ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྤ་སྟོན་ཆེན་པོ་ཉི་མ་འབུམ་གསལ་གྱི་གསུང་འབུམ་གྱི་དཀར་ཆག
[ 2011/10/2 18:51:00 | By: ཀུ་ས་ལི། ]
 

                སྐྱེས་བུ་ཆེན་པོ་སེམས་དཔའ་སུརྱ་ཁ་རིའི་གསུང་རྩོམ་གྱི་

                      དཀར་ཆག་ཉི༵་མ༵་གཞོན་ནུའི་འོད་སྣང་

                           འབུ༵མ་གས༵ལ་ཞེས་བྱ་བ།།

 

།།རབ་བརྗིད་སྐུ༵་དབ༵ང་གངས་དཀར་སྤོ་མཐོའི་རྩེར།།

།།ཚངས་པའི་གསུ༵ང་དབ༵ང་གདོང་ལྔའི་ང་རོ་ལྡིར།།

།།བརྩེ་ཆེན་ཐུ༵གས་དབ༵ང་ཉི༵་མ༵་གཞོན་ནུའི་ངོགས།།

།།ཡོ༵ན་ཏ༵ན་ཕྲི༵ན་ལ༵ས་གསེར་མདོག་འབུ༵མ་དུ་གས༵ལ།།

 

ཞེས་མཆོད་བརྗོད་ཉིན་བྱེད་འོད་འབུམ་གསལ་བས་དབུར་བརྒྱན་ཏེ་སྐབས་དོན་ཅུང་ཟད་གླེང་བར་བྱ་བ་ལ་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་གསང་གསུམ་གྱི་ཕྲིན་ལས་ཇི་སྙེད་སྤེལ་བ་རྣམས་བསྟན་དང་འགྲོ་བའི་དོན་དུ་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་གྱི་དོན་མཛད་པ་ཡིན་པས། དགོས་པ་ཆེ་ཞིང་རྣམ་གྲངས་ཀྱང་བསམ་མཐའ་ཡས་པས་སྐྱེ་བོ་ཕལ་པའི་རྟོག་དཔྱོད་ཀྱི་ཡུལ་དུ་འགྱུར་བར་དཀའ་ཞིང་འགྱུར་ཡང་མི་ཐུབ་པ་དངོས་པོའི་གཤིས་སུ་གྲུབ་མོད། འོན་ཏེ་ད་ལན་འདིར་གདུལ་བྱ་སེམས་ཅན་གྱི་སྒོ་གསུམ་ལའང་ལྟོས་ཏེ་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་བཞག་པའི་ཁོངས་སུ་གསུང་གི་མཛད་པའི་ཆ་ཤས་སུ་གྱུར་པ། ཁོ་བོས་མཐོང་རྟོགས་ཀྱི་ཡུལ་དུ་འབྱོར་བ་དམ་པ་གང་གི་ཞལ་ནས་ལྷང་ལྷང་དུ་བྱོན་པའི་གསུང་གི་བདུད་རྩི་དེ་རྣམས་མར་གྱུར་འགྲོ་བ་ཀུན་ཕྱམ་གཅིག་ཏུ་བླ་མེད་རྒྱལ་བའི་སར་མ་དགོད་བར། དེ་སྲིད་དུ་ཐོས་བསམ་གྱི་སྐལ་བཟང་དུ་བཞུགས་ཤིང་བརྟན་པའི་སླད་དུ་སློབ་གཉེར་གྱི་བར་གསེང་དུ་དཀར་ཆག་འདི་ཉིད་བསྒྲིགས་པའི་ངལ་བ་ཅུང་ཟད་ཁུར་དུ་བླངས་པ་ཡིན་མོད། འོན་ཀྱང་གྲོགས་རིག་པའི་ཡེ་ཤེས་ཟླ་བོ་དང་ཁོ་བོ་ཟུང་ནི་རྣམ་པ་ཀུན་ཏུ་ལྷན་སྐྱེས་ཀྱི་ཚུལ་དུ་འདུ་འབྲལ་དབེན་པས་ཉེས་པའི་ཆ་ཅིས་ཀྱང་མཆིས་སྲིད་པ་ལྟ་ཅི་སྨོས། དེས་ན་གཟུར་གནས་མཁྱེན་དཔྱོད་ཀྱི་རིག་རྩལ་རྒོད་པའི་ཀློག་པ་པོ་རྣམས་ཀྱི་ལྷག་བསམ་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད་ཀྱཻ་ཞེས་འདི་ནས་རེ་འབོད་ཀྱིས་ནན་དུ་ཞུ་བའོ།།

-1-     གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་འཁོར་ལོ་ལས་ཁྱད་པར་དྲག་སྐོང་།།

-2-     དབང་ལྡན་ཞུ་ཡི་རིང་ལུགས་ལྟར་གྱི་གསང་སྔགས་སྤྱི་རུ་ཉེ་བར་མཁོ་བའི་ལག་ལེན་གསལ་བའི་མེ་ལོང་།།

-3-     ཐོས་གྲོལ་གྱི་བླ་མ་མཁའ་འགྲོའི་བསྟོད་ཕྱག་ཟུར་བཀོད་ཆུ་སྐྱེས་དོ་ཤལ།

-5-     སྤྱི་སྤུངས་ཞི་ཁྲོའི་སྒོ་ནས་ཚོགས་དང་མར་མེ་བརྒྱ་ཚར་འབུལ་ཐབས་ཀྱི་ལག་ལེན་སྲིད་པའི་སྒྲོན་མེ་འོད་ཀྱི་འཁོར་ལོ།།

-6-     གཙུག་གཏོར་རིགས་སྔགས་རྒྱལ་མོའི་རྒྱུད་ལས་རྒྱུད་འདེབས་ཕྱག་བྱིན་གསུམ་གང་ལ་རུང་བའི་ཚིག་ཕྲེང་ཉུང་བསྡུས་ཐུགས་རྗེའི་ཡོངས་འཛིན་བྱིན་རླབས་ཟེགས་མའི་རྒྱུན་འདེབས།།

-7-     སྐུ་གསུམ་རིག་འཛིན་དགོངས་པ་འདུས་པའི་རྒྱུད་ལས་སྔོན་འགྲོ་མ་རིག་མུན་སེལ་རིག་པའི་སྒྲོན་མེ།།

-8-     མཁའ་འགྲོ་གྲིབ་སེལ་གྱི་ཚེ་དབང་རྟོག་འཇོམས་ཀྱི་ཆ་ལག་ཟུར་འདེགས་ཟ་མ་ཏོག།

-9-     བྱིན་འབེབས་ཀྱི་ཡིག་ཆུང་བྱིན་རླབས་ཟིལ་པའི་རྒྱུན་འདེབས་སྨིན་གྲོལ་ཚལ་བཞད།།

-10-   མཆོད་སྐོང་ཐུགས་དམ་དགྱེས་པའི་རོལ་མོ།།

-11-   ཚེ་དབང་རྟོག་འཇོམས་སྤྲིན་གྱི་གོ་ཆའི་སྲེག་ལུགས་ཡིག་ཆུང་ཡེ་ཤེས་མེ་དཔུང་།།

-12-   གསོལ་འདེབས་བདེན་ཚིག་བསྟན་འབར་ཨུཏྤལ་གཞོན་ནུའི་ཞལ་བཞད།།

-13-   གནམ་ཐེའུ་དཀར་པོའི་བསྟོད་པ།།

-14-   སྟོང་གསུམ་འཁྲུགས་པའི་ཡོ་བཅོས་བཅའ་ཐབས་བསྡུས་པ།།

-15-   དྲན་པའི་རྒྱུན་ཐག་ཅི་ལྟར་བྱེད་ནས་ཉམས་སུ་ལེན་སྟངས་ཀྱི་གདམས་པ།།

-16-   སྨོན་ལམ་རྒྱུན་སྤྱོད་ཚིག་ཉུང་དོན་ཚང།།

-17-   གསང་སྔགས་སྤྱི་ཡི་ཉེར་མཁོ་དབང་ལྡན་ཞུ་ཡི་བཞེད་སྲོལ་ལྟར་བསྒྲིགས་པ་གསལ་བའི་མེ་ལོང་།

 

༈རྣམ་དཔྱོད་ཀྱི་མཁྱེན་རབ་འབར་བའི་དྲ་གྲོགས་རྣམ་པ་ཚོར་ཞུ་དོན། འདིར་ཡོད་བརྟེན་འགྱུར་གྱི་དཀར་ཆག་ཁག་མི་འདྲ་བ་གང་གི་ནང་དུ་མ་གསལ་ཡང་ཁོང་གི་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བ་ལས་གསལ་བའི་གཤམ་གྱི་མཚན་བྱང་ཅན་གྱི་དཔེ་དེ་རིགས་དང། དེ་མིན་འདིར་མ་འཁོད་པའང་ད་དུང་ཕ་ཡུལ་ཕྱོགས་སུ་ཡོད་ངེས་པར་དྭོགས་པས་ཁྱེད་རྣམ་པ་སུ་ཞིག་གིས་མཁྱེན་རྟོགས་རེ་འབྱུང་ཚེ་ཅིས་ནས་ཀྱང་རོགས་འདེགས་གནང་བར་ཀྱེེ།།

-18-    ཀུན་རིག་ལས་བཞི་རྒྱུན་ལྔའི་ཟིན་བྲིས།

-19-     རྒྱས་པ་ཀུན་སྣང་གི་མངོན་རྟོགས།

-20-     མ་རྒྱུད་གསང་ཆེན་རོལ་པ་ཟང་ཐལ་གྱི་ཕྱག་བཞེས་ཉི་མའི་འཁོར་ལོ།

-21-     མ་རྒྱུད་གསང་ཆེན་རོལ་པ་ཟང་ཐལ་གྱི་རྒྱུད་ཕྱག་ལེའུ།

-22-      རིང་བརྒྱུད་བླ་མའི་གསོལ་འདེབས་མུ་ཏིག་ཕྲེང་བ།

-23-     བསྲུང་ཟློག་བསད་པའི་ལས་བྱང་ཡིད་བཞིན་ནོར་བུ།

-24-     བསྐང་བརྒྱུད་གཏེར་ཕྲེང་།

-25-     སྦྱིན་བསྲེགས་ལས་བཞི་རྒྱུན་ལྔའི་མཆོད་ཕྲེང་ཁ་སྐོང་གསལ་བའི་མེ་ལོང་།

-26-     གནས་འདྲེན་ཐུགས་རྗེའི་རྒྱུན་ཞགས།

-27-     བསད་ལས་གནམ་ལྕགས་སྤུ་གྲི་རེག་གཅོད།

-28-    གཤེད་འདུལ་ཆ་ལག་ཁྲོ་ཆུའི་ཕྲེང་བ།

-29-    སྟག་གདོང་སྒྲུབ་ཐབས་གེ་ཤན་སྲོག་གི་སྤུ་གྲི།

-30-    དྷར་རྐང་འབུད་བརྡུང་གདང་རྟ།

-31-    རིག་འཛིན་གསང་སྒྲུབ་ཀྱི་སྔོན་འགྲོའི་སྒྲིག་ཆོག

-32-    བཅུ་དྲུག་པ་གཞན་དོན་འཕོ་བ།

-33-    བཙན་ཆུང་ཐོག་རྒོད་ཀྱི་གསོལ་ཆུང་བསྟོད་བསྐུལ།

-34-    རི་ཚོང་ཡུལ་བདག་གི་གསོལ་ཁ།

-35-    ཡུལ་བདག་ཡི་གེ་བྲག་བཙན་དམར་པོའི་གསོལ་མཆོད།

-36-    དབང་ལྡན་ཞུ་ཡི་བཞེད་སྲོལ་ལྟར་ཞི་ཁྲོའི་ཟིན་བྲིས་རབ་གསལ་འཕྲུལ་གྱི་མེ་ལོང་།

-37-    ཞུ་ལུགས་ཞི་ཁྲོའི་སྒོ་ནས་མར་མེ་བརྒྱ་མཆོད་འབུལ་བའི་ཟིན་བྲིས།

-38-    ཞུ་རྒྱལ་ཡེ་ཤེས་བློ་གྲོས་ཀྱིས་སྦྱར་བའི་འདུལ་དྲུག་སྐབས་ཀྱི་ཆོག་ག་ལ་གཤེད་ཕྲལ་གྱི་ལེའུ།

-39-    དྲན་པ་ཚེ་སྒྲུབ་ཀྱི་འཆི་བསླུ་བླ་བསླུ།

-40-    དབལ་གསས་ཁྱུང་ནག་གི་ཕྱག་བཞེས།

-41-    དབལ་གསས་ཁྱུང་ནག་གི་བརྒྱུད་ཕྱག

-42-    ཡུལ་བདག་རྟ་རྫོང་སྨུག་བྱོའི་གསོལ་མཆོད།

-43-    གར་འདུག་ཡུལ་ས་དང་སྡེ་བརྒྱད་གསེར་སྐྱེམ།

།།བཀའ་ཆབ་དལ་འགྲོའི་ཟེགས་མ་རབ་འཐོར་བས།།

།།ལུས་ཅན་ཚ་གདུང་འཇུག་པར་བསིལ་སྦྱིན་ཏེ།།

།།ཇི་སྲིད་འགྲོ་རྣམས་སྐོམ་གདུང་མ་ངོམས་བར།།

།།དེ་སྲིད་བསྟན་འགྲོའི་སྐལ་བཟང་རབ་གནས་ཤོག །

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.