སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཆེ་བརྗོད་ངག་གི་རོལ་དབྱངས།
[ 2011/7/9 12:05:00 | By: ཡ་བྲང་གཡུ་འབྲུག ]
 

            ཆེ་བརྗོད་ངག་གི་རོལ་དབྱངས།

 

རྣམ་དག་ཚུལ་ཁྲིམས་གསེར་གྱི་གཞི། 

རྣམ་དཀར་བསྟན་པའི་བ་དན་དཀར། 

རྣམ་ཀུན་འཛིན་ལ་ངལ་མེད་པ། 

རྣམ་གསུམ་དབང་གི་རྒྱལ་པོ་འདུད། 

སྐུ་མཆོག་མཐོང་བ་དོན་ལྡན་དེ། 

འགྲོ་བ་ལྷ་དང་རྐང་གཉིས་མིའི། 

མིག་གི་དགའ་སྟོན་བྱིན་པ་ན། 

སྲེད་མེད་བུ་ཡང་གདུང་བས་མནར། 

གསུང་དབྱང་ཁུ་བྱུག་གྲེ་འགྱུར་གྱིས། 

སྐལ་ལྡན་ཚོགས་ལ་རྟོགས་དཀའི་གནད། 

ཡོངས་སུ་གདམས་པས་མཚོ་བྱུང་མའི། 

རྒྱུད་མང་ཕང་བར་ཡིབས་པ་འདྲ། 

བརྩེ་ཆེན་ཆུ་འཛིན་གདེངས་ཀ་ནས། 

དོན་བཟང་བཀའ་སློབ་གྲུ་ཆར་འབུམ། 

བློ་གསལ་རྣ་བའི་བཅུད་དུ་འཇོ། 

མཚུངས་མེད་ཞབས་སློབ་གྲངས་འཛིན་དཀའ། 

ལེགས་ཚོགས་ཡོན་ཏན་ཇི་སྙེད་པ། 

ཁྱེད་ཐུགས་གཅིག་ཏུ་ལེགས་གཏམས་པས། 

མཐའ་ཀླས་གདུལ་བྱའི་བློ་ཡིད་མུན། 

སེལ་ལ་ངལ་བ་ཡོད་མ་ལགས། 

མཛད་པའི་འཕྲིན་ལས་འོད་སྣང་དཀར། 

ཕྱོགས་སུ་ཁྱབ་པའི་འདུ་བྱེད་ལས། 

བསྐྲུན་པའི་གསར་བཞེང་སྒྲུབ་སྡེ་ནི། 

མཁའ་ཡི་སྐར་ཚོགས་དག་ལ་འགྲན། 

ལྔ་སྙིགས་བསྟན་པའི་ཞིང་ས་ལ། 

ལུང་རྟོགས་འབྲུ་དགུའི་ས་བོན་བཏབས། 

ཁྲིམས་ལྡན་བཙུན་པ་སྙེ་མའི་དོག  །

ཡང་དག་བགྲང་བར་རྒྱལ་ཀུན་ངལ། 

ཨེ་མ་ནོར་འཛིན་བུ་མོ་ཡིས། 

ཅི་མི་སྙམ་པའི་ངང་ཚུལ་གྱིས། 

རིགས་བརྒྱའི་ཁྱབ་བདག་ཞབས་འཁོར་ལྷན། 

འདེག་ལ་ངོམས་པ་མེད་འདི་མཚར། 

ཀྱེ་མ་ཆེར་སྙིགས་ལྔ་བདོའི་དུས། 

ལེགས་མིན་སྲིན་བྱའི་ཐན་སྐད་སྒྲོག 

བསྟན་པ་འཛིན་རྣམ་གྲོང་དུ་ཉུལ། 

སྲིད་དཀོན་ནོར་བུ་རླག་ལ་ཉེ། 

དེ་བས་ཁྱེད་སྐུ་ཟག་པ་མེད། 

བསྐལ་བརྒྱའི་བར་དུ་ཡུན་བསྲིངས་ཏེ། 

འུ་ཅག་དད་ལྡན་སྨིན་གྲོལ་གྱི། 

ལམ་ལ་འགོད་པའི་སྐྱབས་འཇུག་ཞུ། 

མ་ཟད་ཁྱེད་སྐུ་ཉིན་བྱེད་དབང་། 

ར་རིའི་དྲི་མས་མ་སླད་པ། 

གདུལ་བྱའི་ཚོགས་གཉིས་མཁའ་ཀློང་ན། 

ནུབ་མེད་རྟག་འཆར་གསོལ་བ་འདེབས། 

 

དཔལ་ལྡན་བླ་མའི་ཆེ་བ་བརྗོད་པ་ངག་གི་རོལ་དབྱང་ཞེས་པ་འདི་ནི་སྐུ་ཉིད་དགུང་གྲངས༨༠ལོན་པའི་དགའ་སྟོན་དུ་ལེགས་པའི་ཤེས་ཡོན་གང་ལའང་མྱོང་གོམས་དབེན་པའི་ངག་དབང་རྣམ་རྒྱལ་གྱིས༢༠༠༦༡༦ཉིན་མདོ་སྨད་བྱང་རྒྱུད་ཁྲི་རལ་མངོན་དགའ་གླིང་ནས་མོས་པས་དྲངས་ཏེ་སྦྱར།

 

 

 
 
Re:ཆེ་བརྗོད་ངག་གི་རོལ་དབྱངས།
[ 2011/7/9 17:24:07 | By: yongdrom ]
 
yongdromགཡུ་འབྲུག་ཚེ་རིང་མཆོག་གིས་གཤེན་གྱི་བྲོ་ར་ཞེས་པའི་ཟིན་བྲིས་སྒོ་
འབྱེད་གནང་བར་བར་བཀྲ་ཤིས་བདེ་ལེགས་ཞུ།
གཉེན་ཆེན་ཐང་ལྷ་ཞེས་པའི་ཟིན་བདག་དེས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.