སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དགེ་སློང་དམར་པོ།
[ 2011/10/13 19:29:00 | By: ཡ་བྲང་གཡུ་འབྲུག ]
 

  དགེ་སློང་དམར་པོ།

 

 

        དགེ་སློང་བསྟན་འཛིན་དབང་གྲགས་ཀྱི་རྣམ་ཐར་རོལ་པ།

 

 

ཏི་སེ་གངས་རྒན་བླ་རུ་མཐོ་ས་ནས།།

མ་པང་མཚོ་གཉན་ཟབ་ཏུ་འཁྱིལ་ས་ན།།

རི་བོ་ནག་པོ་ཟོར་དུ་བརྒྱུས་པ་ལ།།

གཤེན་རབ་བོན་པོས་སྨྲང་ཚིག་ངག་ཏུ་གྱེར།།

 

གཡས་ན་སྟག་རི་ངར་གྱིས་ཁྲོ་བགས་དང་།།

གཡོན་ན་མུ་ལེ་མཚོ་ཡིས་མཛེས་ཉམས་འཁྱུད།།

དུག་རི་མདུན་དུ་བསྐྱེང་བའི་ཟོལ་འགྱུར་དེས།།

བདུད་འདུལ་བོན་པོས་སྒྲ་བླ་མཁར་དུ་དྲངས།།

 

རྒྱུང་ཡ་གནམ་ལ་གཤེགས་པའི་མཁར་ཤུལ་དང་།།

བླ་ཆེན་རྒྱ་ལ་ཕེབས་པའི་དར་ལམ་ན།།

མ་བཞེངས་རྡོ་སྐུ་ས་ནས་འབུས་པ་དེས།།

གཤེན་བཙུན་བོན་པོས་ལས་མཐའ་འགྲུབ་པའི་རྟགས།།

 

ཁྱུང་ལུང་དངུལ་མཁར་དུད་དུ་སྦས་ཤུལ་ན།།

ཞང་ཞུང་མངའ་ཐང་རླུང་གིས་ཁྱེར་ཤུལ་ན།།

གུར་གྱམ་དགོན་པའི་གཡེར་དྲིལ་གསེང་གསེང་ཁྲོད།།

འཇིགས་མེད་ནམ་མཁའི་རྨི་ལམ་མཐའ་ནས་གསལ།།

 

ཤག་ཤག་རླུང་བུས་རྒྱང་འབོད་བྱེད་དང་གཅིག།

བྱེ་མཁར་ལྷུན་པོས་མུ་འཚམས་སྦྲེལ་དང་གཉིས།།

པུ་ཧྲེང་རྐྱང་རྒོད་གང་སར་འཕྱན་དང་གསུམ།།

ང་ཡི་ཞང་ཞུང་མིག་གིས་བལྟད་མོར་སྣང་།།

 

སྲིད་པ་ཡུལ་ལ་གྱར་བའི་དུས་ཚོད་ན།།

མ་སྲིད་སྔས་འགོར་འཇོག་པའི་ས་ཚིགས་དེར།།

ཡེ་སྲིད་ཐ་ཚིག་བགོ་བའི་རིགས་ཅན་གྲོགས།།

སོག་རུ་དགེ་སློང་མཛད་འཕྲིན་འོད་ཀྱིས་བྱུགས།།

 

དམར་པོའི་འོད་ཀྱིས་གངས་རི་བཞུ་བ་དང།།

དམར་པོའི་དཔུང་གིས་བོད་ཡུལ་འགམས་པ་ལ།།

སྐུ་ལུས་དམར་པོས་གཏུམ་པའི་དགེ་སློང་དེས།།

སེམས་ཀྱི་དམར་པོ་ཏང་དང་ཏང་ཏང་ཏང་།།

 

དེ་ནི་སེམས་ཀྱི་བསམ་པ་མིན་ན་འགྲིག།

 དེ་ནི་རིགས་ཀྱི་གྲོགས་ལ་གསང་ན་འགྲིག།

ངས་ནི་དགོས་པ་གནད་ཀྱི་ཚིག་ཏུ་མཐོང་།།

ངས་ནི་རིགས་པ་ལམ་གྱི་བརྡ་རུ་མཐོང་།།

 

གནམ་བོན་དགའ་བའི་དུངས་པ་གླེང་གི་མེད།།

མ་འཐད་ཚིག་གིས་གཤེ་བའི་ཆོ་འཁྲུལ་མེད།།

རིགས་ཀྱི་བླ་རྐང་འཚོང་བའི་ནུས་པང་མེད།།

མེད་པ་གསུམ་འདི་ཤེས་ན་དགོས་པ་ཡོད།།

 

ཆུ་བཞི་ལྷུང་ལྷུང་རྒྱུ་བའི་གཞིས་ཁ་ནས།།

སྒང་དྲུག་གྲལ་ལ་བསྟར་བའི་ལུང་གཤོག་ཏུ།།

མདོ་ཁམས་མི་ཡི་སྲས་པོས་བྲིས་པ་ཡིན།།

ཡ་བྲང་ཁྱིམ་དྲོད་ལྡེ་བའི་གཡུ་འབྲུག་པས།།

 

 

2011.10.10.ཉིན།

 

 
 
Re:དགེ་སློང་དམར་པོ།
[ 2012/4/11 19:08:25 | By: zezhou ]
 
zezhouདགེ་སློང་དམར་པོ་ཞེས་པའི་རྩོམ་ཐུང་འདི་ཅང་ཡག་པོ་རེད། ཐ་སྙད་བཀོལ་སྟངས་དམིགས་གསལ་རེད། ཐ་སྙད་རྙིང་བ་ལ་ཚེ་སྲོག་གསར་བ་རྒྱས་ཐུབ་ན་དཔེ་མི་སྲིད་པ་ཡག་པོ་རེད། འཕན་བུས།
 
 
Re:དགེ་སློང་དམར་པོ།
[ 2012/2/18 18:25:27 | By: jiuxie ]
 
jiuxieངོ་མ་ཡག་པོར་མཐོང་སོང་། འུ་ཅག་ནི་སྐད་ཆ་བཤད་ཤེས་ཙམ་མིན་པར་སྙན་ངག་བྲི་བ་པོ་ཡིན་པས་ཚིག་ལ་སྒྱུ་རྩལ་ལྡན་དགོས། མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
Re:དགེ་སློང་དམར་པོ།
[ 2011/10/24 5:15:28 | By: nyimaw ]
 
nyimawརྩོམ་འགྲོས་འདིས་ཡིད་སེམས་བཀུག་སོང་། བོན་གྱི་བརྡ་ཚིག་མཐུན་མིན་རྣམས་བཀོལ་སྟངས་ཀྱང་བདེ་སེ་སྣང་། འདི་བཞིན་མུ་མཐུད་བྲིས་གནང་ཡོང་བའི་བསྐུལ་མའང་འབུལ། ཁོམ་པ་རེ་བྱུང་ན་ཡིག་སྒམ་geshechoekhortshang@gmail.comའདིར་འབྲེལ་གཏུག་མཛོད་དང་། བདེ་དོག་སྙུན་འདྲིའི་གཏམ་གླེང་ཡང་ཞུ་ཆོག
ནུབ་ཕྱོགས་ཡུ་རོབ་དཀྱིལ་མའི་གླིང་ནས་མགོ་སེར་ཁྲོད་ཀྱི་མགོ་ནག་ཆོས་འཁོར་ཚང་དུ་འབོད་པ་དེས།
གཤམ་དུ་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
དོན་གྱི་གཏིང་དང་ཚིག་གི་བསུབ་ནས་གོ་བ་གནད་དུ་ཐོན་པ་དགའ་བ་ཡིན་ལ། སྤྱིར་ཧི་བོན་ཟིན་བྲིས་པ་ཚོས་གྲོལ་དང་བསྡམས་ཀྱིས་སྲོག་ཏུ་གཞུག་པའི་སྙན་ངག་དེ་རིགས་ནི་ཀློག་པའི་སྐལ་བ་ལྡན་གྱི་མི་འདུག་ལ་བཅད་རྩོམ་གསར་མ་དང་འབོལ་རྩོམ་ལུས་སྲོག་གིས་ཟུང་གཞུག་བྱས་པའི་རྩོམ་ཡིག་ནི་དེ་བས་ཀྱང་དཀོན་པོར་སྣང་ངོ་།། དེ་དོན་བསམ་ན་མིག་འདུན་འཆར་བ་ཙམ་གྱིས་ཐོས་པ་དོན་ལ་རྣ་བ་གློད་པ་ནི་སྐུ་ཉིད་ཙམ་མོ། ཐུགས་རྗེ་གནང་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.