ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དོན་དམ་པའི་སྐད་ཆ། | 2012/6/18 11:29:00

           དོན་དམ་པའི་སྐད་ཆ།

ཁག་དང་པོ།

གཞན་སྡེའི་ལྟ་བར་ཞེན་པ་ལོག་ནས་ཀྱང་།།

འདྲེ་ཁ་དམུ་རྒྱུག་ཞེས་པའི་དཔེ་ལྟར་དུ།།

རང་ལྟ་རང་གི་གསར་གཏོད་མི་ཤེས་བཞིན།།

རྟོག་སད་པ་ཞེས་བསྔགས་པ་རྫུན་གཏམ་ཡིན།།

བླང་བྱའི་བླང་བྱ་མཆོག་ཏུ་འཛིན་པ་དང་།།

སྤང་བྱའི་ནད་རྙིང་ཐན་དུ་ལྟ་བ་གཉིས།།

དོན་དུ་གནད་རྩ་གཅིག་ཞེས་སྔ་རབས་པས།།

ལུང་ལས་གསར་བོར་བསྟན་པ་དེ་ལྟར་ངེས།།

སྐད་ཡིག་ཤེས་པའི་བློ་རིག་མེད་ན་ཆོག །

མི་རིགས་བསམ་པའི་ཞེན་ཆགས་མེད་ན་རུང་།།

ཡུལ་སྲོལ་འཛིན་པའི་སྙིང་སྟོབས་མེད་ན་ལོ།།

ཡིན་ཡང་དེ་ལ་མི་ཞེས་བརྗོད་པར་དཀའ།།

རང་ལ་ཁ་ཕྱོགས་ཅི་ཡང་མེད་བཞིན་དུ།།

གཞན་ལ་འདི་དང་དེ་ཞེས་བཤད་མཁས་པའི།།

མི་རྣམས་གཏམ་རྒྱུད་ཙམ་ཞིག་འཆད་མཁན་ལས།།

སློབ་དཔོན་དགོས་པའི་མཚན་ཉིད་ཅི་ལ་ཚང་།།

དཔེ་དེབ་ལྟ་བའི་སྐབས་ལས་སྐབས་གཞན་དུ།།

སློབ་པའི་དུས་ཤིག་དམ་འཛིན་མེད་བྱེད་པ།།

དེ་ནི་ལྟད་མོ་བ་ལས་སློབ་གཉེར་བ།།

མིན་ཞེས་སྐད་གསང་མཐོན་པོས་ཤོད་པར་ཕོད།།

རང་གིས་ཤེས་པའི་ཤེས་བྱའི་གནས་དག་ནི།།

ཡག་པ་ཙམ་ལས་གཞན་གྱི་ཡོན་ཏན་ཀུན།།

བཟང་པོ་མིན་ཞེས་སྨྲ་བའི་ཁ་བདེ་ཅན།།

དེ་དག་བླུན་པོ་དགའ་སའི་དགའ་ཧོ་ཡིན།།

གཞུང་ལུགས་དངོས་ཀྱི་དགོངས་དོན་མི་ཁྲོལ་བར།།

ཚིག་སྤྱི་ཙམ་ལ་རེ་བའི་བྱིས་བློ་ཅན།།

ཁྱེད་ཚོ་དུས་ཀུན་རྨོངས་ལ་མ་བརྩོན་པར།།

དཔྱོད་པའི་བློ་མིག་ཅུང་ཞིག་སད་པར་གྱིས།།

དེ་ལྟར་ཚིག་གི་སྡེབ་སྦྱོར་རེ་ཟུང་ཞིག།།

གཤེན་སྨྱུག་པ་ཡི་སོར་མོའི་སྟངས་སྟབས་ལས།།

འཁྲུངས་པ་ཙམ་ལ་མི་དགའ་མི་དགྱེས་པ།།

སུ་ཞིག་ཡོད་ཀྱང་དེ་ཉིད་སྡུག་གྱོང་རེད།།

བདག་གིས་བྲིས་པའི་རྩོམ་ཡིག་རེ་ཟུང་ཞིག་ལ་སྡང་སེམས་ཀྱིས་ལྐོག་ལབ་ཇི་ལྟར་བྱེད་བཞིན་ཡོད་པར་ཐོས་པས་རྐྱེན་བྱས་ཏེ་གཙང་ཚྭ་གཤེན་སྨྱུག་པས་སྡེབ་ཙམ་བྱས།

ཟུར་ཞུ།

ཁ་སོང་དེ་རིང་རང་ཉིད་ཁོམ་པོ་མ་བྱུང་བས་འདིར་རྩོམ་ཡིག་རྒྱ་ཆེར་འཁོད་ཐབས་བྱུང་མ་སོང་ལ། གཞན་ཡང་དཔྱད་གླེང་རེ་ཟུང་བྲིས་ཡོད་པ་ནི་དུས་དེབ་རྩོམ་སྒྲིག་ཁང་རེ་ཟུང་ལ་བསྐུར་ཟིན་པས་གནས་སྐབས་གནས་འདིར་འཇོག་ཐབས་བྲལ་བས་ཟིན་གྲོགས་པ་ཡོངས་ལ་དགོངས་འགལ་མེད་པར་མཁྱེན་མཁྱེན་ཞུ།

Re:དོན་དམ་པའི་སྐད་ཆ། | 2012/7/14 23:52:06
སྐུ་མགྲོན་80Se73(སྐུ་མགྲོན)དྲྭ་གྲོགས་བསྟན་འཛིན་ཡེ་ཤེས་ཕེབས་པར་དགའ་བསུ་ཞུ།
རྩོམ་པ་པོ།:སྐུ་མགྲོན་80Se73(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དོན་དམ་པའི་སྐད་ཆ། | 2012/6/20 14:17:21
danzengyixi


བཀླག་ཟིན། དུས་ཚོད་རེ་བྱུང་དུས་མང་ཙམ་སྤེལ་ཤོག །
རེད་ཡཱ་དཔྱད་མཆན་སྤེལ་མཁན་དྲྭ་གྲོགས་ཁ་ཤས་ཀྱིས་རང་ངོས་ནས་བསམ་མི་གཏོང་བར་གཞན་ལ་ཟུར་ཟ་བྱེད་མཁན་དག་ལ་གོ་བརྡ་རེད་སྤྲོད་དགོས་འདུག ། འགའ་ཞིག་གིས་ཡིག་ནོར་སོགས་ལ་དཔྱད་བརྗོད་སྤེལ་མཁན་རེ་ཟུང་འདུག་པས་སེམས་གཏིང་ནས་བཀའ་དྲིན་ཞུ་བ་ཡིན།
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.