ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
1
2345678
9101112131415
16171819202122
23242526272829
3031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13103


 

ངེས་ཚིག་བདེན་པའི་བོན་ལུང་། 
[ 2011/10/24 3:55:00 | By: ཀུ་ས་ལི། ]
 


ངེས་ཚིག་བདེན་པའི་བོན་ལུང་།

རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ།

གང་དག་མཁས་པ་མཁས་པའི་གྲལ་ན་བ#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#ཙུན། མི་ཤེས་བླུན་པོའི་གསེབ་ན་ཅང་ཤེས་གླང་།

མཁས་པ་མིན་པས་མཁས་པའི་ཆ་འཛིན་ན། བླ་མ་མཁས་པའི་དོན་ལ་མི་གུས་པར།

རིགས་ཀྱི་རྒྱལ་ནས་ཆེ་ཆོས་བྱེད་པ་ནི། ཁང་སྟོང་སྒོ་ལྕགས་ཅན་དང་ཅི་མ་འདྲ།

བཙུན་པོ་མིན་པས་བཙུན་པོའི་ཚུལ་འཛིན་ཅིང་། ཆེ་གཉེན་༼གཉན་ ༽བཙུན་པོའི་གྲལ་གོང་འགྲིམས་པ་ནི།

མི་གཙང་དར་དུ་གཏུམ་དང་ཅི་མི་འདྲ། གསང་སྔགས་མིན་པས་གསང་སྔགས་ཁས་ལེན་ཅིང་།

སྦྱོར་སྒྲོལ་དྲག་པོའི་ལས་ལ་འཇུག་པ་དེ། འོད་དགའ་མེ་ལ་བསྙེགས་དང་ཅི་མི་འདྲ།

ཡེ་གཤེན་མིན་པས་ཡེ་གཤེན་ཁས་ལེན་ཅིང་། གཅིག་པུར་ལྐོག་ཏུ་གཡེང་བ་སྒྲུབ་པ་དེ།

རི་སྤྱང་གཟན་འཚོལ་དག་དང་ཅི་མི་འདྲ། ཐེག་ཆེན་མིན་པས་ཐེག་ཆེན་ཁས་ལེན་ཅིང་།

ཐེག་ཆེན་དོན་ལ་འཆད་ཉན་བྱེད་པ་དེ། བོང་བུས་སེང་ལྤགས་གོན་དང་ཅི་མི་འདྲ།

འདྲེན་པ་མིན་པས་འདྲེན་པ་ཁས་ལེན་ཅིང་། འདྲེན་པའི་སྟོན་པས་འགྲོ་དོན་བྱེད་པ་དེ།

གཉིས་སྦྲེལ་གཡང་ལ་མཆོངས་དང་ཅི་མི་འདྲ།  ཞེས་སོ།

གཟི་བརྗིད་བདུད་བཏུལ་བར་ཆད་བསལ་བའི་མདོ་ལས་ཟུར་དུ་བཏོན་པའོ།།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.