ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྤ་སྟོན་གཏེར་ཆེན་ཡེ་ཤེས་གཡུང་དྲུང་གི་བཀའ་གཏེར་གྱི་ཐོ་ཡིག
[ 2011/10/12 17:32:00 | By: ཀུ་ས་ལི། ]
 

 

སྤ་སྟོན་གཏེར་ཆེན་ཡེ་ཤེས་གཡུང་དྲུང་ངམ་ཨོ་


རྒྱན་གར་དབང་རདྞ་གླིང་པའི་བཀའ་གཏེར་གྱི་ཐོ་


ཡིག་
སྐྱ་རེངས་དང་པོའི་འོད་སྣང་།

 

བརྩེ་ཆེན་ཡེ༵་ཤེ༵ས་ཁྲི་གདུགས་གཞོན་ནུ་ལས།

སྲིད་པ་དུ༔ཁའི་མཚོ་འཁྱིལ་་སྐེམ་པའི་གཉེན།

བཀའ་གཏེར་གསུང་གི་ཚ་ཟེར་འབུམ་སྤྲོས་པའི།

གཟི་བྱིན་གཡུ༵་དྲུ༵ང་རི་དབང་དཀྱིལ་ནས་བཀྲ།

 

ཞེས་མཆོད་པར་བརྗོད་པས་འཇུག་པ་ལམ་གྱི་ཕྱི་ནང་གི་འགལ་རྐྱེན་རྣམས་བསལ་ཏེ་ལམ་སྲོང་བར་བྱེད་པ་ནི་སྔོན་འགྲོའི་སྦྱོར་བའོ། ཞོར་གཏོགས་དག་སྒྲིག་པས་འདིར་གླེང་བར་འདོད་པ་ཞིག་ནི་དེའང་རྒྱལ་དང་རྒྱལ་སྲས་འཕགས་པ་རྣམས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་རིགས་དང་རྟོགས་ཚད་ལ་སོགས་ལ་བསྟུན་པའི་གང་ལ་གང་འདུལ་གྱི་མཛད་སྤྱོད་ཇི་སྙེད་པ་ཀུན་རྣམ་དཔྱོད་ཀྱི་ཁོ་ལག་མ་བརྟས་པའི་སྐྱེ་བོ་ཕལ་དང་ཕལ་པས་མཐོང་རྟོགས་ཀྱིས་མི་ལོང་བ་ལྟ་ཅི་སྨོས་སྟེ་མི་ལོང་ངོ་། འོན་ཏེ་འདི་ན་ཁོ་བོས་དཔེ་སྐྲུན་གྱི་ཁུངས་མི་འདྲ་བའི་བརྟེན་འགྱུར་དུ་མའི་ཁྲོད་ནས་འཚོལ་སྡུད་བགྱིས་པ་ལས་དམ་པ་གང་གི་ཐུགས་ཀྱི་གསང་མཛོད་ནས་བརྡོལ་བའི་བཀའ་གཏེར་ཚད་མར་བྱོན་པ་སྐལ་བཟང་སྤྱོད་ཡུལ་དུ་འཕྲད་པ་རྣམས་རང་གཞན་གྱིས་ལྟ་རྟོག་ཉམས་ལེན་ལ་བཀོལ་བདེར་དམིགས་ཏེ། ཐོ་ཡིག་འདི་ཉིད་བཀོད་པའི་ངལ་བ་ཅུང་ཟད་ཁུར་དུ་བླངས་པ་ཡིན་མོད་ད་དུང་ཡང་འདིར་མ་གཏོགས་པ་ལུང་ཁུགས་གྲོང་ཁྲོད་སོགས་སུ་གང་མང་ལྷག་ཡོད་སྲིད་པར་དྭོགས་པས་ལྷག་བསམ་དང་ཤེས་འཇོན་གྱིས་ཕྱུག་པ་གང་གིས་ཀྱང་ཐུགས་ཀྱིས་མཁྱེན་མངའ་འབྱོར་བར་ལགས་ནའང་། དྲྭ་ལམ་སོགས་ནས་བརྡ་ཁྱབ་བརྒྱུད་སྒྲོག་གནང་བར་ཅིས་ནས་ཀྱང་མཁྱེན་མཁྱེན་ཞེས་གསོལ་བ་ལན་བརྒྱར་འདེབས་པའོ།།  ད་ནས་སྐབས་དོན་དངོས་ཀྱི་བཤད་བྱ་གཤམ་གསལ་གྱི་དཔེ་ཐོ་དངོས་ལ་གཞུག་པར་བྱ།

 

(༡)     གཏེར་འབྱུང་དུས་ཀྱི་ཕོ་ཉའི་གླུ་དབྱངས། ༼ གསུང་རྩོམ། ༽

(༢)     བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་སྲུང་བ་མི་ཤིག་བཙན་རྫོང་། ༼ གསུང་རྩོམ། ༽

(༣)     བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྦྱིན་སྲེག་མེ་དཔུང་དགུ་དྲིལ། ༼ གཏེར་མ། ༽

(༤)    བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྦྱིན་སྲེག་རྒྱུག་བྱང་མཆོད་པའི་མདེའུ་ཐུང་། ༼ གསུང་རྩོམ། ༽

(༥)     བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་རྩ་བའི་རྒྱུ་མཆོག་རིན་ཆེན་གཏེར་མཛོད། ༼ གཏེར་མ། ༽

(༦)    བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཁྲིད་རིམ་མདངས་གསལ་རྣལ་འབྱོར་རྒྱུན་སྤྱོད། ༼ གཏེར་མ། ༽

(༧)    བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་རིག་འཛིན་དགོངས་པ་ཀུན་འདུས་ལས་སྒྲུབ་གཞུང་མཁའ་འགྲོ་ངོ་མཚར་འབུམ་བཞད། ༼ གཏེར་མ། ༽

(༨)     བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ལས་བྱང་འདོད་འབྱུང་ནོར་བུ། ༼ གཏེར་མ། ༽

(༩)     རིག་འཛིན་དགོངས་པ་འདུས་པའི་རྒྱུད་ལས་ཉམས་སྐོང་དགའ་བའི་གཏེར་འབྱུང་།      

༼ གཏེར་མ། ༽

(༡༠)   བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་འཆི་མེད་སྐུ་གསུམ་གསང་བ་སུམ་དྲིལ་གྱི་གཞུང་། ༼ གཏེར་མ། ༽

(༡༡)   བདེར་གཤེགས་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཆར་འབེབས་བདུད་རྩི་འཁྱིལ་བ། ༼ གཏེར་མ། ༽ འདི་དག་གཏེར་བཞེས་པའི་དུས་ཚིགས་ནི། ༡༩༢༣ ལོར་ཡིན།

(༡༢)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྐོང་བ་དགྱེས་པའི་གླུ་དབྱངས། ༼ གཏེར་མ། ༽

(༡༣)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་གཏེར་སྲུང་སེང་ཧ་ཁྲོས་མའི་སྒྲུབ་པ། ༼ གཏེར་མ། ༽

(༡༤)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་མ་ཅིག་བཀའ་སྲུང་ལྷ་མོའི་བསྐུལ་པ། ༼ གཏེར་མ། ༽

(༡༥)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་འཆི་བདག་གཤིན་རྗེ་ནག་མོའི་སྒྲུབ་ཐབས། ༼ གཏེར་མ། ༽

(༡༦)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཚེ་དབང་སྒྲུབ་པ་ཚེ་ལུང་ཡང་སྙིང་། ༼ གཏེར་མ། ༽

(༡༧)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་འཆི་མེད་བདུད་རྩི་སྨན་གྱི་སྒྲུབ་ཐབས། ༼ གཏེར་མ། ༽

(༡༨)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཐུགས་སྒྲུབ་གསང་བ་ཡང་ཞུན། ༼ གཏེར་མ། ༽

(༡༩)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཡང་བྱང་ཐུགས་ཀྱི་སྒྲུབ་པ། ༼ གཏེར་མ། ༽

(༢༠)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྲུང་ཟློག་ལས་བྱང་མེ་དཔུང་དགུ་དྲིལ། ༼ གཏེར་མ །༽

(༢༡)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཡང་གསང་བདུ་རྩི་སྨན་གྱི་དབང་ཆོག ༼ གཏེར་མ། ༽

(༢༢)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་དབང་ཆོག་བདུད་བཞི་ཟིལ་གནོན། ༼ གཏེར་མ། ༽

(༢༣)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྲུང་ཟློག་ཤམ་བསྒྱུར། ༼ གཏེར་མ། ༽

(༢༤)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་རྩང་རབས་མ་མོ་དམ་འདུས། ༼ གཏེར་མ། ༽

(༢༥)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྲུང་ཟློག་བྱད་མ་གཏིང་ལེན། ༼ གཏེར་མ། ༽

(༢༦)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྨད་ལས་ཟློག་པའི་རྗེས་ཆོག ༼ གཏེར་མ། ༽

(༢༧)  དེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཟོར་ལས་ཐོག་མོ་དགུ་སྒྲིལ། ༼ གཏེར་མ། ༽

(༢༨)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སྦྱིན་སྲེག་ཆ་ལག་ལས་བཞི་ཀུན་ཚང་། ༼ གསུང་རྩོམ། ༽

(༢༩)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཙཀྲ་གསེར་གྱི་བུམ་བཟང་། ༼ གཏེར་མ། ༽

(༣༠)   བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་གཉེན་རིམ་སྲུང་བ་རྡོ་རྗེའི་གོ་ཁྲབ། ༼ གཏེར་མ། ༽

(༣༡)   ཚོགས་གླུ་དཔྱིད་ཀྱི་དཔལ་མོའི་འགྱུར་ཁུག ༼ གསུང་རྩོམ། ༽

(༣༢)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་ཐོག་སྲུང་གནམ་ལྕགས་འཁོར་ལོ། ༼ གཏེར་མ། ༽

(༣༣)  བདེར་གཤེགས་རིག་འཛིན་དགོངས་པ་ཀུན་འདུས་འཆི་མེད་གསང་བ་སུམ་དྲིལ་གྱི་རྒྱུད་ལས་སེར་སྲུང་སྤུ་གྲི་རེག་གཅོད། ༼ གཏེར་མ། ༽ ༼འདི་ཡན་གཏེར་གནས་ཟླ་གམ་ཕུག་པ་དང་དབལ་བོན་རུ་ལག་ཤེལ་རི་ཕྱུག་མོ་ནས་ཐོན།༽

(༣༤)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔ་མཁའ་འགྲོ་དགོངས་པ་འདུས་པའི་ཐུགས་སྒྲུབ་གསང་བ་གསང་ཆེན་སྒྲུབ་པ། ༼ གཏེར་མ། ༽

(༣༥)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་སྐོང་  བཤགས་ཉམས་གསོ་རབ་སྐོང་། ༼ གཏེར་མ། ༽

(༣༦)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་འཆི་མེད་ཚེའི་སྒྲུབ་པ། ༼ གཏེར་མ། ༽

(༣༧)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་ཐུགས་ཀྱི་སྒྲུབ་པ་མན་ངག་གནད་འདུས། ༼ གཏེར་མ། ༽

(༣༨)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་བདག་ལུས་ཚོགས་འཁོར་རྒྱུན་སྐྱོང་ནོར་བུའི་དོ་ཤལ། ༼ གཏེར་མ། ༽

(༣༩)   ཟབ་ལམ་མ་རྒྱུད་མཁའ་འགྲོ་དགོངས་འདུས་རྒྱུད་ལས་དུར་གཅོད་རོ་སྙོམས་མན་ངག་གཉེན་ས་ལམ་འཁྱེར། ༼ གཏེར་མ། ༽

(༤༠)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་ལས་བྱང་དགའ་བའི་གཏེར་ཆེན། ༼ གཏེར་མ། ༽

(༤༡)  ཟབ་ལམ་མཁའ་འགྲོ་འབུམ་རྫོགས་མ་རྒྱུད་གསས་མཁར་སྡེ་ལྔའི་རྒྱུད་ལས་གསང་རྒྱུད་གྲུབ་ཚོགས་ཀྱི་སྒྲུབ་པ། ༼ གཏེར་མ། ༽

(༤༢)  མ་རྒྱུད་གསས་མཁར་སྡེ་ལྔ་ལས་ཐུགས་སྒྲུབ་གནད་འདུས་ཀྱི་སྐོང་བཤགས་སྤྲིན་གྱི་མེ་ཏོག

༼ གསུང་རྩོམ། ༽ མ་རྒྱུད་སྐོར་གྱི་བོན་སྡེ་འདི་དག་གི་གཏེར་གནས་གྱིམཤོད་ཤེལ་ལེ་རྒྱ་སྐར་ལགས་སོ།

སྨྲས་པ།

འདི་སྦྱར་ལས་བྱུང་བསོད་ནམས་གྲུ་ཆར་རྒྱུན།

ལུས་ཅན་དུ༔ཁའི་ཚ་གདུང་ཕོག་པའི་གསོས།

བདེ་ལེགས་བསིལ་བའི་བཤེར་གྱིས་རབ་བརླན་ཏེ།

སྤངས་རྟོགས་འབྲས་བཟང་ལོ་འདབ་སྨིན་པར་ཤོག

ཅེས་པ་འདི་ལྟར་སྦྱར་བ་ལས་རྣམ་དཀར་བསོད་ནམས་ཀྱི་དགེ་ཚོགས་ཕྲ་རགས་གང་མཆིས་པ་རྣམས་ལུས་ཅན་ཀུན་འཁོར་བའི་སྡུག་བསྔལ་སྤྱི་དང་བྱེ་བྲག་གིས་གདུང་བ་རྣམས་འཇོམས་པའི་གསོས་སུ་སྨིན་ཏེ། མངོན་མཐོའི་བདེ་འབྲས་དང་ངེས་ལེགས་ཐར་པ་ཆེན་པོའམ་སྤངས་རྟོགས་མཐར་ཐུག་གི་འབྲས་བཟང་སྨིན་བྱེད་ཀྱི་རྒྱུ་རུ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་མཇུག་བསྡུས་པ་ནི་རྗེས་ཀྱི་རིམ་པའོ།། ཐ་ཚན་སྨར་རོ།།

 
 
Re:སྤ་སྟོན་གཏེར་ཆེན་ཡེ་ཤེས་གཡུང་དྲུང་གི་བཀའ་གཏེར་གྱི་ཐོ་ཡིག
[ 2011/10/17 16:05:28 | By: yongdrom ]
 
yongdromདཔལ་གཤེན་བསྟན་ཐོབ་གསར་སྨན་རི་གླིང་དང་། དེ་བཞིན་བར་ཡུལ་ཁྲི་བརྟན་ནོར་བུ་རྩེ་སོགས་སུ་བཞུགས་པའི་རང་ཡུལ་སྦྲ་ཆེན་གྱི་སློབ་གཉེར་པ་ཡོངས་ལ་མཚམས་འདྲི་དང་། ལྷག་ཏུ་སྦྲ་ནག་གི་ཚང་གི་ཀུ་ས་ལེའི་ཟིན་བདག་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཉན་ཆེན་ཐང་ལྷ་ཞེས་པའི་ཟིན་བདག་གཡུང་མིང་པས། ཁྱུང་ཡུལ་ནས།
 
 
Re:སྤ་སྟོན་གཏེར་ཆེན་ཡེ་ཤེས་གཡུང་དྲུང་གི་བཀའ་གཏེར་གྱི་ཐོ་ཡིག
[ 2011/10/12 20:01:53 | By: snowyouth ]
 
snowyouthའགོ་བ་གཡུང་དྲུང་ཡོན་ཏན་ལགས། ཧི་བོན་ཟིན་བྲིས་སུ་སྦྲ་ནག་ཚང་གི་ཀུ་ས་ལིའི་ཟིན་བྲིས་བཟུང་བ་ལ་རྟེན་འབྲེལ་ཞུ་བཞིན་ཡོད། སླད་མར་རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་ཞང་བོད་རིག་གཞུང་སྐོར་གྱི་རྩོམ་ཡིག་གང་མང་དགྱེས་སྩོལ་གནང་བའི་རེ་བ་ཆེན་པོ་ཡོད། ཁྱེད་ཀྱི་ཡིག་སྒམ་ནང་རེ་ཞུ་ཡི་གེ་ཞིག་བསྐུར་ཡོད། ཉིད་ནས་གཟིགས་རོགས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.