ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
1
2345678
9101112131415
16171819202122
23242526272829
3031

སྤྱི་བསྒྲགས།

འགོ་བ་གཡུང་དྲུང་ཡོན་ཏན།

འབྲེལ་བྱང་།

གློག་འཕྲིན།  y.younten@yahoo.com

སྒེའུ་ཁུང་།    1401783650

གནམ་ཀླད།   y.yonten

མཐོ་མཐོའི་ཁྲིར་འགྱིང་དྲེགས་ལྡན་མི་མགུ་བ། །
མཐོན་པོའི་གོ་སར་སྙོབ་རེ་མི་ཆེ་བ། །
མཐོ་དམན་གུང་ནས་གཏན་ཆུས་འཚོལ་རེ་བ། །
མཐོ་སྒང་ཡུལ་ནས་བྱོལ་བའི་གྲྭ་རྐྱང་ཞིག །


ཆེད་སྒྲིག་རྣམ་དབྱེ།

ཟིན་ཐོ་གསར་བ།

དཔྱད་གཏམ་གསར་བ།

ཆེམས་གསར་བ།

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 40
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 13092


 

འཆད་ཁྲིད། 
[ 2011/10/1 14:07:00 | By: ཀུ་ས་ལི། ]
 

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་

 མཆོག་གིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་འཆད་ཁྲིད་ཀྱི་

               བཀའ་དྲིན་སྐྱོང་བཞིན་པ།།

 

འཆར་ཅན་ལྟར་ལོ་རེར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་དབུ་བཟུང་སྟེ་བདུན་ཕྲག་གཅིག་རིང་ལ་༸རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་ལགས་ན། ད་ལན་སྐབས་འདིར་ཕྱོགས་མེད་ཞྭ་དཀར་བསྟན་པའི་སྒོར་ཞུགས་པ་ཀུན་གྱི་དད་མོས་ཀྱི་གསོས་ཆེན་གཙུག་གི་རྒྱན་གཅིག  ས་སྟེང་ན་སྙན་པའི་གྲགས་དཀར་མཁའ་མཐར་གདལ་བཞིན་པ་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་བདག་ཉིད་བླ་ན་མ་མཆིས་པ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་སྐུ་ཡི་ཉེར་འཁོར་སྐལ་ལྡན་དོན་གཉེར་ཅན་རྣམས་ཀྱིས་སྔོན་འགྲོའི་ཁྲིད་ལུང་སྩོལ་བའི་རེ་དོན་སྙན་བསྒྲོན་ཕུལ་བ་བཞིན་༸རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་བརྩེ་ཆེན་པོས་དགྱེས་བཞེས་ངང་ནས། སྤྱི་ལོ་༢༠༡༡ཟླ་༠༩ཚེས་༣༠ཉིན་དབུ་བཟུང་སྟེ་ཉིན་རེ་བཞིན་སྔ་དྲོའི་ཚོགས་གྲོལ་མཚམས་སུ་འཁོར་དུས་༡༠ནས་༡༡བར་གྲྭ་ཚང་འདུས་པ་རྒྱ་མཚོའི་ཐོས་འཛིན་གྱི་བུ་གར་བཅུད་ལྡན་གཡས་རུ་བྲུ་ཡི་གདམས་པ་མན་ངག་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་འཆད་ཁྲིད་ཀྱི་བཀའ་ཆབ་གསུང་གི་བདུད་རྩི་སྦྲིང་བའི་བཀའ་དྲིན་གྱི་མཛད་འཕྲིན་སྐྱོང་བཞིན་པ་བཅས་ཀྱི་མཚམས་སྦྱོར་རགས་བསྡུས་སོ།།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.