ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13038


 

༡༽གནས་མཆོག་སྤུ་རྒྱལ་གངས་ཆེན་གྱི་གསོལ་འདེབས། 
[ 2012/7/28 17:11:00 | By: ཀུ་ས་ལི། ]
 

 


གནས་མཆོག་སྤུ་རྒྱལ་གངས་ཆེན་གྱི་གསོལ་འདེབས་

བསམ་པ་མྱུར་འགྲུབ།

 

ཨེ་མ་ཧོ།

མཁའ་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས།

སྐུ་གསུམ་རྫོགས་པའི་སངས་རྒྱས་བསམ་མི་ཁྱབ།

ཁྱད་པར་རྣམ་མཁྱེན་གཤེན་རབ་མི་བོ་སོགས།

སངས་རྒྱས་སེམས་དཔའ་ཚོམ་བུ་གྲངས་མེད་སྡེ།

འདྲེན་པ་བླ་མེད་ཚོགས་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

རྩོད་དུས་རྟུལ་ཤུགས་སྟོབས་ཀྱིས་འགྲོ་བ་འདུལ།

སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་འབྱུང་གི།

གནས་གཏེར་སྨོན་ལམ་གང་ཡང་བསྐྱེད་པའི་དཔལ།

འཕགས་མཆོག་གྲུབ་པའི་སྡེ་དང་ཁྱད་པར་དུ།

དམུ་རྒྱལ་ནམ་མཁའ་སྣང་བ་མདོག་ཅན་གནས།

དབང་གི་ཆུ་བོ་བདུན་དང་ཡབ་སྲས་གསུམ།

འཆི་མེད་གྱེར་སྤུང་ཚོགས་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

བདེར་གཤེགས་དགོངས་པའི་སྒྱུ་འཕྲུལ་ངེས་པའི་ཞིང་།

དེ་ཡི་གདུང་སོབ་བྱིན་རླབས་གནས་ཀྱི་རི།

དཔལ་གྱི་བོན་རི་ལ་སོགས་འཛམ་གླིང་རི།

སྟོད་སྨད་འདུ་གནས་དག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

དུས་བབ་སྦས་པའི་གསང་གནས་ཁྱད་པར་འཕགས།

གངས་རྒྱལ་ཏི་སེ་སྤུ་རྒྱལ་ལྷ་རྩེ་དང་།

རྨ་རྒྱལ་པོམ་ར་ཤམ་པོ་གངས་དཀར་དང་།

རྒྱམ་གྱི་རྡོ་ཐི་རུ་མ་ཉི་ཕྲོམ་དང།

ཁ་བ་གླང་རི་ལ་སོགས་གངས་དཀར་བདུན།

གཡུང་དྲུང་བོན་བསྟན་འགྱུར་ནུབ་མེད་པའི་རྟགས།

དབྱར་ལ་མི་ཞུ་དགུན་ལ་མི་གྲང་བའི།

རྒྱ་ཡིས་བཏབ་ནས་གནས་ཀྱི་མཆོག་ཏུ་འཕགས།

སྤྲུལ་པའི་གནས་ཆེན་དག་ལ་གསོལ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱི་རློབས།

ཁྱད་པར་སྤུ་རྒྱལ་གངས་ཆེན་གནས་ཀྱི་མཆོག

ཕྱོགས་བཞིར་ལྟས་ཚུལ་རྣམ་བཞི་ངོ་མཚར་ཅན།

དབལ་གཡག་དཀར་པོ་འགྱིང་འདྲའི་རི་བོ་དེར།

སྣང་མདོག་ལ་སོགས་གྲུབ་པའི་རིག་འཛིན་གྱིས།

དབང་ཆེན་ངོ་མཚར་རྒྱས་པའི་སྒྲུབ་པ་མཛད་།

གངས་རྒྱལ་ཏི་སེ་ཉིད་དང་དབྱེར་མེད་པའི།

བྱིན་རླབས་སྦས་གནས་མཆོག་བསྔགས་གསུང་བྱིན་རླབས།

གཏེར་བདག་ཡུམ་སྲས་ལྔ་ཡིས་བཀའ་གཉེར་མཛད།

སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

དེ་མདུན་མ་བདུན་ཕོ་བྲང་གསང་མཚོ་འཁྱིལ།

མཚོ་དབུས་མཁའ་འགྱིང་ལྷ་མོ་རྟག་དུ་གནས།

བཀའ་ཡི་གཉེར་བློན་ལྷ་ཡི་དགེ་བསྙེན་བཞུགས།

གཡས་གཡོན་ལྷ་ལྕམ་ལྷ་སྲས་རྟེན་པའི་གནས།

གཡོན་རྒྱབ་སྦས་ཡུལ་བདུན་བརྒྱ་དྲུག་ཅུ་ཙམ།

ཤོང་པའི་ཡུལ་བུ་ངོ་མཚར་ཁྱད་པར་ཅན།

སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆོད་ཞི་བ་དང་།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱི་རློབས།

དབུས་རི་དཔལ་ཆེན་དགུ་པའི་ཕོ་བྲང་ཚུལ།

སྤྱི་སྤུང་དབང་ཆེན་ངོ་མཚར་རྒྱས་པ་སོགས།

གསང་སྔགས་བཀའ་ཆེན་བརྒྱད་ཀྱི་ལྷ་ཚོགས་བཞུགས།

ཕྱི་རིམ་སྤོང་སྒྱུར་གྲོལ་གསུམ་འདུལ་མཛད་ལྷ།

དཀྱིལ་འཁོར་བཅས་ཏེ་བཀོད་པའི་རྣམ་པར་གསལ།

ཕྱོགས་མཚམས་མཚོ་ཆེན་ཉི་ཤུ་རྩ་གཉིས་ལ།

ཕྱི་ལྟར་ཀླུ་ཆེན་རྩ་གཉིས་ཕོ་བྲང་གནས་།

ནང་ལྟར་རྒྱུད་སྲུང་ཉེར་གཉིས་མི་གཡེལ་འཁོར།

གསང་བ་མ་སྲིང་མཁའ་འགྲོ་འདུ་བའི་གནས།

རིགས་རྟགས་འབར་བའི་ཕ་ཕོང་སོ་གཉིས་ལ།

སྐུ་གསུངས་ཐུགས་ཀྱི་བཀའ་རྟགས་རྣམ་པར་བཀྲ།

ངོ་མཚར་བྲག་གི་དོ་ཆད་བཅུ་གཉིས་ལ།

རིག་འཛིན་གྲུབ་ཐོབ་ཉི་ཤུ་རྩ་བརྒྱད་ཀྱིས།

སྔགས་ཀྱི་དཀྱིལ་འཁོར་སོ་སོའི་སྒྲུབ་པ་མཛད།

བྱིན་འབེབས་གསང་ཆེན་ཞིང་དུ་ངེས་པར་རླབས།

ཟབ་གཏེར་ངེས་པའི་དཔེ་དང་ཁ་བྱང་དང་།

སྐུ་གཉིས་གསུང་ནི་ངེས་མེད་སྣ་ཚོགས་སྦས།

སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆད་ཀུ་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

ཕྱོགས་བཞིར་ཐོད་པ་བོར་ཆོག་དུར་ཁྲོད་དང་།

གོམ་པ་སྤོས་མཆོག་ས་གནད་མེ་ཏོག་གླིང་།

ཏིང་འཛིན་སྒོམ་མཆོག་གནས་དང་ཁྲུས་ཆོག་ཆུ།

གསུམ་དང་འཆི་མེད་ཚེ་ཡི་ཆུ་བཅས་བརྡོལ།

དབང་ཞུ་ཆོག་པའི་བྲག་དང་དུད་པ་ནི།

ཕོ་ཆོག་ལྗོན་པ་གསུམ་བཅས་ངོ་མཚར་ལྡན།

སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

གནས་ཆེན་དེ་ཡི་ཕྱོགས་ཀྱི་སྒོ་བཞི་ནི།

ཤར་ཕྱོགས་སྤུ་ཞེས་ཕྱི་སྒོ་གསང་དིལ་བྲག

རི་བྲག་དབྱིབས་ནི་མཆོང་གུར་ཕུབ་འདྲའི་ངོས།

མཆོད་རྟེན་ལྟ་བུའི་རྒྱ་ལ་རིན་པོ་ཆེ།

སྣ་ལྔས་བྲིས་པའི་སངས་རྒྱས་སྟོང་གི་མདོ།

ཕྱག་བསྐོར་མཆོད་པའི་རྟེན་ལ་གཏེར་དུ་བཞུགས།

གཡས་ཟུར་སྤང་སྟེང་དཀར་ཕྱོགས་ཟོ་དོར་གནས།

སྤུ་རྒྱལ་གནས་ཆེན་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

བར་སྒོ་གཡུ་འབྲུག་རི་ཡི་སྐེད་པ་རུ།

རྐྱང་ཞེས་བྱ་བའི་བྲག་གི་ཤར་ཕྱོགས་ནས།

ཚེ་དབང་རིག་འཛིན་གསང་འདུས་སྒྲུབ་པའི་གནས།

རྩོད་ཟློག་དཀྱིལ་འཁོར་ལྷ་ཚོགས་ཞལ་ཡང་གཟིགས།

གཡས་མདུན་བྲག་ངོས་ཚེ་དབང་ཞབས་རྗེས་གསལ།

དཀྱིལ་འཁོར་དེ་ཡི་སྒྲུབ་ཕྲན་མན་ངག་བཅས།

བྱང་ཆུབ་ཚོགས་ཆེན་འདྲ་ལ་གཏེར་དུ་བཞུགས།

མི་འགྱུར་གཡུང་དྲུང་འཁྱིལ་བའི་རྒྱ་རྟགས་གསལ།

འོད་ལྡན་མཁའ་འགྲོའི་སྒྲུབ་གནས་མེ་ཏོག་དབྱིབས།

དེའི་གསལ་ཐོན་བར་དོ་འཛུལ་ཆོགས་དང་།

གཡུ་བྲག་བར་མཐིལ་མཁའ་འགྲོའི་ཚོགས་ར་ཡོད།

གསང་བའི་ཕུག་མོར་བྱང་སེམས་བདུད་རྩི་འཁྱིལ།

སྟོང་རྒྱུང་དྲན་པ་ཀུན་གྲོལ་འོད་ལྡན་དང་།

གྱིམ་ཚ་རྨ་ཆུང་སོགས་ཀྱི་ཕྱག་མཚན་མཚན་དང་།

ཕྱག་ཞབས་སྐུ་རྗེས་བྲག་ལ་མང་དུ་ཡོད།

ཁྱད་པར་ཏིང་འཛིན་སྒོམ་མཆོག་ས་ཡི་གནད།

རིག་འཛིན་མཁའ་འགྲོའི་སྒྲུབ་གནས་དེ་རུ་གཅེས།

གནས་དེའི་ཤར་བྱང་ཕྱོགས་སུ་མདའ་རྒྱང་མཚམས།

གྱིམ་ཚས་སྒྲུབ་པའི་ཁྲུས་ཆོག་ཆུ་མིག་དང་།

ལྷ་ཀླུ་མི་ཡི་ནོར་སྣ་གཏེར་དུ་བཞུགས།

ལྷོ་ཤར་སྤང་བྲག་འདྲེས་པའི་ལྗོན་ཚལ་དུ།

སྦས་ཚུལ་སྙིང་འདྲའི་གཏེར་སྒྲོམ་ཕ་བོང་ནང་།

ཚེ་དབང་མཆོག་གི་ཐུགས་བཅུད་ཆ་ཚང་ཡོད་།

དེ་ཟུར་མཁས་པ་གསུམ་གྱི་སྒྲུབ་ཕུག་དང་།

ལྷོ་ཕྱོགས་བྲག་གི་ཁུང་བུ་དྲུག་གི་བདལ།

འདུལ་གཤེན་ཐུབ་པ་རིགས་དྲུག་རང་བྱོན་སྣང་།

དཀར་དམར་འདྲེས་མཚམས་འཛམ་བུ་འདུས་ལྗོན་ཤིང་།

རྔ་ཡབ་འདྲ་བའི་ཉེ་ཆར་རིན་པོ་ཆེ།

ཡོངས་སུ་འདུས་པའི་ས་སྣ་ངོ་མཚར་ཅན།

གནས་ཀྱི་སྲུང་མ་ལྷ་རྒོད་སྙིང་ཕྲོམ་མཛད།

སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

ནང་སྒོ་རི་ཆུང་གཡའ་བྲག་འདྲེས་ས་ལ།

གྲོལ་ལམ་ཟབ་རྒྱུད་ཆ་ཚང་གཏེར་དུ་བཞུགས།

དེ་གཡས་ཐོག་གཤེན་བརྒྱད་སྐུ་རང་བྱོན་གསལ།

ཉིན་ལུང་ཞེས་བྱ་མ་མོའི་བྲོ་རའི་གཡས།

རྟ་མཆོག་འདྲ་བའི་རི་བོ་མཁའ་འགྲོའི་གནས།

གཡོན་དུ་ཐོད་པ་བོར་ཆོག་དུར་ཁྲོད་ཡོད།

དེ་ཡི་བྱང་དུ་འབར་བའི་མཆོད་རྟེན་དགུ།

མེ་ཏོག་གླིང་ཁྱིམ་མཁའ་འགྲོའི་གསང་ལམ་དོད།

གོམ་པ་སྤོར་ཆོག་ས་སྙིང་ཐིག་ལེ་གཅིག

སྤུ་རྒྱལ་གནས་ཆེན་མཆོག་ལ་གསོལ་བ་འདེབས།

ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།

བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།

བྱང་ཕྱོགས་རྐྱང་ཞེས་ཕྱི་སྒོ་ཆུ་གསུམ་མདོ།

རི་བྲག་བ་གླང་གཙུག་འདྲར་གནོད་སྦྱིན་འཚོགས།

སྒྲུབ་རྟེན་གཏེར་དང་བླ་རྡོ་སྨོན་ལམ་རྟེན།

གཏེར་གྱི་སྲུང་མ་ཆུ་བདག་དགེ་བསྙེན་མཛད།

ཤར་ཕྱོགས་ཚལ་གླིང་ལྷ་མོའི་བླ་མཚོ་སྦས།

མུ་དགོད་བྱ་རྒྱུ། 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:༡༽གནས་མཆོག་སྤུ་རྒྱལ་གངས་ཆེན་གྱི་གསོལ་འདེབས།
[ 2012/8/16 21:01:43 | By: younten ]
 
yountenཁྲི་བསོད་བསྟན་ལགས་ཀྱིས་ཕེབས་གཟིགས་གནང་སྟེ་ལེགས་གདམས་ཀྱང་གནང་བར་ཐུགས་རྗེ་ཆེ་རྗེས་སུ་གཟིགས་སྐོར་མང་ཙམ་ཕེབས་པའི་རེ་བ་ཡོད། ཀུ་ས་ལིས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.