གསར་འགྱུར་དུས་ཐོན་མ།
ཁ་སང་སྟེ་སྤྱི་ཚེས18ཉིན་རྒྱ་གར་བྱང་ཕྱོགས་སི་ཀན་ལ་ས་འགུལ་ 6.8 བྱུང་བ་དང་མི་གྲངས་བརྒྱ་ལ་ཉེ་བར་ཤི་སྨས་ཕོག་བ་མ་ཟད། གཏིང་ཚད་ལ་སྤྱི་ལེ་20དང་རྒྱ་ཁྱོན་ལ་སྤྱི་ལེ་1000ལྷག་གི་འཁྲོལ་འགུལ་བྱུང་བ་རེད། རྒྱ་གར་ཉེར་འཁོར་བལ་ཡུལ་དང་འབྲུག་པ། བོད་ལྗོངས་ཀྱི་གྲོ་མོ། ལྗང་རྩེ། ལྷ་ས། འདམ་གཞུང་སོགས་འཁྲོལ་འགུལ་བྱུང་བས་མི་ཚད་གཞིས་རྩེ་ས་ཁུལ་གྲོ་མོ་རྫོང་ཅུང་ཚབ་ཆེ་སྟེ་དེ་སྔོན་མི་7 འཆི་བ་དང་མི་ 22སྨས་ཕོག་འདུག་པའི་གནས་ཚུལ་བཙལ་རྙེད་བྱུང་། བསྒྲགས་པའི་གནས་ཚུལ་ལྟར་ན་མིག་སྔར་རྫོང་མཁར་གློག་ཆད་དེ་བརྡ་འཕྲིན་སོགས་བཀོལ་སྤྱོད་དཀོན་ན་ཡང་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་ས་འགུལ་ཐེབས་ཡུལ་ལ་མྱར་སྐྱོབས་བྱེད་བཞིན་ཡོད་ཚུལ་འདུག