སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དེ་རིང་གི་བོད་ལ་བལྟ་བ། 
[ 2011/11/23 15:49:00 | By: ཡ་བྲང་གཡུ་འབྲུག ]
 

དེ་རིང་གི་བོད་ལ་བལྟ་བ།

 

དབྲ་ཁྱུང་ཚང་གི་ཟིན་བྲིས་ཤིག་ཐོལ་གྱིས་བཀླགས་ཏེ་བྲིས།

 

ཕྱི་བཙན་འཛུལ་གྱི་གཉའ་གནོན་ཆེ་གི། 

ནང་བསམ་བློ་ཡི་དམགས་འཁྲུགས་རྒོད་གི།

བར་འཚོ་བ་ལ་དཀའ་ངལ་མང་གི།

དུས་དེ་རིང་གི་བོད་པའི་སྤྱི་ཚོགས།།

 

གོང་བླ་མ་ཡི་བཀའ་ཁྲིམས་བཙན་གཞག།།

འོག་སྡེ་དམངས་ཀྱི་མྱི་ཁ་རྒོད་གཞག།།

བར་གྲྭ་གཞོན་ཚོ་ཕྱི་སྡོམ་ནང་སྡོམ།།

དུས་དེ་རིང་གི་དགོན་སྡེའི་སློབ་གསོ།།

 

ཕྱི་ལྷ་འདྲེ་ལ་འབྱེད་སྒོ་མང་དགོས།།

ཁོང་བླ་མ་ལ་འབུལ་བ་མཐོ་དགོས།།

ཁྱིམ་གཟའ་ཚང་གི་ཡོང་སྒོ་ཉུང་བ།།

དུས་དེ་རིང་གི་བོད་པའི་འཚོ་བ།།

 

ཁོང་དགེ་བཤེས་ཚོ་རང་རློམས་མཐོ་སོང་།།

ཁྱོད་གྲྭ་བཙུན་ཚོ་རྟོགས་པ་འཆོལ་སོང་།།

ང་ན་གཞོན་གྱི་ལམ་བུ་རྙེད་མེད།།

ངུས་དེ་རིང་གི་ཤེས་ཡོན་ཅན་རེད།།

 

བུ་རྒྱ་ཡིག་ལ་མཁས་ཐག་ཆོད་ཐལ།།

ཕ་བོད་ཡིག་ལ་བཟང་རབས་བཤད་གི།

བུས་རྒྱ་ཡིག་གིས་གླ་ཕོག་རེག་འདུག།

ཕས་བོད་ཡིག་གིས་ཡང་མྱེས་བརྗེད་མེད།།

 

སྨན་བུ་མོ་ཡི་ལས་དབང་དམན་ཉིན།།

རོགས་ཆུང་འདྲིས་ཀྱི་དུང་བ་ཟབ་སྐད།།

ཕ་དབང་ཆེན་དེ་རྒྱུ་ལ་ཞེན་ཉིན།།

སྨན་བུ་མོ་ཁྱོད་ཚེ་གཅིག་གཡོག་མོ།།

 

མ་སྲུ་མོ་ཡི་དད་དབང་བཙན་ཉིན།།

བུ་ཆུང་ཆུང་ཚོ་དགོན་པར་བསྐྱལ་སོང་།།

བུ་སྙིང་རྗེ་དེའི་བདེ་སྡུག་ཡོད་ཚད།།

མ་ཁྱེད་རང་དང་དགེ་བསྐོས་ལག་རེད།།

  

                         2011,11,22ཉིན།

 

 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2014/1/30 17:41:05 | By: སྐུ་མགྲོན་Jne5HT(སྐུ་མགྲོན) ]
 
སྐུ་མགྲོན་Jne5HT(སྐུ་མགྲོན)དུས་གསར་པ་བསྐལ་བཟང་ཁུག་སོ་འདིར།།
བུ་གསར་པ་རྟོག་པ་སད་ནས་གདའ།།
གཞི་གསར་པ་རྙིང་གསུམ་དོར་དགོས་ཟེར།།
ལས་གསར་པས་ཆོས་དད་དོར་ན་དགེ།
སེམས་གསར་པ་བོད་ལ་གཅེས་ཡོད་སྐད།།
འགོ་གསར་པའི་ལྟ་བ་བཟང་ངོ་སྙམ།།
ཚིག་གསར་པ་མདའ་མོ་འཕེན་འཕེན་དང་།།
བློ་གསར་པས་ལམ་སྣ་ཟིན་རབས་གྲགས།།
བོད་གསར་པའི་མདུན་ལམ་འཚོལ་བ་ལ།།
མི་གསར་པ་མ་གཏོགས་དོན་མེད་སྙམ།།
ད་གསར་གསར་དགུ་ཡི་ཁུག་སོ་ན།།
བུ་འགའ་རེའི་མདུན་ལམ་སྟོར་ཉན་གདའ།།
ཡར་གོང་མའི་འགྲོ་སྟངས་མ་ཤེས་གདའ།།
མར་ཁ་ཕྱོགས་ཆུ་དང་ཉེ་རན་གདའ།།
བོད་སྤྱི་ཆུས་ཁ་གཡང་སྒྲོག་མོད་ཀྱང་།།
རང་གར་འགྲོའི་ལམ་སྣ་མ་མཐོང་གདའོ།།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2014/1/28 14:33:22 | By: སྐུ་མགྲོན་13Yl05(སྐུ་མགྲོན) ]
 
སྐུ་མགྲོན་13Yl05(སྐུ་མགྲོན)བོད་དོན་ཁ་ལ་ཁྱེར་བའི་བར་དོ་བ།།
བོད་ཆོས་སྙིང་ལ་བརྣག་པའི་སྒེར་གཅོད་པ།།
བོད་གཤིས་གཡའ་དྲི་མེད་པའི་གདོང་དམར་བ།།
བོད་པ་ཚང་གི་གོ་ལུད་རྣམ་གསུམ་ཡིན།།
གསེར་མདའ་ནས།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/12/2 7:45:57 | By: སྐུ་མགྲོན་qv4Xpc(སྐུ་མགྲོན) ]
 
སྐུ་མགྲོན་qv4Xpc(སྐུ་མགྲོན)ལེགས་པར་འཁུམས་སོང་། ང་ཚོ་བོན་ཕྱོགས་ནས་འདི་འདྲ་གསར་རྩོམ་འཇུག་པའི་འདི་རིགས་མཐོང་དུས་སེམས་པའི་གཏིང་ནས་རེ་བ་དང་དགའ་སྤྲོ་མང་པོ་འདུག མུ་འཐུད་འབྲི་རྒྱུ་ན་རེ་བ་ཆེ་ས་རེད་ཨང་།
ཤེས་རབ་བློ་ལྡན་གྱིས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ཤེས་རབ་བློ་ལྡན་ལགས་གློ་བུར་བདག་གི་གཤེན་ཁྱིམ་དུ་ཕེབས་པར་བསུ་མ་སྔོན་ནས་ཡོད་པ་སྨོས་སུ་མེད།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/30 12:05:23 | By: སྐུ་མགྲོན་Imd5Gt(སྐུ་མགྲོན) ]
 
སྐུ་མགྲོན་Imd5Gt(སྐུ་མགྲོན)བྲིས་པའི་རྩོམ་ལ་བལྟས་པ་ཡིན།།
བཤད་པའི་དོན་ལ་བསམ་པ་ཡིན།།
སྒྲོགས་པའི་ཚིག་ལ་ཉན་པ་ཡིན།།
དགོས་པའི་ཉིང་བཅུད་མེད་འདུག་སྙམ།།
རེད་དེ་མུ་འཐུད་འབྲི་ནུས་ན།།
རེ་བ་ལས་ཀྱང་རེ་བ་ཞིག།།
བདག་གི་སེམས་སུ་གཞུག་ནས་གདའ།།
དེས་ན་གྲོགས་པོས་རེམ་རེམ་རེམ།།
ཉིད་ཀྱི་གྲོགས་པོ་གཡུང་མིང་པས།།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་གནང་ཞུས་པ་ཡིན། ཐུགས་ལ་འཛིན་རོགས།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/30 11:49:19 | By: སྐུ་མགྲོན་Imd5Gt(སྐུ་མགྲོན) ]
 
སྐུ་མགྲོན་Imd5Gt(སྐུ་མགྲོན)ཡ་བྲང་ཚང་གི་ངོ་མ་བཅད་རྩོམ་གསར་མའི་རྩོམ་ལུས་ལ་རེ་བ་ཐོན་འདུག མུ་འཐུད་རེ་སྐུལ་ཞུས་པ་ཡིན་ལ་ཁྱེད་ནི་ང་ཚོ་བོན་གྲོགས་ཚོགས་ཀྱིས་རེ་བའི་གཞི་མ་ཞིག་ཏུ་མཐོང་ནས་ཡོད། དེར་བརྟེན་ཤུགས་རྒྱོབས་ཤོག
དམིགས་བུས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
དམིགས་བུ་ལགས་བདག་གི་དྲྭ་ཁྱིམ་དུ་ཕེབས་པ་དགའ་ནི་ཡིན་ལ། མུ་འཐུད་རེ་སྐུལ་གནང་བའང་ཡིད་ལ་འཛིན་ངེས་ཡིན་ལགས། འོ། ད་དུང་ཞུ་རྒྱུ་ཞིག་ལ་མཛེས་མ་ཚོས་ཁྱེད་ཀྱི་མེད་རབས་གསུང་སོང་བརྡ་དང་ལེན་རེམ་ཤིག་ཞུས་པ་ཡིན། ཧ་ཧ་
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/30 8:59:25 | By: yongzhou ]
 
yongzhouརྒྱུན་དུ་སེམས་དང་བསམ་པའི་རོགས་སྐྱོར་གཅིག་ཏུ་བྱེད་ཅིང་ཞལ་འཛོམ་པའི་ཁ་གཡང་དུས་སུ་བསྐུལ་བའི་གྲོགས་པོ་དག་གིས་བདག་ལ་ཐུགས་ཁུར་བླ་མེད་བགྱིས་པ་སྙིང་ནས་བཀའ་དྲིན་ཆེ་ཞུ་གི་ཡིན་ལགས།
ཡ་བྲང་གཡུ་འབྲུག་གིས།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/27 13:24:19 | By: jisay ]
 
jisayལོ་གཅིག་བསགས་པ་ཉིན་གཅིག་ཟ་བ་ང་ཚོའི་བོད་པའི་ཟ་ལུགས་དང་།
གཅེས་པའི་བུ་མོ་སྒོར་ལ་བརྗེ་བ་ང་ཚོའི་བོད་པའི་ཚོང་ལུགས་དང་།
ལུས་པོའི་སྒལ་ཚིགས་གཞུ་བཞིན་འགུག་པ་ང་ཚོའི་བོད་པའི་གུས་ལུགས་སོགས། མདོར་ན་དོན་མེད་མགོ་བོ་གཅོག་པ་ང་ཚོའི་བོད་པའི་དཔའ་རྟགས་ལགས། གཅེས་བུ་མོ་བཅོ་ལྔར་སོན་ཚེ་རྒྱུས་མེད་གྲོང་ལ་གནས་སུ་བརྫངས། གཅེས་པའི་བུ་ལོར་བཅོ་ལྔར་སོན་ཚེ་ཕྱུག་པོའི་ཚང་ལ་མག་པར་སྤྲད། ལོ་བདུན་ལོ་བརྒྱད་བེའུ་འཚོ་བ་ན་ཆུང་བྱིས་པའི་ལང་ཚོ་དང་།
ལང་ཚོའི་ལྕི་འདམ་ཁྲོད་ནས་ཟད་པ་གང་དཀར་སྒྲོལ་མའི་ལས་དབང་ལགས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
རྒྱང་རིང་ས་མཐའི་ཡུལ་ནས་ཐོས་བསམ་རིག་པའི་གནས་ལ་གཞོལ་བའི་བདག་གི་སྤུན་གྲོགས་དགེ་ལེགས་ཉི་མ་ལགས་ཀྱིས་འཐད་པའི་མགོ་བོ་ནང་དུ་སྒུག་པར་སྙིང་ནས་དགའ་ནི་ཡིན། ཞོར་དུ་ལེགས་བྱས་ཐམས་ཅད་གེགས་མེད་ལྷུན་གྲུབ་ཡོང་བའི་སྐྱབས་འཇུག་ཞུ་བ་མ་ཟད་མི་ཚེ་འདི་ནས་མི་རིགས་འདི་ལ་སྲིད་ཞུ་མཉམ་དུ་སྒྲུབ་པའི་དམ་དུ་བཅས་པ་ཡིན་ལགས།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/26 13:51:05 | By: yungdong ]
 
yungdongགྲོགས་ཡ་བྲང་གཡུ་འབྲུག་ལགས།།
ཁྱོད་སྐུ་ཁམས་བདེ་ལེགས་སམ།།
སྙན་རྩོམ་ཡིག་འདི་བཟང་བའི།།
གྲོགས་དྲུང་མུའི་རྟེན་འབྲེལ་ཞུ།།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
ཕྱི་ཁྲ་ཁྲ་སྤྱི་ཚོགས་ཟུར་སྣེ་ནས།།
ནང་སེམས་པ་མཐུན་པའི་སྤུན་གྲོགས་ཁྱེད།།
དུས་ད་ལྟ་གློག་གི་རྦ་རླབས་ཁྲོད།།
མིག་མདུན་དུ་ཤར་བ་དགའ་ནི་ཡིན།།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/24 16:45:50 | By: སྐུ་མགྲོན་rvm8Pc(སྐུ་མགྲོན) ]
 
སྐུ་མགྲོན་rvm8Pc(སྐུ་མགྲོན)ཡ་བྲང་གཡུ་འབྲུག་ལགས་ཀྱི་ཚིག་གི་སྦྱོར་སྟངས་བདེ་ཅོག་གེར་སྣང་ལ་བརྗོད་བྱའི་དོན་ཡང་དུས་རབས་ཀྱི་བསམ་བློའི་རྗེས་སུ་ཆོད་འདུག་པས། མ་འོངས་པར་ཐ་སྙད་གསར་བ་ནང་འདྲེན་གྱིས་རྩོམ་ལུས་གསར་བར་འབད་འབུངས་བགྱིས་ན་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་འགྲེང་བཞིན་པའི་སེང་རྡོར་སོགས་ལ་འགྲན་ཡ་ཡོད་ཀྱི་རེད། མི་བུ་ནས།
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
མི་བུ་ལགས་ཀྱིས་མཐོང་ཆེན་བྱས་ཏེ་བདག་ལ་རེ་སྐུལ་བགྱིས་པ་སྙིང་ནས་དགའ་བ་ཡིན་ལ་འུར་སྒྲོགས་ཤས་ཆེ་སྙམ་པའི་སེང་རྡོར་སོགས་ལ་འགྲན་ནོ་གསུང་བ་ནི་དངོས་གནས་བདག་རང་མཚོན་ན་ངོ་ཚ་བྱེད་ལས་གང་མེད་འདུག་ལགས།
 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/23 22:37:31 | By: tenzin3909 ]
 
tenzin3909སེམས་པ་སྡུག་པོ་མ་གནང་། །
སྔོན་གྱི་ལས་དབང་བཙན་པོ། །
དེང་གི་མི་གཤིས་འགྱུར་ལྡོག །
སྐད་ཅིག་སྐད་ཅིག་ཡིན་སོང་། །
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ཡར་འཕེལ་ཡར་འཕུར་གནམ་ལ་འཕུར།།
གནམ་གཏིང་གི་ལྷ་ཚོགས་མཇལ་སོང་སྐད།།
ལྷ་གསོན་པོའི་བྱིན་རླབས་འཇུག་སོང་རབས།།

གྲོགས་ཡར་འཕེལ་མར་འབབ་ས་ལ་བབས།།
ས་དང་མོའི་བདེ་སྡུག་ཤེས་ཡོད་སྐད།།
མི་གསོན་པོའི་འཚོ་བ་མྱོང་སོང་རབས།།

 
 
Re:དེ་རིང་གི་བོད་ལ་བལྟ་བ།
[ 2011/11/23 20:57:11 | By: danzengyixi ]
 
danzengyixi

དུས་དེང་སང་གི་སྨན་པ་འགའ་ཤས། །
ཤོག་སྒོར་མོ་ལ་རྔམ་པ་ཆེ་བས། །
ནད་བཙན་པོ་ཡི་གཉའ་ནས་མནོན་པའི། །
སྒོར་མེད་ནད་པ་དག་སྨན་བཅོས་དཀའ་འདུག །

ཧེ་ཧེ་་་་་་་་་་་་་་་ཀུ་རེ་ཡིན་ལགས།
དོན་དངོས་དམར་རྗེན་བསྟོན་པའི་རྩོམ་ལེགས་པོ་ཞིག་བྲིས་འདུག
གཤམ་དུ་ཡ་བྲང་གཡུ་འབྲུག་ལགས་ཀྱིས་ལན་སློག་པ་ནི་
གནད་ཀྱི་དོན་ལ་བསྟུན་པའི་སྐད་ཆ་དང་།།
དུས་ཀྱི་བརྡ་ལ་འབྱོར་བའི་ཚིག་གི་སྦྱོར།།
མ་གསང་གནམ་ནས་བབས་པའི་དེ་རིགས་ལ།།
གསང་པའི་སྙིང་གི་དབུས་ན་ཁྱེད་ཉིད་བདོག།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.