གངས་སྙུག་སེམས་འགྱུ།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 30
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 11824


 
ཤིས་ཚིག་གི་སྦྲང་ཆར།
[ 2013/9/10 20:28:00 | By: གངས་སྙུག ]
 

    ཤིས་ཚིག་གི་སྦྲང་ཆར།

 

ཨེ་མ་གསེར་གྱི་ས་གཞི་ཁོད་སྙོམ་ཞིང་།།

ལྗང་མདོག་རྩྭ་ཐང་མུ་དང་མཐའ་ཡང་བྲལ།།

གངས་དཀར་རི་བོའི་གཟི་བརྗིད་འོད་སྟོང་འབར།།

མ་ཕམ་གཡུ་མཚོའི་རླབས་སྒྲ་ཆིལ་ཆིལ་གྲགས།།

 ཕྱོགས་དང་ཕྱོགས་ནས་དལ་གྱིས་བཞུར་བ་ཡི།།

ཁ་འབབ་རྣམ་བཞི་རྒྱུག་པའི་ཡུལ་ཕྱོགས་སུ།།

འཛམ་གླིང་གང་སར་བོད་ཀྱི་ཤེས་རིག་དར།།

གནས་མཆོག་འདི་ནི་མངའ་རིས་ཡུལ་གྲུ་སྟེ།།

ཁྱད་པར་གསོ་རིག་བསྟན་པ་རྒྱས་པའི་གླིང་།།

སེང་གེ་གྲོང་དང་གངས་དཀར་ཏི་སེ་དང་།།

ཁྱུང་ལུང་དངུལ་མཁར་ལོ་བོ་བདེ་ཆེན་སོགས།།

གསོ་བ་རིག་པའི་བསྟན་གྱི་རྒྱལ་མཚན་འཛུག།།

འགྲོ་བའི་ནད་ཀྱི་གདུང་བ་མ་ལུས་སེལ།།

སངས་རྒྱས་སྨན་གྱི་བླ་མ་དངོས་བྱོན་སྐུ།།

འཛམ་གླིང་བླ་མ་བསྟན་འཛིན་དབང་གྲགས་ཀྱི།།

རྗེས་འཇུག་གསོ་རིག་འཛིན་པའི་དཔུང་སྡེ་སྟེ།།

ས་ཕྱོགས་གང་སར་བཞུགས་པའི་བཤེས་རྣམས་ཀྱིས།།

བཀའ་དྲིན་སློབ་གསོས་བསྐྱངས་བའི་སློབ་མ་ཡིས།།

དགའ་དང་དད་པའི་ཡིད་ཀྱི་མཁའ་དབྱིངས་ནས།།

ཤིས་ཚིག་སྦྲང་ཆར་ཟིམ་ཟིམ་སྤྲོས་པའི་མཐུས།།

མཚུངས་བྲལ་བཤེས་ཀྱི་ཐུགས་ཉིད་དགྱེས་གྱུར་ཅིག།།

 

གངས་སྙུག་པས་མདོ་སྟོད་ཡུལ་ནས་དགེ་རྒན་དུས་ཆེན་ལ་ཕུལ།

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.