་གསུམ་སྐོང་བཤགས་ཉུང་བསྡུས།།

-༣༩-   འཇིགས་བྱེད་གཤིན་རྗེ་ཁྲོས་པའི་གསང་རྒྱུད་དུག་མཚོ་ཁོལ་མ་ལས་བྱུང་བའི་ལས་

           རིམ་ཕུང་བྱེད་ནག་པོ་ལག་ཏུ་ལེན་པའི་ཕྱག་བཞེས་རྡོ་རྗེའི་ཕྲེང་བ།།

-༤༠-  ཆུ་ལམ་བྱེད་ཐབས།།

-༤༡-  ཞལ་གདམས་ཐོར་བུ་སྣ་ཚོགས།།

-༤༢-  བྱ་སྤྲང་ངན་པའི་བསམ་ཚུལ་འབེལ་གཏམ།།

-༤༣-  རྟོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་གནད་ཅུང་ཙམ་ཞུ་བ།།

-༤༤- གཞན་ཕན་འཕོ་བ་བཏབ་ཚུལ་གྱི་གདམས་པ།།

-༤༥-  སྤ་དགོན་གཡུང་དྲུང་རབ་བསྟན་གླིང་གི་གསོལ་འདེབས།།

-༤༦- དཔལ་ས་གསུམ་ནས་འགྲན་ཟླ་བྲལ་བ་དྲིན་ཆེན་རྩ་བའི་བླ་མ་མཆོག་གི་རྣམ་པར་

        ཐར་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་ཕྱག་ཨུཏྤལ་དཀར་པོའི་ཕྲེང་བ།།

-༤༧- ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པ་ལམ་གྱི་རིམ་པ་འགྲེལ་བ་དང་

          བཅས་ཀྱི་མཐའ་དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་

          དགྱེས་གླུ།།

-༤༨-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དང་པོའི་སྨད་ཆ་སྲིད་ཁམས་ཀྱི་མཐའ་

          དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།།

-༤༩-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་གཉིས་པ་རྒྱུན་ཁམས་ཀྱི་མཐའ་དཔྱོད་

          དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།།

-༥༠-   ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་གསུམ་པ་སྣང་ཁམས་ཀྱི་མཐའ་དཔྱོད་

          དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༡-   ཤེར་ཕྱིན་གྱི་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བཞི་པ་སྟོང་ཁམས་ཀྱི་མཐའ་དཔྱོད་

          དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༢-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་ལྔ་པ་སོ་སོ་གསལ་བའི་ཁམས་ཀྱི་མཐའ་

           དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༣-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་དྲུག་པ་རིག་ཁམས་ཀྱི་མཐའ་དཔྱོད་

          དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༤-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བདུན་པ་དབྱིངས་ཁམས་ཀྱི་མཐའ་

         དཔྱོད་དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༥-  ཤེར་ཕྱིན་རྒྱན་འགྲེལ་དང་བཅས་ཀྱི་སྐབས་བརྒྱད་པ་མཉམ་ཁམས་ཀྱི་མཐའ་དཔྱོད་

            དབྱར་གྱི་རྔ་སྒྲ་བློ་གསར་མདོངས་མཐའ་དགའ་བའི་དགྱེས་གླུ།

-༥༦-   ཀ༽གཏན་ཚིག་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་རྣམ་གཞག་འཇིགས་མེད་སྨྲ་བའི་

         སེང་གེའི་གད་རྒྱང་ལྟ་ངན་གཉིས་འཐུང་གཞོམ་པའི་ང་རོ།

-༥༧ -   ཁ༽གཏན་ཚིག་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་རྣམ་གཞག་ལས།  རིག་ལམ་

          ཆུང་ངུའི་དགག་སྒྲུབ་སོགས་ཀྱི་སྐོར།

-༥༨-    ང༽གཏན་ཚིག་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་རྣམ་གཞག་ལས།  རིག་ལམ་ཆེ་

          བའི་སྡུད་ཚན་དྲུག་རྣམ་པར་བཞག་པ།

-༥༩-   ཅ༽གཏན་ཚིག་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་སྙིང་པོ་རིག་ལམ་

          ནོར་བུའི་ཕྲེང་བ།

སྨྲས་པ།     

འདི་སྦྱར་ལེགས་བྱས་ཧ་རིའི་སྡོང་པོ་ལས།།

ཕན་ནུས་དྲི་བསུང་ཕྱོགས་མེད་ཡོངས་འཐུལ་ཏེ།།

ཀུན་ལ་ལེགས་སོ་དགེ་བའི་དཔལ་སྨིན་ཅིང་།།

རྟག་ཏུ་ལོངས་སྤྱོད་སྐལ་བཟང་རྒྱུན་བསྲིང་ཤོག

 

 

 
 
Re:སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2017/11/17 15:05:12 | By: སྐུ་མགྲོན་8dt2WJ(སྐུ་མགྲོན) ]
 
སྐུ་མགྲོན་8dt2WJ(སྐུ་མགྲོན)གོང་དུ་བཏང་བའི་རྩོམ་འདི་རྣམས་ཀྱི་མ་ཕྱི་མཁོ་འདོན་བྱ་རྒྱུ་མཁྱེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བོད་ཀྱི་རྩོམ་རིག་གི་དཔེ་ཚོགས་ཤིག་པར་སྐྲུན་བྱ་རྩིས་ཡོད་པས། བོན་གྱི་དམ་པ་རྣམས་ཀྱི་བརྩན་ཆས་བསྡུ་དགོས་པས། གཤམ་གྱི་ཡིག་སྒྲོམ་དུ་བསྐུར་པར་ཞུ།1144232616@.qq.com
 
 
Re:སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2017/11/17 14:58:49 | By: སྐུ་མགྲོན་8dt2WJ(སྐུ་མགྲོན) ]
 
སྐུ་མགྲོན་8dt2WJ(སྐུ་མགྲོན)འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་དར་བའི་དགའ་སྟོན་རྣལ་འབྱོར་རྐང་དྲུག་རྒྱས་པའི་མགྲིན་ངག  །
དཔལ་ས་གསུམ་ནས་འགྲན་ཟླ་བྲལ་བ་དྲིན་ཆེན་རྩ་བའི་བླ་མ་མཆོག་གི་རྣམ་པར་ཐར་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་ཕྱག་ཨུཏྤལ་དཀར་པོའི་ཕྲེང་བ།།
རྒྱལ་བ་དམུ་སྲས་མགོན་པོའི་རྣམ་ཐར་རྟོགས་བརྗོད།།
ཁྲོ་རྒྱལ་སྟག་ལའི་ཀ་བསྟོད་རྒྱལ་བསྟན་པད་ཚལ་བཞད་པའི་སྣང་སྒྲོན།།
མ་རྒྱུད་མཁའ་འགྲོ་དགོངས་པ་ཀུན་འདུས་གསས་མཁར་སྡེ་ལྔ་ལས་བརྒྱུད་པའི་གསོལ་འདེབས་སྤྲིན་གྱི་རྔ་སྒྲ།
ཞབས་བརྟན་གསོལ་འདེབས།
རྟེན་འབྲེལ་དྲུག་ལྡན་ཚོགས་གླུ་དཔྱིད་ཀྱི་དཔལ་མོའི་འགྱུར་ཁུག
ཞལ་གདམས་ཐོར་བུ་སྣ་ཚོགས།།
བྱ་སྤྲང་ངན་པའི་བསམ་ཚུལ་འབེལ་གཏམ།།
དཔལ་ས་གསུམ་ནས་འགྲན་ཟླ་བྲལ་བ་དྲིན་ཆེན་རྩ་བའི་བླ་མ་མཆོག་གི་རྣམ་པར་
ཐར་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་ཕྱག་ཨུཏྤལ་དཀར་པོའི་ཕྲེང་བ།།
 
 
Re:སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2011/10/19 17:16:09 | By: སྐུ་མགྲོན་027Iy4(སྐུ་མགྲོན) ]
 
སྐུ་མགྲོན་027Iy4(སྐུ་མགྲོན)སྐུ་ཉིད་ཀྱིས་བསྟོད་བསྔགས་དང་སྦྲགས་ཏེ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། ངོས་ནས་ཀྱང་མུ་མཐུད་དེ་ལྟར་བྱ་ངེས་ཡིན། རྟག་ཏུ་གཟིགས་མོར་ཕེབས་པར་དགའ་བསུ་ཡོད།
 
 
Re:སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2011/10/19 0:06:07 | By: tibonthang(སྐུ་མགྲོན) ]
 
tibonthang(སྐུ་མགྲོན)གཡུང་དྲུང་ཡོན་ཏན་ཉིད་ཀྱིས་འབྲུག་རིན་པོ་ཆེའི་གསུང་རྩོམ་དཀར་ཆག་གང་འཚམས་ཞིག་དཔྱད་ཞིབ་གནང་བར་ལེགས་སོའི་གནས་སུ་མཆིས། ད་དུང་མུ་མཐུད་ཞིབ་དཔྱད་གནང་གལ་ཆེ།
 
 
Re:སྤ་སྟོན་ཆེན་པོ་གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱི་གསུང་འབུམ་གྱི་དཀར་ཆག
[ 2011/10/9 21:44:17 | By: tibetmonk ]
 
tibetmonkཟིན་ཐོ་ཡག་པོ་སྤེལ་བར་དགའ་བསུ་ཡོད།
གཤམ་དུ་younten་ལགས་ཀྱིས་ལན་སློག་པ་ནི་
ཕེབས་གཟིགས་གནང་ནས་ཕྲན་ལ་ངོ་སོ་ཡང་བསྟོད་པས་བཀའ་དྲིན་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.