བོད་ཀྱི་གསོ་བ་རིག་པ་ལ་ལོ་རྒྱུས་ཀྱི་བདེན་ཁ་
སྔར་ལས་ཟབ་ཏུ་འགྲོ་བཞིན་
པའི་གཏམ་བཟང་།
ཉེ་ཆར་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་སྐུ་གཞོན་རྒན་མིག་དམར་ལགས་
ཀྱིས་བརྩམས་གནང་བའི་༼བོད་ཀྱི་གསོ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་
གཙང་ཆུ་བོའི་རྒྱུན་བཟང་༽ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་སྤྱི་ལོ་
༢༠༡༡ལོའི་ཟླ་བ་༡༢ནང་པར་ཐེངས་དང་པོ་དཔར་ཏེ་ད་ལྟ་དངོས་སུ་རྒྱ་ཆེའི་ཀློག་པ་པོ་
ལྷན་རྒྱས་ལ་གཟིགས་མོར་ཕུལ་ཡོད་པ་རེད། དེའི་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་ནི།
དོན་དངོས་ཀྱི་བདེན་པར་ར་སྤྲོད་བྱས་ཡོད་པ་སྟེ། བོད་ཀྱི་སྣོད་བཅུད་ཀྱི་ཆགས་ཚུལ།
བོད་ཀྱི་སྐད་ཡིག་དང་ཤེས་རིག་གི་མ་ལག་གྲུབ་ཚུལ།དགོས་སུ་བོད་ཀྱི་གསོ་བ་རིག་པའི་ལོ
་རྒྱུས་སྣ་མང་དང་།གླེང་ཕྱོགས་འདྲ་མིན་ཀུན་ལ་ཞིབ་འཇུག་དང་མཐའ་དཔྱོད་ཡང་དག་
པའི་སྒོ་ནས་བོད་ཀྱི་གསོ་དཔྱད་ཀྱི་གཞུང་ལུགས་ཐོག་མར་མཛད་པོ་སུ་ཞིག་ཡིན་པ་དང་།
དེའི་རྒྱུད་འཛིན་ཚོས་དར་སྤེལ་བཏང་ཚུལ།དེ་བཞིན་དུས་རབས་དང་ལོ་རབས་གང་གི་
ནང་དུ་གསོ་དཔྱད་ལ་མཁས་པའི་མི་སྣ་གང་དང་གང་བྱུང་བ་དང་དེ་དག་མཛད་པ་ཇི་
ལྟར་བསྐྱངས་ཚུལ། ལོས་རྒྱུས་ཀྱི་གོད་ཆག་ཁྲོད་གསོ་རིག་གི་བསྟན་པ་ལ་བར་ཆད་དང་
ཉམས་རྒུད་བྱུང་ཚུལ།ཆོས་ལུགས་གྲུབ་མཐའི་ཕྱོགས་མེད་པའི་བློ་ཡིས་དཔྱད་པའི་སྒོ་
ཡངས་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་སྟེ།དེ་ཡང་རྩ་བའི་ས་དཔྱད་ལེའུ་
གྲངས་དགུ་ཡི་སྒོ་ནས་བསྟན་ཡོད་པ་སྟེ།
ལེའུ་དང་པོ། བོད་ཀྱི་གདོད་མའི་གསོ་དཔྱད་ཀྱི་བྱུང་ཚུལ།
ལེའུ་གཉིས་པ། སྤུ་རྒྱལ་གདུང་རབས་སྐབས་ཀྱི་གསོ་དཔྱད་ལོ་རྒྱུས།
ལེའུ་གསུམ་པ། བོད་ཀྱི་བཙན་པོའི་སྐབས་ཀྱི་གསོ་རིག་ལོ་རྒྱུས།
ལེའུ་བཞི་པ། བོད་སིལ་བུའི་སྐབས་ཀྱི་གསོ་རིག་ལོ་རྒྱུས།
ལེའུ་ལྔ་པ། ས་སྐྱ་བའི་སྐབས་ཀྱི་གསོ་རིག་ལོ་རྒྱུས།
ལེའུ་དྲུག་པ། ཕག་གྲུའི་སྐབས་ཀྱི་གསོ་རིག་ལོ་རྒྱུས།
ལེའུ་བདུན་པ། དགའ་ལྡན་ཕོ་བྲང་སྐབས་ཀྱི་གསོ་རིག་ལོ་རྒྱུས།
ལེའུ་བརྒྱད་པ། བོད་གངས་ཅན་གྱི་གསོ་རིག་ཡུལ་གྲུ་གཞན་དུ་དར་སྤེལ་བཏང་ཚུལ།
ལེའུ་དགུ་པ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་གྱི་གསོ་རིག་ལོ་རྒྱུས།
མདོར་ན་རིགས་ལམ་གྱི་བློ་ཡི་དཔྱད་པ་ཡངས་པོའི་སྒོ་ནས་བོད་མི་རྣམས་ཀྱིས་ནད་
རིགས་དང་འཐབ་རྩོད་བྱས་ནས་གསོ་དཔྱད་ཀྱི་རྨང་གཞི་གྲུབ་ཚུལ།དེ་བཞིན་བོད་ཀྱི་གསོ་
རིགས་ཀྱི་གཞུང་ལུགས་སྲོལ་གཏོད་པ་པོ་སྟོན་པ་གཤེན་རབ་མི་བོ་ཆེས་གཙོས་བོད་ཀྱི་གསོ་
རིག་་གཞུང་ལུགས་སྨྲ་བའི་རབ་འབྱམས་མཁས་པའི་དབང་པོ་གཙོ་གྲས་དག་གིས་མཛད་པ་
བསྐྱངས་ཚུལ་སོགས་ལེགས་པར་བཤད་པའི་བདུད་རྩི་རུ་མཆིས་སོ།། །།