ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
1
2345678
9101112131415
16171819202122
23242526272829
3031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13255


 

མཆོད་ཚིག་རྟགས་བརྒྱད་རི་མོ།།
[ 2011/10/2 18:49:00 | By: ཀུ་ས་ལི། ]
 

མཆོད་ཚིག་རྟགས་བརྒྱད་རི་མོ།།

དུས་གསུམ་རྒྱལ་བའི་དགོངས་སྤྱོད་ཟབ་མོའི་རྩལ།།

མ་ལུས་བཅུད་འཕོས་ཐུགས་ཉིད་བུམ་བཟང་ཆེ།།

ཕྱི་ནང་གསང་བའི་དབང་གཏེར་མཛོད་འཛིན་པ།།

ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བ།།

བཅུ་ཕྲག་གནས་དང་མདོ་སྔགས་བླ་མེད་བོན།།

ཟབ་མཐའ་མངོན་དཀའ་མུ་མེད་རྒྱ་མཚའི་འཇིང་།།

རབ་གསལ་བློ་གྲོས་གསེར་ཉའི་གཤོག་རྩལ་ཅན།།

མཁྱེན་པའི་སྟོབས་རྫོགས་རྗེ་གཅིག་སྨན་རི་བ།།

གསར་རྙིང་དུས་འགྱུར་བུ་ཡུག་འཚུབ་པའི་ཁྲོད།།

ཡིད་འོང་རྣམ་བཀྲའི་མཚར་སྡུག་མ་གུད་པ།།

སོ་ཐར་བསྙེན་རྫོགས་རབ་དཀར་པད་མ་ཆེ།།

བསྟན་པའི་རྒྱན་དུ་བཞད་པའི་སྨན་རི་བ།།

ཕྱོགས་མེད་སྐལ་ལྡན་གསེར་ཞལ་མངོན་ཐོབ་གང་།།

བསླབ་སྡོམ་ཟབ་མོའི་མན་ངག་དུང་ཆེན་དབྱངས།།

ཐོས་འཛིན་བཅུད་དུ་འབུད་པའི་མཛད་བཞེས་བ།།

ཚུལ་ཁྲིམས་མངའ་བདག་དྲང་སྲོང་སྨན་རི་བ།།

བདེ་ལེགས་དཔལ་ཤར་ཕྱི་ནང་གསང་གསུམ་བོན།།

མ་འགག་རྣམ་བཀྲ་རིན་ཆེན་ཟ་འོག་གདུགས།།

སྐྱེ་རྒུའི་གཙུག་རྒྱན་འབུབས་པའི་ཕྲིན་ལས་ཅན།།

ཟླ་མེད་བཀའ་དྲིན་ཅན་གཅིག་སྨན་རི་བ།།

ཡང་ཟབ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ལས།།

ལུང་རྟོགས་བསྟན་པ་གསེར་གྱི་འཁོར་ལོ་ཆེ།།

སྲིད་མཐའི་བར་དུ་དབང་སྒྱུར་ཐེག་སྟོབས་ཅན།།

བསྟན་འགྲོའི་དཔལ་གཅིག་རྒྱལ་བ་སྨན་རི་བ།།

རབ་རྨོངས་ཕྱོགས་འཛིན་མུན་ནག་འཁོར་ཡུག་ཁྲོད།།

གྱེར་བསྟན་ཡར་ངོའི་ཟླ་གཞོན་གཟི་འོད་འབུམ།།

མི་ནུབ་རྒྱལ་མཚན་མཁའ་དབྱིངས་མངོན་བྱེད་པོ།།

བསྟན་པའི་སྲོག་ཤིང་འགྲན་བྲལ་སྨན་རི་བ།།

ཉེར་གནས་བུ་སློབ་རིག་པའི་རྩལ་འདབ་གྲོལ།།

ཉམས་དགའི་འདུ་གནས་ངོ་མཚར་དཔལ་བེའུ་བཀྲ།།

ལོངས་སྤྱོད་མི་དམན་ཀླུ་རྒྱལ་བང་མཛོད་ཅན།།

འདོད་འབྱུང་གཏེར་དབང་རྒྱལ་བ་སྨན་རི་བ།།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.