གངས་སྙུག་སེམས་འགྱུ།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 30
  • དཔྱད་བརྗོད། 49
  • ཆེམས། 0
  • ཀློག་གྲངས། 11859


 
དྲན་རྟོག་ཀློང་གི་བསམ་གཞིག
[ 2012/5/3 21:18:00 | By: གངས་སྙུག ]
 

         དྲན་རྟོག་ཀློང་གི་བསམ་གཞིག 

 

 

 བསྐྱར་ཏེ་བསམ་ན།

 

བསམ་གཞིག་ནན་མོ་ཞིག་གི་སྒུལ་ཤུགས་ལས།

གཅེར་བཞིན་པའི་ཁྲ་ཆུང་ཟུང་།

བདེན་དོན་གྱི་ཆེད་དུ་བཞེངས་པའི་མེས་རབས་དག

ཕེབས་ཤུལ་གྱི་རྐང་རྗེས་ལ་ཕྱིར་མིག་སློག་དུས།

རྣམ་རྟོག་དང་རྣམ་རྟོག་གིས་བསློང་བའི་དངོས་པོ་ཞིག

སྲབ་མདའ་མེད་པའི་རྟ་རྒོད་ཅིག་དང་འདྲ་བར།

ཐད་ཀར་བཤར་སོང་བའི་ཕྱི་ལམ་ན།

རྨིག་བཞིས་བཏོར་བའི་ཐལ་རྡུལ།

ད་དུང་ཡང་གནམ་སའི་བར་ན་འཐུལ།

 

   ཐད་ཀར་བལྟས་ན།

 

བརྗོད་འདས་ཀྱི་བསམ་གཞིག་སྐོར་ཕྱོགས་ཤིག་སྟེ།

གསར་རྙིང་རིག་པ་ཟུང་གི་བར་གསེང་ན་འཛུལ་དུས།

མེ་ཆུ་ཇི་བཞིན་ཐུག་རེག་མི་འཚམ་པའི།

གངས་ཅན་པའི་མི་བུ་ཆ་ཞིག

འཁོར་བ་དང་འཁོར་བའི་ཀློང་རུམ།

མྱོང་འདས་དང་མྱོང་འདས་ཀྱི་ཀློང་ན།

ཐུན་མིན་གྱི་མི་ཚེའི་ལྟ་སྟངས་སྣ་མང་གསེང་ན།

བདེ་བའི་ཆེད་དུ་བདེན་དོན་ལ་འགྲེལ་བཤད་བྱེད་བཞིན།

ཆེས་འཁྲུགས་པའི་བསམ་བློའི་གཡུལ་ས་རུ།

ལས་དབང་ཁོ་ན་ལ་ངན་ཁག་མི་དཀྲི་བར།

བདེན་སྐྱོང་གི་ལྷ་སྲས་ངོ་མའི་གམ་དུ་བསྐྱར་ཟིན་ཚེ།

མི་རིང་བའི་དུས་ཤིག་ཏུ།

ལྷན་འཛོམ་གཉིས་མཐུན་གྱི་ལུང་བསྟན་ངོ་མཚར་ཅན་ཞིག

དྲན་རྟོག་གི་ཀློང་ན་འགོད་ཀྱང་སྲིད།

 

༢༠༡༢.༥.༡ཉིན་ཆབ་མདོར་བྲིས།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.