གཤེན་གྱི་བྲོ་ར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

རུས་མིང་། ཡ་བྲང་གཡུ་འབྲུག་ཚེ་རིང་།

སྐྱེས་ཡུལ། ཁམས་སྡེ་དགེ་འཇོ་མདའ་རྫོང་

ཡིག་སྒམ། yazhuyongzhou@yahoo.com.cn

QQ  1179374324

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 11
  • དཔྱད་བརྗོད། 51
  • ཆེམས། 1
  • ཀློག་གྲངས། 9576


 
ཁ་བ་དང་ཡ་བྲང་།
[ 2011/12/7 10:34:00 | By: ཡ་བྲང་གཡུ་འབྲུག ]
 

                         ཁ་བ།

                     

                     དྲྭ་གྲོགས་གཤེན་ཚེ་ཚང་གི་ཟིན་བྲིས་ཤིག་གི་ཚོར་འདུ་ལས་བྲིས།

 

ཁ་བ་ལྷབ་ལྷུབ་འབབས་དུས།།
ཁ་བའི་བདེ་སྡུག་དྲན་ཡོང་།།
ཁ་སེམས་ཁ་བར་དཀར་བའི།།
ཁ་བའི་གྲོགས་ལ་འཚམས་འདྲི།།

ཁ་བའི་ཁ་དོག་གླེང་ན།།
ཁ་བ་མ་མཐོང་འགོར་བའི།།
ཁ་བའི་བུ་ཆུང་ང་ཡང་།།
ཁ་བའི་ལྗོངས་ལ་ཆས་འགྲོ།།

ཁ་བ་འབབས་འཚམས་གཞག་དུས།།
ཁ་བ་ཅན་ལ་སླེབས་དགོས།།
ཁ་བ་ཁུང་འཕང་འགྱུར་ཉིན།།
ཁ་བའི་རྣམ་ཤེས་ཁྱེར་རོགས།།

ཁ་ཕོ་ཡར་ལ་མ་གཏད།།
ཁ་བ་མར་ལ་འབབས་བྱུང་།།
ཁ་བའི་གྲང་རླུང་ཁྲོད་ནས།།
ཁ་བའི་བདེ་སྡུག་གླེང་གཞག།།

ཁ་མཆུ་ཕར་ལ་མ་བཤད།།
ཁ་བའི་གནད་དོན་བགྲོས་ཡོད།།
ཁ་ཁོག་མེད་པའི་མི་དེས།།
ཁ་ལ་རྒྱ་གྲམ་བཞག་བྱུང་།།

ཁ་སེམས་མཐུན་པའི་གྲོགས་པོ།།
ཁ་ཁོག་མེད་པ་ལོས་ཡིན།།
ཁ་བ་ཆུ་ལ་འགྱུར་དུས།།
ཁ་བའི་ཀློང་དུ་ཐིམ་སོང་།།

ཁ་བ་ངས་ཀྱང་གླེང་ཡོང་།།
ཁ་ཚིག་ཁྱེད་དང་མཐུན་དགོས།།
ཁ་བའི་ལམ་བུ་དོག་རུང་།།
ཁ་བ་གླེང་མཚམས་མི་འཇོག།


ཁ་ནས་ཁ་བ་གླེང་ན།།
ཁ་ཆུ་ཁ་ནས་འཐོར་སོང་།།
ཁ་བ་ཅན་གྱི་མི་ལ།།
ཁ་ལས་རླུང་རྟ་དར་ཤོག།

 

2011。12。7。ཉིན།

ཕ་ཡུལ་ཁ་བ་ཅན་དེ་རྒྱང་དུ་གྱེས་པའི་ཤར་གྱི་ཞི་བདེ་རྒྱ་མཚོ་འགྲམ་ངོགས་སུ་ཁ་བ་སེམས་ལ་བརྣག་སྟེ་ཡ་བྲང་གཡུ་འབྲུག་གིས་ཤར་མར་སྤེལ།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁ་བ་དང་ཡ་བྲང་།
[ 2012/1/9 16:36:58 | By: སྐུ་མགྲོན་1iy4Cp(སྐུ་མགྲོན) ]
 
སྐུ་མགྲོན་1iy4Cp(སྐུ་མགྲོན)ཁ་ཁོ་ནར་རྩོད་པའི་སྒང་པ་བོད། ཁེ་གཞན་ལ་ཤོར་བའི་སྐྱོ་ཀི་ཟེར། ཁོ་རྩོད་རྒྱུར་དགའ་བའི་མ་ཡིན་ཡང་། ཁུ་སིམས་མེར་སྡོད་པ་ག་ལ་ཁོམ།
 
 
Re:ཁ་བ་དང་ཡ་བྲང་།
[ 2011/12/8 22:31:14 | By: སྐུ་མགྲོན་s84Aq1(སྐུ་མགྲོན) ]
 
སྐུ་མགྲོན་s84Aq1(སྐུ་མགྲོན)ཁ་སྔོན་ཧི་བོན་དྲ་བར་ལྟ་བའི་སྐབས།
ཁ་བཤད་དོན་གནས་དགེ་བཤེས་ཟིན་ཐོའི་ཐོག
ཁ་མཚར་དགའ་བའི་ཡ་བྲང་གཡུ་འབྲུག་པས།
ཁ་བརྡུང་བོན་གཏང་བའི་ལོག་ལྟར་རྫུས།
༧ཁ་ཞེ་བོན་དང་བོད་ཀྱི་ལས་བསམ་མཁན།
ཁ་ལྟ་འདོད་པ་བདག་གིས་ང་མེད་རྫུས།
ཁ་ང་ོམ་འཕྲད་ཁྱེད་དང་ཁྱེད་གུས་པ་ཡི།
ཁ་བརྡའི་གཏམ་གླེང་དགག་བསྒྲུབ་དཔྱད་གཏམ་སྤེལ།
༧ཁ་ཚིག་བཤད་ལུགས་འགྲེལ་ལུགས་མ་འདྲ་ཡང་།
ཁ་ཕྱོགས་དམིགས་ཡུལ་གཅིག་པ་རྟོགས་པའི་རྗེས།
ཁ་ཚིག་རྩོད་པའི་་དཔྱད་གཏམ་བྲོ་བ་ཡལ།
ཁ་རོག་རང་དོན་འབད་བཞིན་སོ་སོར་གྱེས།
༧ཁ་སོང་ད་ནང་ཁྱེད་ཀྱི་དྲ་ཐོག་འདིར།
ཁ་ཡིག་ཁོ་ནའི་ཐོག་མའི་ཟུང་རྒྱན་གྱི།
ཁ་མཚར་གཏམ་ལ་ཁོ་བོས་སྣེ་ལེན་དང་།
ཁ་དགེ་བཀྲ་ཤིས་མཐར་ཐུག་བདེ་ལེགས་ཞུ།
༧ཁ་ཙམ་མིན་པའི་བསམ་འདུན་དྲང་པོའི་གཏམ།
ཁ་ཐུག་ཞུ་ལ་ཅུང་ཙམ་གསན་པར་འཚལ།
ཁ་ལྗོངས་ཀླད་རྙིང་འཁྲིག་བཟུང་གནའ་མི་ལ།
ཁ་གཏད་བདེན་པ་བཤད་ན་གོ་བ་མེད།
༧ཁ་འཇམ་ངང་རིང་ཚན་རིག་བཤད་པ་ལ།
ཁ་མིག་མང་ལ་མཐུན་པར་བཅོས་པའི་ངང་།
ཁ་བའི་བདེ་སྡུག་སྙེག་དོར་བཅུད་ལེན་གྱི།
ཁ་ཕྱོགས་གསར་གཏོད་མཛད་ན་འབྲས་བུ་ཡོད།
༧ཁ་བའི་ཡུལ་གྱི་ཁམས་པའི་རིག་སྨྲ་ཁྱེད།
ཁ་བའི་ལོ་རྒྱུས་འཕར་འགྲིབ་གནད་ཀྱི་དོན།
ཁ་ཁོག་མེད་པའི་ཤ་ཚའི་སྙིང་གཏམ་དེ།
ཁ་ཙམ་མིན་པ་བདག་གིས་ཡིད་ཆེས་ཡོད།
༧ཁ་ཐབས་ཆུང་བའི་གཙང་ཚའི་མི་ཆུང་ང་།
ཁ་རྩིས་སྤྱི་ཟླ་བཅུ་གཉིས་ཚེས་བཅོ་ལྔར།
ཁ་བའི་འཁོར་ཡུག་བརྒལ་སྟེ་འཕགས་ཡུལ་དུ།
ཁ་བའི་མགོན་པོའི་དྲུང་དེར་སླར་ཡངས་འགྲོ།
༧ཁ་དྲོ་བོད་ཀྱི་ལོ་གསར་དགའ་སྟོན་སྐབས།
ཁ་འཇམ་སེམས་དཀར་དྲིན་ཅན་ཕ་མའི་དྲུང་།
ཁ་སྤུ་བྱིལ་བྱིལ་ཕྱེ་མར་ཟ་བ་རུ།
ཁ་བའི་ལུང་པར་ལོག་རྒྱུའི་སྟ་གོན་ཡོད།
༧ཁ་བ་རླུང་རྟ་དར་བའི་གྲོག་པོ་ཁྱེད།
ཁ་འབུས་མེ་ཏོག་འདབས་མ་བཞེད་པའི་ཚེ།
ཁ་བ་བུ་ཡུག་ཆར་པར་གྱུར་བའི་དུས།
ཁ་བའི་ལྗོངས་འདིར་ཁྱུ་བྱུག་གྲག་པའི་སྐབས།
༧ཁ་བའི་ཞིང་ཁམས་ལྷ་ལྡན་གྲོང་ཕེབས་ཚེ།
ཁ་པར་རྒྱུད་ནས་འབྲེལ་བ་གནང་བར་མཚར།
ཁ་བཤད་དོོན་གནས་བསམ་གཏན་འགྱུར་མེད་གྱིས།
ཁ་དག་དཀར་པོའི་རགྱུད་ནས་ཕེབས་བསུ་ཞུ།།
༧ཁ་ཡིག་ཁ་ཤས་ཡོད་པའི་རྩོམ་ཐུང་འདི།
ཁ་བའི་དབུས་དཀྱིལ་ཉི་མའི་གྲོང་ཁྱེར་ནས།
ཁ་བསོད་ཆེ་བའི་མདོ་སྟོད་ཧོར་གྱི་མིས།
ཁ་འདར་སིག་སིག་དགུན་གྱི་དུས་དེར་སྤྲིངས།

 
 
Re:ཁ་བ་དང་ཡ་བྲང་།
[ 2011/12/7 11:22:32 | By: སྐུ་མགྲོན་vAqd7H(སྐུ་མགྲོན) ]
 
སྐུ་མགྲོན་vAqd7H(སྐུ་མགྲོན)༄།ཡ་བྲང་གཡུ་འབྲུག་ཚེ་རིང་ལགས་ནས་ཁ་ཁོ་ནའི་སྒྲ་རྒྱན་ཤོ་ལོ་ཀ་བརྒྱད་གྱི་བདག་ཉིད་ཅན་ཡག་པོ་བྲིས་འདུག་པ་ངོ་མཚར་ཆེ།ད་དུང་མུ་མཐུད་སྤེལ་བའི་རེ་བ་ཞུ།ཁྱེད་ཀྱི་དེ་སྔོན་དྲ་གྲོགས་གཙང་ཚ་ནས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ཁ་ངོ་གཏན་དུ་མཇལ་བར་མ་གྱུར་ཀྱང་།།
ཁ་ཡི་སྐད་ལས་དོན་གྱི་ངོ་ཤེས་བ།།
ཁ་བའི་མི་ལ་གཙང་ཚའི་འཕྲུལ་གྱི་བུ།།
ཁ་མིན་བསམ་གཏན་འགྱུར་མེད་གྲོགས་སུ་བསྡེབས།།
ཁ་བ་ཅན་དུ་སྐྱེས་པའི་མི་བུ་ང་།།
ཁ་བའི་དོན་དུ་འབད་པ་ལོས་སུ་ཆེ།།
ཁ་དོན་ཁོ་ན་མིན་པའི་ལས་བྱ་དེ།།
ཁ་དགེ་ཁྱེད་དང་འུ་གཉིས་མཉམ་དུ་བསྒྲུབ།།
ཁ་ན་ཁ་བ་ཡོད་པ་དོན་དུ་སེམས།།
ཁ་ཁོག་བོན་དུ་གཞོལ་བའི་ཡ་རེ་མཚར།།
ཁ་ལས་རླུང་གི་རྟ་ཕོ་མྱུར་མགྱོགས་ཅན།།
ཁ་བའི་བུ་ཕྲུག་ཁྱེད་ལ་སྐྱེས་སུ་བསྐྱོན།།
ཁ་བའི་གྲང་འཁྱག་ཀློང་ན་ཁ་བ་གླེང་།།
ཁ་བའི་ཉེར་འཚེ་བསམ་ན་ཁ་བ་བཤད།།
ཁ་བ་ནག་པོར་བསྟུད་མ་འབབས་ན་ཡང་།།
ཁ་དོན་མི་ཤོར་ཁོ་ཐག་ཁ་བའི་བུ།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.