༈སྐྱེས་བུ་ཆེན་པོ་སྤ་སྟོན་ཉི་མ་འབུམ་གསལ་གྱི་གསུང་རྩོམ་ཐོར་བུའི་དཀར་ཆག་
རབ་གསལ་འོད་སྣང་།།
།།མཁྱེན་བརྩེའི་ཡེ་ཤེས་ཉི༵་མ༵་གཞོན་ནུ་ལས།།
།།འགག་མེད་གསུང་གི་འོད་སྣང་འབུ༵མ་གས༵ལ་ཏེ།།
།།སྐལ་ལྡན་སེམས་ལ་སྤངས་རྟོགས་འདབ་སྟོང་སྤྲོས།།
།།ཐབས་མཁས་ཕྲིན་ལས་དྲི་བསུང་ཕྱོགས་མེད་འཐུལ།།
ཞེས་མཆོད་བརྗོད་ཉི་མ་གཞོན་ནུས་དབུར་བརྒྱན་ཏེ་ཅུང་ཟད་གླེང་བར་བྱ་བ་ནི་ད་ལན་འདིར་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བ་ལ་བཞུགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་གསུང་རྩོམ་ཐོར་བུའི་སྐོར་ལ་ཡང་ཞལ་གདམས་དང་། ཉམས་མགུར། གསོལ་འདེབས། སྨོན་ལམ། བླ་མའི་རྣལ་འབྱོར། ལྷ་འདྲེའི་སྤྲིངས་ཡིག གཅོད། ཚོགས་མཆོད། མཆོད་སྦྱིན་གསུར་བསྔོ། མ་འོངས་ལུང་བསྟན་བཅས་ཀྱིས་བསྡུས་ཡོད་པ་གཤམ་གསལ་ལྟར་ལགས་སོ།
-༡- རྗེ་བཙུན་རིན་པོ་ཆེ་མཁན་ཆེན་འགྲོ་བའི་མགོན་པོ་སྐལ་བཟང་ཉི་མ་མཆོག་ལ་དད་གུས་གདུང་ཤུགས་དྲག་པོ་དྭངས་པའི་སེམས་ཀྱིས་གསོལ་བ་བཏབ་པ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༠༤-ལས་གསལ།
-༢- སྐྱོ་ངལ་དྲག་པོར་གྱུར་པའི་སྐབས་འགར་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཁོ་ནར་གྱུར་ཚུལ་གྱི་བསམ་པ་དྲག་པོས་གློ་བོར་དྲན་ཤར་གྱི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༡༡-ལས་གསལ།
-༣- ཞུ་སྟོན་ཉི་མ་རྒྱལ་མཚན་ལ་དད་གདུང་གི་བློ་དྲག་པོ་ཕུར་ཚུགས་སྐྱེས་སྐབས་རྟེན་འབྲེལ་གྱི་གསོལ་བ་བཏབ་པ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༡༦-ལས་གསལ།
-༣- ཐོལ་བྱུང་དུ་ཤར་བའི་ཀ་ཁའི་མགུར་དབྱངས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༣༠-ལས་གསལ།
-༤- གཤེན་ཉི་མ་བསྟན་རྒྱལ་ལ་གསོལ་བ་ཕུར་ཚུགས་སུ་བཏབས་པ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༥༨-ལས་གསལ།
-༥- ཕ་བླ་མ་རྒྱལ་མཚན་ཉི་མའི་མདུན་ནས་དྲང་ངེས་བོན་གྱི་དབང་ལུང་ཐོབ་ཚུལ་ཡིད་ཡུལ་དུ་ཤར་བ་ལ་བཀའ་དྲིན་དྲན་ནས་དད་པའི་སྤུ་ལངས་གཡོས་ཤིང་གདུང་བའི་མིག་ཆུ་འབྲུག་བཞིན་དུ་འདི་སྐད་ཅེས་གསོལ་བ་བཏབས་པ། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༦༩-ལས་གསལ།
-༦- གཡུང་དཀར་གཅོད་པས་ཞུས་ངོར་གསུངས་པའི་གསོལ་སྨོན། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༧༢-ལས་གསལ།
-༧- ཀ་མད་སུམ་ཅུ་ལས་གཞི་བྱས་པའི་མགུར་ཆུང་།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༧༧-ལས་གསལ།
-༨- དཔེ་འདྲ་བཞག་བདུན་གྱི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༨༡-ལས་གསལ།
-༩- སྨིན་གྲོལ་གྱི་དགའ་སྟོན་དུ་ལམ་གདམས་པ་ཟབ་མོའི་ཉམས་ལེན་དང་ཐེག་ཆེན་རང འབྱུང་སྤྱོད་པའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༡༨༣-ལས་གསལ།
-༡༠- ཨོ་རྒྱན་བདེ་ཆེན་གླིང་པ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདི་སྐད་ཅེས བཏབས་པ།། རྣམ་ཐར་ནོར་ ཕྲེང་གི་ལྡེབས་ངོས་-༢༡༩-ལས་གསལ།
-༡༡- སྟོང་གསལ་རང་འབྱུང་ཙམ་ལ་ཤར་བའི་བླ་མའི་རྣལ་འབྱོར།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༢༣༡-ལས་གསལ།
-༡༢- དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མའི་གསོལ་འདེབས་བདེ་ཆེན་ལྷ་ཡི་གླུ་དབྱངས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༢༤༡-ལས་གསལ།
-༡༣- གནས་ཆེན་སྤུ་རྒྱལ་གངས་བཟང་གི་གསོལ་འདེབས་བསམ་པ་མྱུར་འགྲུབ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༢༤༤-ལས་གསལ།
-༡༤- དྲང་ངེས་ཀྱི་རྟོགས་བརྗོད་དཔེ་དགུ་ལས་དྲངས་པའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༢༩༣-ལས་གསལ།
-༡༥- འཕོ་བ་བདེ་ཆེན་དབྱིངས་སྒྲོད་ཟབ་ལམ་སྙིང་གི་ཐིག་ལེ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༢༩༦-ལས་གསལ།
-༡༦- བར་དོ་རང་སར་གྲོལ་བའི་གསོལ་འདེབས་ཚིག་ཉུང་དོན་བསྡུས་རང་འགྲེལ་དང་བཅས་པ།། རྣམ་ཐར་ནོར་ཕྲེང་གི་ ལྡེབས་ངོས་-༣༠༦-ལས་གསལ།
-༡༧- ཨར་བཟའ་སྤར་མོ་ནས་བསྐུལ་བའི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༡༥-ལས་གསལ།
-༡༨- གྷ་རུ་བྲིས་རྒྱལ་ནས་བསྐུལ་བའི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༡༥-ལས་གསལ།
-༡༩- གནས་མཆོག་སྤུ་རྒྱལ་གངས་ཆེན་གྱི་གསོལ་འདེབས་བསམ་པ་མྱུར་འགྲུབ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༣༩- ལས་གསལ།
-༢༠- ཤུགས་འབྱུང་གི་བརྡོལ་གཏམ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༥༦-ལས་གསལ།
-༢༡- ཉམས་མགུར་བྱ་རྗེའི་གསུང་སྙན་སྐལ་བཟང་རྣ་བའི་དྭངས་འདྲེན།།
རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༥༩-ལས་གསལ།
-༢༢- ཉམས་མགུར་སྣང་བའི་དགའ་ཚལ་རྣལ་འབྱོར་ཉི་མའི་སྤྲོ་ར་བདེ་ཡང་དོན་ཡངས་དོན་རྒྱལ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༦༦-ལས་གསལ།
-༢༣- བླ་མའི་རྣལ་འབྱོར།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༨༣-ལས་གསལ།
-༢༤- གཏེར་སྲས་ཚེ་དབང་འགྱུར་མེད་ཀྱི་བཀའ་དྲིན་རྗེས་དྲན་གསོལ་འདེབས། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༣༨༨-ལས་གསལ།
-༢༥- རྔ་ལ་ཤེས་རབ་བློ་ལྡན་གྱིས་བསྐུལ་བའི་དུས་དྲུག་སྤྱོད་ཆོག་གི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་--ལས་གསལ།
-༢༦- འཆི་མེད་བླ་ཆེན་ཡབ་སྲས་ལ་ཕུར་ཚུགས་སུ་གསོལ་བ་བཏབས་ངོས་གང་ཤར་ཡི་གེའི་ལམ་དུ་བཀོད་པ་ནེ་ཙོའི་མགྲིན་གླུ་སྐྱར་སྐྱུར་སེམས་དཔའ་སུརྱ་ཁ་རིའི་འཁྲུལ་གཏམ།། ༼མ་འོངས་ལུང་བསྟན།༽ རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༠༥-ལས་གསལ།
-༢༧- རྣལ་འབྱོར་ལམ་གཅོད་སེམས་དཔའ་སུརྱ་ཁ་རིའི་དག་སྣང་།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༢༦-ལས་གསལ།
-༢༧- ཞུ་གཡས་སྐྱེས་མཆོག་ནམ་མཁའ་ཁྲི་སྐྱོང་གི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༣༥-ལས་གསལ།
-༢༨- འདས་ཁའི་ངོ་སྤྲོད་གོ་བདེ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༤༠-ལས་གསལ།
-༢༩- འ་ཞ་བཞུགས་པའི་དྲུང་དེར་སྐྱེ་བའི་སྨོན་ལམ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༨༧-ལས་གསལ།
-༣༠- གནས་ཆེན་པདྨ་ཡང་བཀོད་ཀྱི་གསོལ་འདེབས་སྨོན་ལམ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༨༩-ལས་གསལ།
-༣༡- ཉིད་དང་སླར་འདི་ཕྱི་གང་ལ་མི་འབྲལ་བའི་བདེན་སྨོན། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༩༠-ལས་གསལ།
-༣༢- རང་སློབ་ངག་རྒྱལ་ནས་བསྐུལ་བའི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༩༡-ལས་གསལ།
-༣༣- མཆོག་ཆེན་གྲུབ་བརྒྱའི་གཙུག་རྒྱན་ཉི་དབོན་རིན་པོ་ཆེ་ལ་གསོལ་བ་འདེབས་པའི་ཚིག་བཅད། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༩༣-ལས་གསལ།
-༣༤- འདི་ཕྱིའི་འཇིགས་པ་ཀུན་ལ་སྐྱོབས་པའི་དུས་དྲུག་སྤྱོད་ཆོག་གི་གསོལ་འདེབས། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་ -༤༩༤-ལས་གསལ།
-༣༥- ཧོར་བླ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་གསོལ་འདེབས། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༡༡-ལས་གསལ།
-༣༦- གཏེར་སྟོན་གྱི་སྤྲུལ་སྐུ་རིན་ཆེན་མཆོག་གྲུབ་བམ་ཆོས་དབྱིངས་དྲི་མེད་རྩལ་གྱི་གསོལ་འདེབས་ཞབས་བརྟན། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༡༨-ལས་གསལ།
-༣༧- གསུར་མཆོད་གཏེར་གྱི་རྒྱུན་བཟང་།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༡༩-ལས་གསལ།
-༣༨- སློབ་མ་ངང་རྒྱས་ནས་བསྐུལ་བའི་བྱིན་རླབས་སྐྱབས་ཞུ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༢༩-ལས་གསལ།
-༣༩- བསོད་ནམས་རྒྱལ་མཚན་གྱིས་བསྩལ་པའི་ཞལ་གདམས། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༢༩-ལས་གསལ།
-༤༠- ཕན་སེམས་བརྩེ་བ་དོན་གྱི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་--ལས་གསལ།
-༤༡- སློབ་མ་ཤེས་རབ་ཚུལ་ཁྲིམས་ནས་བསྐུལ་བའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༣༣-ལས་གསལ།
-༤༢- རྟོགས་ལྡན་བློ་གྲོས་འོད་ཟེར་ནས་བསྐུལ་བའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༣༥-ལས་གསལ།
-༤༣- དབང་བཞི་ལམ་དང་ཆོས་དྲུག་གི་གེགས་དང་གོལ་ས་གཅོད་ཐབས་ཀྱི་མན་ངག
རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༤༡-ལས་གསལ།
-༤༤- ཧོར་རྒྱལ་ཚེ་དབང་བསྟན་འཛིན་ནས་དམག་འཚུབ་ཀྱི་རྟགས་ལུང་ཞུས་པའི་ལན་གྱི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༤༥-ལས་གསལ།
-༤༥- སློབ་མ་ཡིད་བཞིན་ནོར་འཆང་ནས་ཞལ་གདམས་བསྐུལ་བའི་ལན་གྱི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༤༨-ལས་གསལ།
-༥༦- དམར་གསུར་སྣང་སྲིད་ཞི་བདེ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༥༠-ལས་གསལ།
-༤༧- བསོད་ནམས་ནས་ཞུས་ངོར་གསུངས་པའི་ཉམས་སུ་ལེན་ཐབས་ཀྱི་གདམས་པ། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༥༦-ལས་གསལ།
-༤༨- སློབ་མ་དཀོན་མཆོག་མཚོ་མོ་ནས་བསྐུལ་བའི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༦༡-ལས་གསལ།
-༤༩- སྨིན་སློབ་རིས་ཚ་མཆོག་རྒྱལ་ནས་བསྐུལ་བའི་དྲང་ངེས་ཀྱི་གདམས་མགུར།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༦༢-ལས་གསལ།
-༥༠- སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་གྱི་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༦༥-ལས་གསལ།
-༥༡- གྲྭ་ཚུལ་ཁྲིམས་བསྟན་རྒྱལ་ནས་བསྐུལ་བའི་ཞལ་གདམས་བསླབ་བྱའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༦༨-ལས་གསལ།
-༥༢- གཏེར་སྟོན་གསང་སྔགས་གླིང་པའི་ཞབས་བརྟན་གསོལ་འདེབས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༤༧༤-ལས་གསལ།
-༥༣- འབྲུག་སྟག་སྔགས་པ་རྡོ་རྗེ་ཚེ་དབང་ངམ་མཁྱེན་རབ་བཀྲ་ཤིས་ནས་བསྐུལ་བའི་ཉམས་ལེན་བསླབ་བྱའི་མགུར་མ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༧༡-ལས་གསལ།
-༥༤- རྩ་གསུམ་ཚོགས་བསགས་རགས་བསྡུས།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༧༨-ལས་གསལ།
-༥༥- རྟེན་འབྲེལ་གྱི་གནད་དུ་གསུངས་པའི་ཞལ་གདམས། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༧༩-ལས་གསལ། མིང་འདི་སྒྲིག་པ་པོས་བཏགས།
-༥༦- ཉམས་མྱོང་མགུར་དུ་བླངས་པ།། རྣམ་ཐར་ནོར་ཕྲེང་གི་ལྡེབས་ངོས་-༥༨༥-ལས་གསལ། འཕྲོ་འོག་མར་མཐུད།