སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མོ་སྡོམ་ལ་རྒོལ་གྱིན་འདུག
[ 2011/12/23 22:41:00 | By: ཡ་བྲང་གཡུ་འབྲུག ]
 

དོ་ནུབ་སྡོམ་པ་བཀྲོལ་བ།

                        རྩོམ་པ་པོ་སྒེའུ་ཁུང་།

སྡོམ་ཟེར་བ་མཇེ་རྩེའི་ཆུ་ཐིགས་ཤིག།

ཆུ་འཛག་པ་རང་བྱུང་ཆོས་ཉིད་རེད།།

སྡོམ་བརྗོད་པ་གོས་ཀྱི་ཁ་དོག་ཅིག།

གོས་རྗེ་བ་རྒྱུན་ལྡནའཚོ་བ་རེད།།

 

སྡོམ་ཟེར་ན་སེམས་ཁུར་ལྷག་མོ་ཡིན།།

སྡོམ་ཤོར་སྙམ་རེ་དོགས་སྟོང་བ་ཡིན།།

སྡོམ་འགྲོ་བ་རང་གི་འདུ་ཤེས་ཙམ།།

དེ་གཞིག་ན་སྡོམ་ལས་གྲོལ་བའོ།།

 

གཞུང་སྐམ་པོའི་ཁུངས་ལུང་བཙལ་དགོས་མེད།།

ཚུལ་བཙུན་པའི་ཚུགས་ཀ་འཛིན་པ་ནོར།།

སྡོམ་ཞེས་བྱ་ཕྱི་ནས་མི་རྙེད་ན།།

སྡོམ་སྐད་པ་ནང་ནས་ཅི་ལ་བརྙེད།།

 

སྡོམ་དགོས་པ་སེམས་ཀྱི་འཕྲུལ་སྣང་རེད།།

སྡོམ་འདོད་པ་སྨྱོན་པ་སྨྱོ་ནགརེད།།

སྐྱིད་མི་ཚེ་སྐྱིད་ཀྱིས་རོལ་འདོད་ན།།

སྡོམ་བག་ཆགས་ཤུལ་མེད་རྒྱུས་མེད་བྱོས།།

 

རྗེ་བློ་གྲགས་སྡོམ་པའི་རྙི་ལ་ཚུད།།

དཔལ་ས་པན་སྡོམ་པའི་སྒྲོག་ལ་བཟུང༌།།

སྐྱིད་མ་རིག་བོད་ཀྱི་མཁས་ཆེན་ཚོ།།

མདོག་མེད་པའི་འཚོ་བ་སྡོམ་པར་ཐུག།

 

སྡོམ་ཐག་པ་རྩད་ནས་གཅོད་ན་འགྲིག།

སྡོམ་གཟེབ་ཆུང་གཞི་ནས་གཏོར་ན་ལེགས།།

མི་སྙིང་ཆེན་སྡོམ་ལས་ཐར་བ་ནི།།

སྨན་བུ་མོའི་ལས་ཀྱི་བསོད་ནམས་ཡིན།།

 

དོན་དེའི་ཕྱིར་རྒྱལ་བ་ཚངས་དབྱངས་པས།།

གོས་ངུར་སྨྲིག་གོན་བཞིན་དགའ་རོགས་སྒྲིག།

འབྲུག་སྨྱོན་པ་ཀུན་དགའ་ལགས་པས་ཀྱང༌།།

མོ་སྟུ་ཐོག་ཚང་མར་སྦྱོར་ནི་རེད།།

 

ཆོས་གླེགས་བམ་ཁྲོད་ཀྱི་དགེ་ཤེས་ཚོས།།

ཚེ་གཅིག་གི་བརྩེ་བ་སྡོམ་ནས་ཡོད།།

རྒྱབ་ཆོས་གོས་ཅན་གྱི་བན་ཆུང་ཚོས།།

གཞོན་མི་ཚེའི་སྤྲོ་སྐྱིད་སྡོམ་དེ་ཡོད།།

 

སྡོམ་འདི་ཡིས་མི་སེམས་སྡུག་ལ་སྦྱར།།

སྡོམ་འདི་ཡིས་འཚོ་བ་སྐྱ་བོར་བྱས།།

སྡོམ་འདི་ཡིས་ལང་ཚོ་རུལ་བ་ཚོར།།

སྡོམ་འདི་ནི་བཙན་པོ་ཡ་མེད་ཅིག།

 

མི་བཟང་ངན་སྡོམ་པས་འབྱེད་ཐུབ་མེད།།

དོན་ཡག་བཙོག་སྡོམ་པས་ཇི་ལྟར་དབྱེ།།

ལས་གལ་ཆེན་སྡོམ་པས་ཐེག་ཚོད་མིན།།

སྡོམ་ཆད་མེད་མི་ཡི་ལྕགས་སྒྲོག་ཡིན།།

 

སྡོམ་མི་ཡིས་བཟོས་པའི་ཁྲིམས་ལུགས་ཡིན།།

སྡོམ་མི་ལ་བསྐོན་པའི་ཞགས་པ་ཡིན།།

སྡོམ་མི་སེམས་མནན་པའི་འཛེར་མ་ཡིན།།

སྡོམ་དེ་ལས་ཤོར་ན་རྩལ་ཆེན་ཡིན།།

 

རོགས་བཙལ་བ་ན་ཆུང་སྣང་བ་ཡིན།།

འགྲོགས་འདོད་པ་ཞེ་སེམས་མཐུན་པ་ཡིན།།

གཉེན་སྒྲིག་པ་འཇིག་རྟེན་འགྲོ་ལུགས་ཡིན།།

སྡོམ་ཟེར་བ་འབྲེལ་མེད་ཁུར་པོ་ཞིག།

 

མི་མི་ལ་དགའ་བ་མི་ཡི་གཤིས།།

མི་མི་ལ་དུང་བ་སྲིད་པའི་སྲོལ།།

མི་མི་ཡིས་སྙེགས་པ་ཚུལ་དང་མཐུན།།

སྡོམ་གྲགས་པ་མཁོ་མེད་དབྱུག་རྡུམ་ཞིག།

 

ཕོ་གེ་སར་སྡོམ་པའི་མ་ཟིན་ལ།།

དཔའ་རྒྱ་ཚ་སྡོམ་པའི་མ་ཁུག་པ།།

རྒན་ཁྲོ་ཐུང་སྡོམ་ལ་མ་ཆག་པས།།

གླིང་འབྲུག་མོ་ཐོབ་པའི་གཏམ་དུ་གྲགས།།

 

དྲིན་ཨ་ཕ་སྡོམ་ལས་མ་བརྒལ་ན།།

བུ་སྒེའུ་ཁུང་ཟེར་བ་ཡོད་ཚོད་མིན།།

དྲིན་ཨ་མས་སྡོམ་ཐག་མ་བཅད་ན།།

བུ་གཅེས་ལོ་ཟེར་བ་གང་ན་ཡོད།།

 

སྡོམ་ལྕགས་རི་བརྒལ་བའི་དཔའ་རྒོད་ལ།།

གྲོགས་ན་ཟླའི་ཁྲོད་དུ་ཡོད་ན་སྔགས།།

གཉེན་ཉེ་བའི་ནང་དུ་རྙེད་ན་བཀུར།།

དགྲ་ནག་པོའི་ཚོགས་སུ་ལགས་ན་མཆོད།།

 

སྡོམ་ལྷ་སྒྲུང་རྨི་ལམ་ཡིན་པར་སྒོམས།།

སྡོམ་ན་བུན་སྨུག་སྒྱུ་བཞིན་དུ་སོམས།།

སྡོམ་རེགས་མེད་འཇའ་ཚོན་ཉིད་ལ་བལྟ།།

སྡོམ་མ་མཐོང་གཡང་ཁའི་བྲག་ཅ་ཡིན།།

 

སྡོམ་དྲགས་པས་མཇེ་ཡིས་འོས་ལངས་བྱེད།།

སྡོམ་རིང་བས་ཁུ་བ་གང་སར་བཞུར།།

སྡོམ་ཐལ་བས་སྙིང་རླུང་དྲག་ཏུ་ལྡིང༌།།

སྡོམ་སྒོང་ཤུན་ནང་ནས་འཕུར་ལ་ཤོག།

 

ད་སྡོམ་པ་གླེང་ནས་ཁོམ་ཚོད་མིན།།

སྨན་བུ་མོ་ཞིག་གིས་སྒུག་ནས་ཡོད།།

ད་སྡོམ་པ་ཟེར་ནས་སྡོད་སྐབས་མིན།།

ལུས་གཅེར་བུར་བུད་ནས་མདུན་ན་ཡོད།།

 

རྐང་དོར་མའི་ཁ་ཐིག་བཤིག་བཞག་ཡོད།།

བྲང་ནུ་ཤུབ་ལག་པས་བཀྲོལ་བཞག་ཡོད།།

མཇེ་དེ་ཡང་རང་གར་སྡོད་རྐྱང་མིན།།

སྒོ་རྡུང་བཞིན་ནང་དུ་འཛུལ་གྲབ་ཡོད།།

 

ལོ་ཉི་ཤུར་བསོགས་པའི་ཁུ་བ་འདི།།

དུས་དོ་དགོང་བུ་མོ་ཁོང་ལ་འབུལ།།

གཟུགས་བཀྲག་མདངས་རྒྱས་པའི་ལེགས་སྐྱེས་ཡིན།།

བཞིན་ཤ་རྩ་དཀར་བའི་དྲན་རྟེན་ཡིན།།

 

2011   10   11  ཁྲིན་ཏུའུ།

 

གསལ་བཤད་གྲོགས་པོ་སྒེའུ་ཁུང་ལགས་ཀྱི་རྩོམ་ཡིག་འདི་ཉིད་མཚོ་སྔོན་ཟིན་བྲིས་ལས་རྩོམ་པ་པོས་བདག་དབང་སྤྲོད་པའི་ཐོག་ནས་བརྒྱུད་འགོད་བྱས་པ་ཡིན།

 

 

 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2014/1/30 17:31:17 | By: སྐུ་མགྲོན་Jne5HT(སྐུ་མགྲོན) ]
 
སྐུ་མགྲོན་Jne5HT(སྐུ་མགྲོན)མོ་མ་སྡོམ་ཕོ་ཡི་མགོ་བོར་ཞོག།
མོ་དད་པ་བུ་ཡི་བསོད་ནམས་ཡིན།།
མོ་སྡོམ་ཤོར་མཁའ་འགྲོ་གྲངས་མེད་རེད།།
མོ་སྡོམ་འགལ་མི་རིགས་གོང་འཕེལ་ཡིན།།
མོ་སྡོམ་ན་ཁྲི་མུན་དགུ་རིམ་ཟེར།།
མོ་མཚན་མ་མགོ་བོའི་ཞྭ་བཞིན་གྱོན།།
མོ་མཐོང་ཚད་བུ་ཁྱེད་གཏན་གྲོགས་གྱིས།།
མོ་འདི་ལས་ལྷག་པ་སྲིད་ན་དཀོན།།
མོ་མི་འདོད་མོ་ལས་གཞན་ཞིག་མེད།།
མོ་བློ་ཕུགས་དྲིས་དང་བོད་པ་ཚོ།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2014/1/28 14:20:22 | By: སྐུ་མགྲོན་13Yl05(སྐུ་མགྲོན) ]
 
སྐུ་མགྲོན་13Yl05(སྐུ་མགྲོན)སྡོམ་རྒོལ་བ་སྡོམ་ཤོར་འགའ་ཤས་ཡིན།།
སྡོམ་དགེ་བ་ཆོས་ཀྱི་སྙིང་པོ་ཡིན།།
སྡོམ་ཡོད་ན་སྐྱོན་གྱི་གོ་སྐབས་དབེན།།
སྡོམ་མེད་ན་ལེགས་པའི་ལམ་ཁ་སྟོར།།
སྡོམ་ཟེར་ན་མོ་སྡོམ་གཅིག་པུ་མིན།།
སྡོམ་ངོ་བོ་སྐྱོན་ཆའི་རིགས་སྡོམ་ཡིན།།
སྡོམ་མི་འདོད་རང་སྣང་གང་ཤར་རྣམས།།
སྡོམ་སྡིག་པའི་གྲལ་དུ་ཚུད་རབས་ཡོད།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/26 1:38:48 | By: ལག་རྟེན།(སྐུ་མགྲོན) ]
 
ལག་རྟེན།(སྐུ་མགྲོན)རང་འདོད་ཆགས་ཆེ་བ་ལས་ཡིན་ཀྱང་།།
གཞན་འདོད་སྤྱོད་སྐུལ་བ་ཉེས་པའི་གཞི།།
ཁ་གསང་སྤྱོད་ཁང་གི་སྒོ་འགྲམ་ན།།
ཚིག་རྐུབ་ནས་ཐོན་པས་འུར་སྒྲ་སྒྲོག།

མ་དྲིན་ཆེན་ཞིག་གི་མིག་ཡིན་ཀྱང་།།
ཕ་ལས་ངན་ཞིག་གི་རྡོག་ཁྲེས་ཉིད།།
ལུས་སྒོ་ལྔའི་མེ་ལོང་གསལ་ནའང་།།
གཟུགས་ཐུར་ལ་མཐོང་བ་སྙིང་རེ་རྗེ།།

སྡོམ་མིག་བཞིན་སྲུང་བའི་དགེ་སྟོབས་ཀྱིས།།
བན་སེར་མོའི་དགེ་སློང་ཕྱི་ན་གྲགས།།
གསེར་རྟགས་མའི་རིན་ཐང་སྡོམ་པས་བླངས།།
ཞི་བདེ་བའི་ཉི་གཞོན་སྡོམ་པས་བསུས།།

སྡོམ་འཁུར་ཤེས་བ་སྤུའི་རྐང་ལས་ཡང་།།
བསྲུང་མ་ཤེས་ལྕགས་ཀྱི་རི་ལས་ལྗིད།།
ཤེལ་སྒེའུ་ཡོལ་མེད་པའི་སྒེའུ་ཁུང་འདིས་།།
སྡོམ་སྔོན་ཤོར་ད་ལྟ་ཤོར་རབས་བཤད།།

ཚེ་ཕྱི་མ་མི་བསམ་སྒེའུ་ཁུང་ལགས།།
ཚེ་འདི་ནས་ཕྱི་མ་འགྲོ་བའི་སྐབས།།
ས་བར་དོ་འཇིགས་པ་སྐྱེས་དུས་སུ།།
ང་གསོལ་བ་ཐོབས་དང་ངས་ཁྱོད་འདྲེན།།

ཁྱོད་སྡིག་སྒྲིབ་ཆེ་བའི་རྣམ་སྨིན་གྱིས།།
ཡར་མཐོ་རིས་གནས་སུ་མི་མངགས་མོད།།
མར་ངན་སོང་གསུམ་གྱི་ལམ་ཁ་ཞིག།
ཕྱག་མཐེབ་ཆུང་བར་ནས་ཁྱོད་ལ་སྟོན།།

 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/25 1:04:30 | By: ལག་རྟེན།(སྐུ་མགྲོན) ]
 
ལག་རྟེན།(སྐུ་མགྲོན)དགུང་སྔོན་པོའི་ཁ་ཞེང་མ་མཐོང་བའི།།
ལས་ངན་པའི་ཁང་གོག་སྒེའུ་ཁུང་དེས།།
མིག་ཕྱིན་ཅི་ལོག་གི་གྲུ་ཟུར་ན།།
ཚིག་ཕྱིན་ཅི་ལོག་གི་དྲི་མ་ཐུལ།།

རང་འདོད་ཆགས་ཆེ་བ་ལས་ཡིན་ཀྱང་།།
གཞན་འདོད་སྤྱོད་སྐུལ་བ་ཉེས་པའི་གཞི།།
ཁ་གསང་སྤྱོད་ཁང་གི་སྒོ་འགྲམ་ན།།
ཚིག་རྐུབ་ནས་ཐོན་པས་འུར་སྒྲ་སྒྲོག།

མ་དྲིན་ཆེན་ཞིག་གི་མིག་ཡིན་ཀྱང་།།
ཕ་ལས་ངན་ཞིག་གི་རྡོག་ཁྲེས་ཉིད།།
ལུས་སྒོ་ལྔའི་མེ་ལོང་གསལ་ནའང་།།
གཟུགས་ཐུར་ལ་མཐོང་བ་སྙིང་རེ་རྗེ།།

སྡོམ་མིག་བཞིན་སྲུང་བའི་དགེ་སྟོབས་ཀྱིས།།
བན་སེར་མོའི་དགེ་སློང་ཕྱི་ན་གྲགས།།
གསེར་རྟགས་མའི་རིན་ཐང་སྡོམ་པས་བླངས།།
ཞི་བདེ་བའི་ཉི་གཞོན་སྡོམ་པས་བསུས།།

སྡོམ་འཁུར་ཤེས་བ་སྤུའི་རྐང་ལས་ཡང་།།
བསྲུང་མ་ཤེས་ལྕགས་ཀྱི་རི་ལས་ལྗིད།།
ཤེལ་སྒེའུ་ཡོལ་མེད་པའི་སྒེའུ་ཁུང་འདིས་།།
སྡོམ་སྔོན་ཤོར་ད་ལྟ་ཤོར་རབས་བཤད།།

ཚེ་ཕྱི་མ་མི་བསམ་སྒེའུ་ཁུང་ལགས།།
ཚེ་འདི་ནས་ཕྱི་མ་འགྲོ་བའི་སྐབས།།
ས་བར་དོ་འཇིགས་པ་སྐྱེས་དུས་སུ།།
ང་གསོལ་བ་ཐོབས་དང་ངས་ཁྱོད་འདྲེན།།

ཁྱོད་སྡིག་སྒྲིབ་ཆེ་བའི་རྣམ་སྨིན་གྱིས།།
ཡར་མཐོ་རིས་གནས་སུ་མི་མངགས་མོད།།
མར་ངན་སོང་གསུམ་གྱི་ལམ་ཁ་ཞིག།
ཕྱག་མཐེབ་ཆུང་བར་ནས་ཁྱོད་ལ་སྟོན།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/23 14:26:01 | By: yongdrom ]
 
yongdrom

སྡོམ་པ་སྔོན་ནས་སེང་རྡོར་ཟེར་བས་བཀག།
སྡོམ་པ་དོ་ནུབ་སྒེའུ་ཁུང་ཟེར་བས་བཀྲོལ།།
སྡོམ་པ་འདི་ལ་མདའ་སྨྱུག་སོགས་ཀྱིས་ཀྱང་།།
སྡོན་པ་ཕལ་ཆེར་སྡུག་གྱོང་ཡིན་པར་བཤད།།
སྡོམ་ལས་འཕྲོས་པའི་དྲང་གཏམ་འདིར་གླེང་ན།།
སྡོམ་པ་བཀྲོལ་དང་མི་བཀྲོལ་རང་དབང་ཡོད།།
སྡོམ་བྱ་སྡོམ་དང་མི་སྡོམ་རང་གིས་ཤེས།།
སྡོམ་པ་བཤད་པའི་རྟུལ་ཕོད་ཀྱིས་མཚོན་པའི།།
སྡོམ་པར་རྒོལ་བའི་དེབ་གཞི་འགའ་ལས་ཀྱང་།།
སྡོམ་པ་འདི་ཉིད་ལུས་སེམས་གང་ལ་འཇོག །
སྡོམ་འདི་ལུས་ལ་འཇོག་ན་བཀག་ཐབས་མེད།།
སྡོམ་པ་སེམས་ལ་འཇོག་ན་བྱིས་པ་ཀུན།།
སྡོམ་ལྡན་འགྱུར་བའི་གསུང་བཤད་གནང་བ་ལ།།
སྡོམ་ལས་འཕྲོས་པའི་གཏམ་ལན་རེ་ཕུལ་ན།།
སྡོན་ཞེས་སྤྱིར་ན་ལུས་སེམས་གཉིས་ཀའི་སྟེང་།།
སྡོམ་པ་ཞེས་འདི་འཇོག་པར་འདོད་ནས་ཡོད།།
སྡོམ་པ་ལུས་སྟེང་ནས་ཀྱང་བཞག་གྱུར་ན།།
སྡོམ་པ་འདི་ནི་བྱིས་པའི་ཚོགས་དག་ལ།།
སྡོམ་པ་ལྡན་པར་འགྱུར་ཉེས་ཅི་ལ་ཡོད།།
སྡོམ་པ་གཙོ་བོར་ལྡན་དང་མི་ལྡན་ནི།།
སྡོམ་པ་གནང་བའི་འབོག་ཆོགས་དེ་ལ་ཐུག །
སྡོམ་པ་དེ་ནས་ཞུས་ན་ཐོབ་པ་ཡིན།།
སྡོམ་པ་ཞུས་ནས་བཀྲོལ་ན་ཤོར་བ་ཡིན།།
སྡོམ་པ་མ་ཞུས་ན་ཡང་བཀྲོལ་ཐབས་མེད།།
སྡོམ་པ་གནང་དང་ཞུ་ལ་མ་འབྲེལ་བའི།།
སྡོམ་ལྡན་བྱིས་པ་འགྱུར་ཐབས་དོན་གྱིས་སྟོང་།།གཤེན་སྨྱུག་པས།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/22 19:17:55 | By: ལག་རྟེན།(སྐུ་མགྲོན) ]
 
ལག་རྟེན།(སྐུ་མགྲོན)དགུང་སྔོན་པོའི་ཁ་ཞེང་མ་མཐོང་བའི།།
ལས་ངན་པའི་ཁང་གོག་སྒེའུ་ཁུང་དེས།།
མིག་ཕྱིན་ཅི་ལོག་གི་གྲུ་ཟུར་ན།།
ཚིག་ཕྱིན་ཅི་ལོག་གི་དྲི་མ་ཐུལ།།

རང་འདོད་ཆགས་ཆེ་བ་ལས་ཡིན་ཀྱང་།།
གཞན་འདོད་སྤྱོད་སྐུལ་བ་ཉེས་པའི་གཞི།།
ཁ་གསང་སྤྱོད་ཁང་གི་སྒོ་འགྲམ་ན།།
ཚིག་རྐུབ་ནས་ཐོན་པས་འུར་སྒྲ་སྒྲོག།

མ་དྲིན་ཆེན་ཞིག་གི་མིག་ཡིན་ཀྱང་།།
ཕ་ལས་ངན་ཞིག་གི་རྡོག་ཁྲེས་ཉིད།།
ལུས་སྒོ་ལྔའི་མེ་ལོང་གསལ་ནའང་།།
གཟུགས་ཐུར་ལ་མཐོང་བ་སྙིང་རེ་རྗེ།།

སྡོམ་མིག་བཞིན་སྲུང་བའི་དགེ་སྟོབས་ཀྱིས།།
བན་སེར་མོའི་དགེ་སློང་ཕྱི་ན་གྲགས།།
གསེར་རྟགས་མའི་རིན་ཐང་སྡོམ་པས་བླངས།།
ཞི་བདེ་བའི་ཉི་གཞོན་སྡོམ་པས་བསུས།།

སྡོམ་འཁུར་ཤེས་བ་སྤུའི་རྐང་ལས་ཡང་།།
བསྲུང་མ་ཤེས་ལྕགས་ཀྱི་རི་ལས་ལྗིད།།
ཤེལ་སྒེའུ་ཡོལ་མེད་པའི་སྒེའུ་ཁུང་འདིས་།།
སྡོམ་སྔོན་ཤོར་ད་ལྟ་ཤོར་རབས་བཤད།།

ཚེ་ཕྱི་མ་མི་བསམ་སྒེའུ་ཁུང་ལགས།།
ཚེ་འདི་ནས་ཕྱི་མ་འགྲོ་བའི་སྐབས།།
ས་བར་དོ་འཇིགས་པ་སྐྱེས་དུས་སུ།།
ང་གསོལ་བ་ཐོབས་དང་ངས་ཁྱོད་འདྲེན།།

ཁྱོད་སྡིག་སྒྲིབ་ཆེ་བའི་རྣམ་སྨིན་གྱིས།།
ཡར་མཐོ་རིས་གནས་སུ་མི་མངགས་མོད།།
མར་ངན་སོང་གསུམ་གྱི་ལམ་ཁ་ཞིག།
ཕྱག་མཐེབ་ཆུང་བར་ནས་ཁྱོད་ལ་སྟོན།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/22 19:14:17 | By: ལག་རྟེན།(སྐུ་མགྲོན) ]
 
ལག་རྟེན།(སྐུ་མགྲོན)དགུང་སྔོན་པོའི་ཁ་ཞེང་མ་མཐོང་བའི།།
ལས་ངན་པའི་ཁང་གོག་སྒེའུ་ཁུང་དེས།།
མིག་ཕྱིན་ཅི་ལོག་གི་གྲུ་ཟུར་ན།།
ཚིག་ཕྱིན་ཅི་ལོག་གི་དྲི་མ་ཐུལ།།

རང་འདོད་ཆགས་ཆེ་བ་ལས་ཡིན་ཀྱང་།།
གཞན་འདོད་སྤྱོད་སྐུལ་བ་ཉེས་པའི་གཞི།།
ཁ་གསང་སྤྱོད་ཁང་གི་སྒོ་འགྲམ་ན།།
ཚིག་རྐུབ་ནས་ཐོན་པས་འུར་སྒྲ་སྒྲོག།

མ་དྲིན་ཆེན་ཞིག་གི་མིག་ཡིན་ཀྱང་།།
ཕ་ལས་ངན་ཞིག་གི་རྡོག་ཁྲེས་ཉིད།།
ལུས་སྒོ་ལྔའི་མེ་ལོང་གསལ་ནའང་།།
གཟུགས་ཐུར་ལ་མཐོང་བ་སྙིང་རེ་རྗེ།།

སྡོམ་མིག་བཞིན་སྲུང་བའི་དགེ་སྟོབས་ཀྱིས།།
བན་སེར་མོའི་དགེ་སློང་ཕྱི་ན་གྲགས།།
གསེར་རྟགས་མའི་རིན་ཐང་སྡོམ་པས་བླངས།།
ཞི་བདེ་བའི་ཉི་གཞོན་སྡོམ་པས་བསུས།།

སྡོམ་འཁུར་ཤེས་བ་སྤུའི་རྐང་ལས་ཡང་།།
བསྲུང་མ་ཤེས་ལྕགས་ཀྱི་རི་ལས་ལྗིད།།
ཤེལ་སྒེའུ་ཡོལ་མེད་པའི་སྒེའུ་ཁུང་འདིས་།།
སྡོམ་སྔོན་ཤོར་ད་ལྟ་ཤོར་རབས་བཤད།།

ཚེ་ཕྱི་མ་མི་བསམ་སྒེའུ་ཁུང་ལགས།།
ཚེ་འདི་ནས་ཕྱི་མ་འགྲོ་བའི་སྐབས།།
ས་བར་དོ་འཇིགས་པ་སྐྱེས་དུས་སུ།།
ང་གསོལ་བ་ཐོབས་དང་ངས་ཁྱོད་འདྲེན།།

ཁྱོད་སྡིག་སྒྲིབ་ཆེ་བའི་རྣམ་སྨིན་གྱིས།།
ཡར་མཐོ་རིས་གནས་སུ་མི་མངགས་མོད།།
མར་ངན་སོང་གསུམ་གྱི་ལམ་ཁ་ཞིག།
ཕྱག་མཐེབ་ཆུང་བར་ནས་ཁྱོད་ལ་སྟོན།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/7/22 0:32:12 | By: ལག་རྟེན།(སྐུ་མགྲོན) ]
 
ལག་རྟེན།(སྐུ་མགྲོན)དགུང་སྔོན་པོའི་ཁ་ཞེང་མ་མཐོང་བའི།།
ལས་ངན་པའི་ཁང་གོག་སྒེའུ་ཁུང་དེས།།
མིག་ཕྱིན་ཅི་ལོག་གི་གྲུ་ཟུར་ན།།
ཚིག་ཕྱིན་ཅི་ལོག་གི་དྲི་མ་ཐུལ།།

རང་འདོད་ཆགས་ཆེ་བ་ལས་ཡིན་ཀྱང་།།
གཞན་འདོད་སྤྱོད་སྐུལ་བ་ཉེས་པའི་གཞི།།
ཁ་གསང་སྤྱོད་ཁང་གི་སྒོ་འགྲམ་ན།།
ཚིག་རྐུབ་ནས་ཐོན་པས་འུར་སྒྲ་སྒྲོག།

མ་དྲིན་ཆེན་ཞིག་གི་མིག་ཡིན་ཀྱང་།།
ཕ་ལས་ངན་ཞིག་གི་རྡོག་ཁྲེས་ཉིད།།
ལུས་སྒོ་ལྔའི་མེ་ལོང་གསལ་ནའང་།།
གཟུགས་ཐུར་ལ་མཐོང་བ་སྙིང་རེ་རྗེ།།

སྡོམ་མིག་བཞིན་སྲུང་བའི་དགེ་སྟོབས་ཀྱིས།།
བན་སེར་མོའི་དགེ་སློང་ཕྱི་ན་གྲགས།།
གསེར་རྟགས་མའི་རིན་ཐང་སྡོམ་པས་བླངས།།
ཞི་བདེ་བའི་ཉི་གཞོན་སྡོམ་པས་བསུས།།

སྡོམ་འཁུར་ཤེས་བ་སྤུའི་རྐང་ལས་ཡང་།།
བསྲུང་མ་ཤེས་ལྕགས་ཀྱི་རི་ལས་ལྗིད།།
ཤེལ་སྒེའུ་ཡོལ་མེད་པའི་སྒེའུ་ཁུང་འདིས་།།
སྡོམ་སྔོན་ཤོར་ད་ལྟ་ཤོར་རབས་བཤད།།

ཚེ་ཕྱི་མ་མི་བསམ་སྒེའུ་ཁུང་ལགས།།
ཚེ་འདི་ནས་ཕྱི་མ་འགྲོ་བའི་སྐབས།།
ས་བར་དོ་འཇིགས་པ་སྐྱེས་དུས་སུ།།
ང་གསོལ་བ་ཐོབས་དང་ངས་ཁྱོད་འདྲེན།།

ཁྱོད་སྡིག་སྒྲིབ་ཆེ་བའི་རྣམ་སྨིན་གྱིས།།
ཡར་མཐོ་རིས་གནས་སུ་མི་མངགས་མོད།།
མར་ངན་སོང་གསུམ་གྱི་ལམ་ཁ་ཞིག།
ཕྱག་མཐེབ་ཆུང་བར་ནས་ཁྱོད་ལ་སྟོན།།
 
 
Re:མོ་སྡོམ་ལ་རྒོལ་གྱིན་འདུག
[ 2012/4/8 14:52:43 | By: zezhou ]
 
zezhouརྩོམ་འདི་ངོ་མ་ཡག་གི
 
 
Re:མོ་སྡོམ་ལ་རྒོལ་བ།
[ 2011/12/27 0:12:49 | By: སྐུ་མགྲོན་138Lco(སྐུ་མགྲོན) ]
 
སྐུ་མགྲོན་138Lco(སྐུ་མགྲོན)རྩོམ་པ་པོ་སྒེའུ་ཁུང་གི་འདོད་ཚུལ་ལ་བལྟས་ན་ཁོ་རང་འདོད་སྨན་སྒམ་ཁ་ཤས་ཉོས་ཏེ་ཨ་ནེའི་དགོན་པ་ཁག་ཏུ་སྲེད་ཉུལ་དུ་སོང་ན་བོད་ཆུས་ལ་ཕན་པ་རེ་ཆེ་ཚོད། འོན་ཀྱང་ཕྲན་ནི་སྡོམ་ཞེས་པ་ལ་ཁ་མཚར་ཚུལ་དུ་བྲིས་པའི་མིང་མེད་ཀྱི་རྩོམ་ཐུང་དེར་ཡིད་སྨོན་ཤོར་སོང་། ལྷ་ས་ནས་སྡོམ་ཤོར་ཞིག་གིས།
 
 
Re:མོ་སྡོམ་ལ་རྒོལ་བ།
[ 2011/12/24 18:52:13 | By: སྐུ་མགྲོན་JNEq27(སྐུ་མགྲོན) ]
 
སྐུ་མགྲོན་JNEq27(སྐུ་མགྲོན)ཁ་བྱང་དེ། སྡོམ་པ་བཀྲོལ་བ་མ་རེད་ཤོར་བ་རེད། ཧ་ཧ་ཧ།
 
 
Re:མོ་སྡོམ་ལ་རྒོལ་བ།
[ 2011/12/24 18:43:42 | By: སྐུ་མགྲོན་JNEq27(སྐུ་མགྲོན) ]
 
སྐུ་མགྲོན་JNEq27(སྐུ་མགྲོན)ཚིག་མ་དག་པ་ཤོར་སོང་བ་རེ་གཉིས་ཤིག་འདུག ཀློག་མཁན་ཡོད་ཚེ་ཧ་གོ་བར་གྱིས།
 
 
Re:མོ་སྡོམ་ལ་རྒོལ་བ།
[ 2011/12/24 18:29:11 | By: སྐུ་མགྲོན་M62Tlx(སྐུ་མགྲོན) ]
 
སྐུ་མགྲོན་M62Tlx(སྐུ་མགྲོན)སྡོམ་ཟེར་བ་མི་ཡི་དྲང་ཤིང་རེད། །
སྡོམ་མེད་ན་དྲང་བདེན་འདུ་ཤེས་མེད། །
སྡོམ་ཡིག་ཚང་ཡོད་པའི་བཙན་པོ་ཡིས། །
སྡོམ་ཐོབ་པའི་མི་ཚོགས་ཁྲི་འབུམ་བཀུག །

སྡོམ་རྒྱུད་ལ་མེད་པའི་ཁྲེལ་མེད་ཀྱིས། །
སྡོམ་མ་ཐུབ་བོད་ཁམས་སིལ་བུར་གཏོར། །
སྡོམ་མི་ལ་གཏད་པའི་ལྟག་སྒོ་ཡིས། །
སྡོམ་ཐག་གཅོད་ཕྱི་ནང་འཁོར་ཡུག་བསྡམས། །

སྡོམ་མི་ཤེས་གླེན་པ་མིག་ཅན་གྱིས། །
སྡོམ་རྩ་བཞིའི་སྡོམ་པ་སྡིག་དང་བསྲེས། །
ལུས་མ་བསྡམས་སྲོག་གཅོད་སྐུ་འཁྲོག་དང་། །
སྡོམ་ཐག་པའི་མོ་ལུས་གཙོག་ལ་སྦྱོར། །

ངག་མ་བསྡམས་རྫུན་ཚིག་དབྱེན་སྦྱོར་བྱེད། །
ཡིད་མ་བསྡམས་དྲན་དགུ་འཁྲུལ་བཅུ་ཡིས། །
སྡོམ་དམ་ལྡན་འཁོར་བའི་གཡང་དུ་འདྲེན། །
དེ་སྡོམ་པ་ཤོར་བའི་ཤོར་རྟགས་རེད། །

སྡོམ་བརྒྱུད་པ་འཛིན་པའི་སྐྱེས་ཆེན་གྱིས། །
སྡོམ་བསླབ་བྱ་གདམས་པའི་སྐུ་དྲིན་ལས། །
སྡོམ་རྒྱུད་ལ་འབྱོར་བའི་སྐྱ་སེར་གྱིས། །
སྡོམ་དམ་ཚིག་བསྲུངས་ནས་ལུགས་སྲོལ་སྐྱོང། །

སྡོམ་མི་ལ་བཤད་པའི་སྡེ་དཔོན་གྱིས། །
སྡོམ་ཐེབས་པའི་འཁོར་འབངས་མངའ་རིས་སྐྱོང་། །
སྡོམ་རྒྱུད་ལ་ཉར་བའི་ཆོས་དཔོན་གྱིས། །
སྡོམ་ཉམས་ལེན་བྱེད་ནས་སངས་རྒྱས་སྒྲུབ། །

སྡོམ་ཁོག་ལ་ཉར་བའི་ཚོང་དཔོན་གྱིས། །
རྒྱུ་ཉོ་ཚོང་བྱེད་ཞོར་སྡོམ་རྩིས་རྒྱག །
སྡོམ་ལེགས་ཉེས་འབྱེད་པའི་མཁས་པ་ཡིས། །
སྡོམ་མགོ་མཇུག་ཡོད་པའི་བསྟན་བཅོས་རྩོམ། །

སྡོམ་གཏོང་ལྷོད་ཤེས་པའི་མཛངས་མ་ཡིས། །
སྡོམ་ལག་ཏུ་ལེན་ནས་རང་ལུས་སྲུང། །
སྡོམ་ཞེས་པ་དོན་དུ་ཁྲིམས་ཤིག་རེད། །
ཁྲིམས་མེད་ན་རྒྱལ་ཁམས་འཆོར་བུར་འགྲོ། །

ཁྲིམས་མེད་ན་ཁྲེལ་དང་ངོ་ཚ་མེད། །
ཁྲིམས་མེད་ན་སྡེ་འཁྲུགས་ནང་དམེ་བྱེད། །
ཁྲིམས་དེ་ལ་ཆོས་ཁྲིམས་སྲིད་ཁྲིམས་གཉིས། །
དེ་གཉིས་ལ་མ་འདུས་སྡོམ་ཞིག་མེད། །

སྡོམ་ཕོ་སྡོམ་མོ་སྡོམ་གང་བཤད་ཀྱང་། །
དོན་སྐྱ་སེར་གཉིས་ཀའི་ཁྲིམས་ལུགས་ལས། །
སྡོམ་ཞེས་པ་ལུས་ཀྱི་ཁུ་བ་མིན། །
སྡོམ་ཞེས་པ་འདོད་སྡོམ་གཅིག་པུ་མིན། །

སྡོམ་ཞེས་པ་གྲྭ་བའི་སྒེར་སྲུང་མིན། །
སྡོམ་འདི་ལ་སྡོམ་ཐག་འདོམས་པ་བརྒྱ། །
སྡོམ་ཐུབ་མཁན་སྲིད་པའི་དཀའ་ཐུབ་ཅན། །
གོས་དམར་སེར་མཆོད་པའི་སེར་མོ་ཡིན། །

ལུས་ཐིག་ལེ་བསྡམས་ནས་བཀྲག་མདངས་རྒྱས། །
ངག་ཚིག་རྩུབ་བསྡམས་ནས་འཇམ་ཞིང་བཙུན། །
ཡིད་མངན་སེམས་བསྡམས་ནས་ཞི་བདེ་འཕེལ། །
དེ་ཨི་བདེན་ད་དུང་དཔྱད་གཞི་ཐོངས། །
སྡོམ་ཞེས་པ་དེ་ལ་ཁ་མཚར་གྱི་ཚུལ་དུ་བྲིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.