སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཀར་པོ་ལྷ། ནག་པོ་བདུད། 
[ 2011/7/27 0:11:00 | By: ཡ་བྲང་གཡུ་འབྲུག ]
 

                        དཀར་པོ་ལྷ། ནག་པོ་བདུད།

                 —བོན་དཀར་དང་བོན་ནག་ལས་འཕྲོས་པའི་བསམ་གཞིགས།

 

ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཕྱོགས་སུ་སློབ་སྦྱོང་ལ་སོང་སྟེ་སློབ་གྲྭའི་ཐུན་མཚམས་སུ་མཚོ་སྔོན་ཕྱོགས་ཀྱི་ས་ཆ་ག་གེ་མོར་གནས་མཇལ་དང་ཡུལ་སྐོར་སྐྱོད་དུས་འགྲིམ་འགྲུལ་རླངས་འཁོར་དུ་སྡོད་པའི་མི་རྣམས་དང་ཕན་ཚུན་བགྲོ་གླེང་བྱེད་སྐབས།ཁྱེད་རང་གྲུབ་མཐའ་གང་ཡིནཟེར།  ང་ལ་གྲུབ་མཐའ་ཟེར་བ་གང་ཡང་མེདཅེས་བཤད་པར།གྲུབ་མཐའ་མེད་པའི་ཨ་ཁུ་ཞིག་གང་ན་ཡོདརྒྱབ་ཕྱོགས་སུ་སྡོད་པའི་རྒན་པོ་དེས་བརྗིད་ཉམས་དང་བཅསཨ་ཁུས་གྲུབ་མཐའ་མི་བཤད་པར་བལྟས་ན་ཁོང་ཕལ་ཆེར་བོན་པོ་ཞིག་ཡིན་རྒྱུ་རེདའགྲམ་གྱི་བྱིས་པ་ལོ་བརྒྱད་ཉེ་བ་དེསཨ་རྒྱ་བོན་པོ་ཡིན་ན་གྲུབ་མཐའ་བཤད་མི་ཉན་ནི་ཨེ་རེད”“……ཧ་ཧང་རང་དགོད་ཁ་དབང་མེད་དུ་འཆོར་སོང༌།  དེར་བརྟེན་རྒས་པོ་དེས་སྣ་གཉེར་གཉེར་མིག་ཧྲིག་ཧྲིག་ངང་ནས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང༌།ཡིན།ང་རང་བོན་པོ་ཡིནཞེས་ལབ།སློབ་གྲྭ་ཆེན་མོ་ནས་ད་སོ་མ་མཐར་ཕྱིན་པའི་སློབ་མ་གསར་བུ་དེསབོན་དཀར་ཡིན་ནམ་བོན་ནག་ཡིན”“ང་རང་གིས་ད་སྔ་བོན་དཀར་བོན་ནག་ཅེས་པའི་གཞུང་ལུགས་ལྟ་གྲུབ་ལྡན་པ་ཞིག་མཇལ་མ་སོང”“ཨོ།དེ་ལྟར་ལོས་ཡོད།ཨ་ལགས་དགེ་བཤེས་དེ་བ་དང་འདི་བ་ཚང་གིས་དབང་ལུང་འདི་སྐབས་དང་དེའི་སྐབས་མང་ཚོགས་ཁྲི་སྟོང་མང་པོ་ལ་གསུངས་སོང་བས་ཡོད་པར་ཐག་གིས་ཆོད།བླ་མའི་གསུང་ཚིག་ལ་འགལ་བ་མེད”“ངོ་མ་འགལ་བ་མེད་དམ”“དཔེ་མི་སྲིདསྐབས་དེར་ང་རང་ཅི་བྱ་གཏོལ་མེད་དེ་གླེང་བའི་འབེལ་གཏམ་དང་རྩོད་པའི་ངལ་བ་མ་བྱས་མོད།རྗེས་སུ་ང་རང་གཉིད་མི་ཁུག་པའི་མཚན་མོ་རེ་རེ་དང༌།སོས་དལ་ལྷོད་ལ་བབས་པའི་ཉིན་མོ་རེ་རེ།སྔར་སོང་ཡིད་ལ་འཆར་བའི་དུས་ཚིགས་རེ་རེ་ལ་ངའི་དར་ལུང་རྣ་བའི་བུ་ག་རུ་བོན་དཀར་བོན་ནག་གི་ཐ་སྙད་རྫིག་པོ་རེ་རེ།ངའི་ཁྲ་ཆུང་མིག་གི་འཇའ་རིས་སུ་རླངས་འཁོར་སྡོད་པའི་མི་ཚོགས་ཀྱི་རྣམ་པར་ཤར་ཐེངས་རེ་རེར།གློ་དང་སྒྱུ་མའི་འཕག་འཚག་འོག་ན་སེམས་དང་བསམ་པ་བྱུང་ཚོར་གྱི་རླབས་ཕྲེང་སྨྲ་བ་ངག་དང་ལྡེ་མྱུར་ལྕེ་ཐོག་ཏུ་རེ་ཞིག་མི་ལེན་ཀ་མེད་བྱུང༌།

དེ་ཡང་འདི་ལྟ་སྟེ།རབ་དཀར་ཁ་བའི་འདབ་མས་ས་འཛིན་གྱི་ལྷུན་པོར་གོས་སུ་བཀླུབས་པའི་རི་བོ་གངས་ཅན་པའི་ཡུལ་གྲུ་འདིར་གནའ་སྔ་མོ་ནས་བསམ་ཡུལ་ལས་འདས་པའི་བསམ་གཞིགས་དང་རྟོག་ཡུལ་ལ་ཞེན་པའི་བག་ཆགས་སོགས་མི་ནས་མི་རུ་བརྒྱུད་ཅིང་ལོ་ནས་ལོ་རུ་འཇུས་པས་གཏིང་ཟབ་དགུ་མཁྲེགས་ཅན་གྱི་རང་བཞིན་ལས་གང་ཡང་འདའ་བ་མེད་པ་ཆོས་ཉིད་ཀྱི་ཕོ་བྲང་ཞིག་ཏུ་ལྷུན་ཆགས་བྱུང་བར་སུ་ཡིས་བསྙོན།གང་དེར་འདས་པའི་ལོ་རྒྱུས་ཀྱི་དེབ་ཐེར་དང་མ་འོངས་པའི་ཕུགས་བསམ་གྱི་གོམ་འགྲོས་ཆ་མ་ཆོ་དགུས་ཁ་ཕྱོགས་ཀྱི་གཞི་རྩ་གཅིག་ཏུ་བཟུང་ཞིང་རིག་འཕྲུལ་གྱི་བདེན་དོན་ཞིག་ཏུ་འཛིན་པས་ངོ་མཚར་བའི་ལོ་རྒྱུས་ཀྱི་རྡོ་རིང་འགྱེལ་ཞིང་གཏིང་ཟབ་པའི་བསམ་གཞིགས་ཀྱི་ཆུ་མིག་མགོ་ཁུངས་ནས་བསྐམས།གནས་ཚུལ་དེ་ལྟ་བུའི་འོག་འུ་ཅག་བོད་མི་དག་གི་སེམས་ཁམས་སུ་གནའ་རབས་གདོད་མའི་རིག་གནས་སམ་བོན་པོའི་ཆོས་ལུགས་དེར་བོན་དཀར་དང་བོན་ནག་གཉིས་སུ་བཀར་བའི་བག་ཆགས་ངེས་ཅན་ཞིག་བྱུང༌།  མ་གཞི་ནས་རི་བོ་གངས་ཅན་པའི་བསམ་པའི་འཁྱེར་སོ་དང༌།འདུ་ཤེས་འཛིན་སྟངས།བག་ཆགས་འཇོག་ལུགས་སོགས་སྔར་ནས་གཞན་དབང་དུ་ཤོར་ཟིན་པ་མ་ཟད་གདོད་མའི་མི་རིགས་ཀྱི་དན་རྟགས་ཤིག་ཀྱང་ཤུགས་ཀྱིས་བྱུང་དང་འབྱུང་གི་ཡོད།དཔེར་ན།དཀར་པོ་ཐམས་ཅད་ལྷ་རུ་འཛིན་པའི་འདུ་ཤེས།ནག་པོ་ཐམས་ཅད་བདུད་དུ་སེམས་པའི་འདུ་ཤེས་དངའཇོན་ཐང་མི་གཙོ་ཐོབ་ཐང་གཙོ་བའི་བག་ཆགསསོགས་འདྲ་མིན་རྣམ་པ་སྣ་ཚོགས་ཡོད་པ་བློ་གྲོས་མིག་དང་ལྡན་པའི་སྐྱེས་མཆོག་དག་གི་རྗེས་འབྲངས་ཙམ་མ་ཡིན་པར་དཔྱད་འཇོག་རིག་པའི་བློ་སྟོབས་བརྟེན་ཙམ་གྱིས་ཤེས་གསལ་འདུགའདུ་ཤེས་དང་བག་ཆགས་དེ་དག་ནུས་མཐུ་ལས་ཟིལ་ཤུགས་འཕེལ་ཏེ་བོད་པའི་ལྷ་ཆོས་རིག་པའི་གྲུབ་མཐའ་ཕན་ཚུན་བར་འགལ་འདུ་དང་ཟིང་ཆ་ཇེ་མང་ནས་ཇེ་རྒྱས་སོང་བར་བསྟུན་འཁྲུག་རྩོད་གཡུལ་འགྱེད་ཀྱང་བཤམས་པ་རེད།  དེར་བརྟེན་བོད་པའི་ལྷ་ཆོས་རིག་པའི་ཁོངས་གཏོགས་བོན་པོའི་ཆོས་ལུགས་ལ་དཀར་ནག་གཉིས་སུ་བཀར་བའི་འདུ་ཤེས་ཀྱི་གསོན་ཤུགས་བླ་ནས་བླ་རུ་རྒྱས།འདུ་ཤེས་དེ་འབྱུང་རྩ་གཙོ་བོ་ནི་འདས་པའི་ལོ་ངོ་ཆིག་སྟོང་ལྷག་གི་དུས་ཡུན་བརྒྱུད་བོན་ལུགས་ཀྱི་གྲུབ་མཐའ་འདི་ཉིད་གནས་སའི་གཞི་དང་རྟེན་སའི་ཁོར་ཡུག་མ་སྟོང་ཙམ་གྱིས་ཧ་ཅང་གཉོམ་ཆུང་དུ་བསྡད་དགོས་བྱུང་བ་མི་ཚད།བོད་བརྒྱུད་ཐུབ་བསྟན་གྲུབ་མཐའ་ཁག་ལྔས་འགོག་རྐྱེན་དང་ཤན་ཤུགས་ཐེབས་ཏེ་རང་རྐྱ་འཕེར་བའི་བོན་ལུགས་ཀྱི་སྲོལ་རྒྱུན་འདུ་ཤེས་ཏེ།རིན་ཐང་ལྟ་ཚུལ།འཇིག་རྟེན་ལྟ་ཚུལ།མི་ཚེའི་ལྟ་ཚུལ་སོགས་མིང་གི་ལྷག་མ་ཞིག་དང༌།ཐ་ན་བླ་གྲྭ་དག་གི་ན་བཟའ་ཡང་ཕན་ཚུན་མཉམ་འདྲེས་སོང་ཕྱིར་ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་དབྱེ་འབྱེད་མི་ནུས་པའི་གནས་སུ་གྱུར་ཡོད།དེ་བཞིན་དུ་བོན་ལུགས་ཁྲོད་དུ་ཡང་སྤྲུལ་སྐུ་བསླུ་བ་དང༌།ཞྭ་སེར་གྱོན་པ།སྨད་གོས་བསྣབས་པ་སོགས་ཀྱིས་མཚོན་པའི་ཕྱི་ནང་གསང་གསུམ་ལ་ཐུབ་བསྟན་གྱི་སྲོག་ཞུགས་ཤིང་རྐྱེན་སྦྱར་ནས།བོན་པོ་དག་ལ་ཐུབ་བསྟན་པ་རང་ཉིད་ཀྱིས་བོན་དཀར་ཞེས་མཚན་གྱི་ཅོད་པན་སྤྱི་བོའི་གཙུག་ཏུ་མཛེས་པ་བཞིན་དུ་བསྩལ།

དེ་ལས་རིང་དུ་གྱེས་ཤིང་གདོད་མའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་གྱིས་ཟུར་བརྒྱན།ནང་བསྟན་མཚན་ཉིད་རིག་པས་རྐང་བཟུང༌།གནའ་རབས་བོན་ལུགས་ཀྱིས་ཐ་སྙད་དག་གིས་ཁོལ་དུ་ཕྱུང༌།རྒྱུད་སྡེ་གོང་མའི་བསྒྱུར་བ་དང་གྲོལ་བའི་ལམ་གྱི་ལྟ་སྤྱོད་སྲོག་ཏུ་བྱས་པའི་བོན་པོ་རྣམས་ལ་བོན་ནག་ཅེས་དམིགས་སུ་བཀར་བའི་མིང་ངན་དེ་མགོ་བོའི་ཐོག་ཏུ་མི་མཛའ་བཞིན་དུ་བཀབ་འདུགད་དུང་ཡང་ཕྱི་མའི་ལུགས་ཀྱིས་འཚེ་བ་ཆོས་སུ་འདོད་དེ་དམར་མཆོད་བྱེད་པ་དང༌།འཕོ་བ་འདེབས་དུས་ཀྱང་གཡག་རོག་པོས་གཅི་བ་གཏོང་བཞིན་འོལ་མོ་ལུང་རིང་དུ་སྤར་བ་དང་འོལ་མོ་ལུང་རིང་ཟེར་བ་དེ་ལུང་སྟོང་ཞིག་ཡིན་ཚུལ་གྱིས་མཚོན་པ་བརྗོད་ལས་འདས།  མདོར་ན་ཧྲིལ་གྱིས་དྲིལ་ཏེ་དོན་གྱིས་མནོ་བསམ་བྱས་པ་ཡིན་ན།གོང་གསལ་གྱི་ཐུབ་བསྟན་པ་དག་གིས་བརྩེ་བས་གཟིགས་ཤིང་བྱིན་གྱིས་རླབས་ཏེ་གནང་བའི་ཐ་སྙད་དེ་དག་ནི་ད་ཡོད་ཀྱི་བོན་པོའི་རིག་གཞུང་རྣམས་མཇལ་སྐལ་ཐོབ་ཚེ་ན་བུན་བཞིན་དུ་ཡལ་བར་རྩོམ་ལ་འཇའ་རིས་བཞིན་དྭངས་ནས་འགྲོའོ།། འོན་ཏེ་ཅིས་ཀྱང་སེམས་དགོས་པ་ཞིག་སྟེ་བོན་པོའི་རིག་གཞུང་ཁྲོད་དུ་ནམ་ནམ་ཞར་གྱིས་མཐོང་ཡོང་པ་ནི་བོན་པོ་དང་གཡུང་དྲུང་བོན་ཞེས་དམིགས་སུ་བཟུང་སྟེ་གཙིགས་སུ་འཛིན་གྱི་འདུག་གོ།དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ།སྤྱིར་བོན་པོ་ཡིན་ན་གཡུང་དྲུང་བོན་ཡིན་པས་མ་ངེས་ལ་ཡ་ཐོག་སྲིད་པའི་བོན་པོའམ་གདོད་མའི་བོན་ཆོས་ཏེ་དུས་རབས་བདུན་པ་ཡན་གྱི་བོན་ཆོས་ལ་ངོས་འཛིན་བྱས་ན་འགྲིག་ཚོད་འདུག་ལ།དུས་རབས་བདུན་པའི་དུས་དཀྱིལ་ནས་རྒྱལ་པོ་སྲོང་བཙན་གྱིས་ཐུགས་སྒམ་པོའི་ཀློང་དུ་ལྟོས་བཅས་ཀྱི་ཤེས་རིག་སྣ་མང་དང་བསམ་བློ་སྣ་མང་གི་སྒོ་འབྱེད་གནང་བར་བརྟེན།སྲིད་པའི་བོན་ཆོས་དེ་ཉིད་ཀྱང་ཕྱི་ནང་དོན་གསུམ་གྱིས་ཆ་ནས་གཡུང་དྲུང་བོན་ཞེས་པའི་སངས་རྒྱས་པའི་ལུགས་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཞིག་ཏུ་འཕོ་འགྱུར་བྱུང་ཚོད་འདུག་གོ། དེའི་ཕྱིར་མ་གཞི་ནས་མཁྲེགས་ཤིང་གྱོང་བའི་ཐ་སྙད་སྐམ་པོ་རེ་རེ་དང་འདུ་ཤེས་མཁྲེགས་པོ་རེ་རེ་སླར་ཡང་དྲོད་དང་གཤེར་གྱིས་སྟོང་བའི་ཐ་སྙད་ཅིག་དང་འདུ་ཤེས་ཤིག་ཏུ་འགྱུར་གྱི་འདུགམ་ཟད་མིའི་རིགས་ཀྱི་ཚེ་སྲོག་ལས་གྲུབ་པའི་ཆགས་སྡང་གི་རང་མཚང་ཞིག་སྟེ་དད་གུས་ཆེ་ཡང་རྒྱུ་མཚན་མེད་པའི་གང་ཟག་དེ་དག་གི་སྙིང་ཁམས་ནས་རྩ་བ་འབུས་ཤིང་རླབས་ཀྱི་ཟེགས་མ་བུ་ག་སྒོ་དགུ་ནས་ཐོན་ཏེ་རྨ་འབྲི་རྫ་གསུམ་བརྒྱུད་ཡ་གླིང་ཤར་མའི་གླིང་ཆེན་དུ་རྔམ་སྟབས་ཀྱིས་བཞུར་སོང༌།   

མཚམས་འདིར་སླེབས་དུས།ངའི་བློ་ངོར་གསལ་ཞིང་གསལ་ལ་དྭངས་ཤིང་དྭངས་པ་ནི།ཐམས་ཅད་མཁྱེན་ཅིང་གཟིགས་པའི་མཁའ་འགྲོ་མ་ཞིག་གི་གསུང་ཚིག་སྟེ།གྲྭ་བ་ཞིག་གི་ཡབ་ཆེན་གྲོངས་ཏེ་མཁའ་འགྲོའི་ཞབས་ལ་གཏུག་ཏུ་སོང་བ་རེད།མཁའ་འགྲོ་མསཁྱེད་རང་བོན་དཀར་ཡིན་ནམ་བོན་ནག་ཡིནཞེས་དྲིས་པས་གྲྭ་བ་གློ་བུར་ཁ་ཟུམ་སྟེ་ཡང་སྙིང་དབུགས་རིང་ཞིག་ལས་ཅི་ཡང་མ་བྱུང་བ་རེད།ཨ་ཨ།མཁའ་འགྲོ་མ།ངེས་དོན་གྱི་མཁའ་འགྲོ་མ།ཐམས་ཅད་མཁྱེན་ཅིང་གཟིགས་པའི་མཁའ་འགྲོ་མས།དད་ལྡན་གྲྭ་བཙུན་ཁོ་རང་བོན་དཀར་བོན་ནག་གང་ཡིན་ཙམ་ཡང་མ་མཁྱེན་པར་ཅི་ཡིས་ནོངས།ད་དུང་བླ་མ་གྲུབ་ཐོབ།སྔགས་པ་རྣལ་འབྱོར།རེ་འགའ་མཁྱེན་ཀྱང་རེ་འགའ་མི་རྟོགས་པ་ཅི་ཡི་ཕྱིར།ཀྱེ་མ།གཏན་ནས་གཏན་དུ་གཞན་ལ་འཆད་དགོས་པའི་སྐད་ཆ་ཐོག་མར་རང་ཉིད་ལ་བཤད་དགོས་ཏེ།ད་ནི་ཟག་བཅས་ཀྱི་ཕུང་པོ་ཡེ་གདོད་མ་ནསགཟུགས་སུ་གྲུབ་པ་འདིས་ཀྱང་མཚོན།།

 

 

                    2007 6 14ཉིན་མཇུག་རྫོགས་པར་བྲིས།

 

 
 
Re:དཀར་པོ་ལྷ། ནག་པོ་བདུད།
[ 2011/9/3 16:15:38 | By: yongzhou ]
 
yongzhouའདིདང་དེ་སོགས་ཀྱི་བཀའ་འདྲི་ཡོད་པ་དང་འདྲི་ཚིག་ཡོད་པར་ཐུགས་རྗེ་ཞུ་གི་ཡོད།
 
 
Re:དཀར་པོ་ལྷ། ནག་པོ་བདུད།
[ 2011/8/9 14:59:24 | By: tenzin lama(སྐུ་མགྲོན) ]
 
tenzin lama(སྐུ་མགྲོན)གསར་རྩོམ་གྱི་ཚིག་སྦྱོར་འ་ཙ་ཟིག་འདུག ཐུགས་རྗེ་ཆེ།
 
 
Re:དཀར་པོ་ལྷ། ནག་པོ་བདུད།
[ 2011/8/3 19:21:53 | By: yongdrom ]
 
yongdromམཆོག་ཉིད་ཀྱི་དངོས་མིང་ཅི་ཟེར། ལན་ཡོད་པར་མཁྱེན། གཡུང་མིང་པས།
གཤམ་དུ་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ང་ཡི་དངོས་མིང་ལ་གཡུ་འབྲུག་ཚེ་རིང་འབོད་ཀྱི་ཡོད།
 
 
Re:དཀར་པོ་ལྷ། ནག་པོ་བདུད།
[ 2011/7/31 17:02:09 | By: yongzhou(སྐུ་མགྲོན) ]
 
yongzhou(སྐུ་མགྲོན)
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.