ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕ་ཡུལ་གྱི་བུ་མོ། | 2012/1/31 15:07:00

ཕ་ཡུལ་གྱི་བུ་མོ།

གཡུ་བྱུ་རུས་བརྒྱན་པའི་སྐྲ་ལོའི་ལན་བུའི་འོག་ནས་

མཛེས་སྡུག་གིས་ངོམ་པའི་བཞིན་གྱི་

མེ་ལོང་འཛུམ་མདངས་ཀྱིས་ཁེངས་བཞིན།

ནོར་ལུག་དང་ཕྱུགས་ཁྱུ་གང་བའི་ལྷས་རྭ་ནས་བསྟར་ཐག་དང་རྒྱུ་རགས་

ཐོགས་ཏེ་ཟིལ་ཆུང་འབྲི་མོའི་གཞོ་དབྱངས་འཐེན་པའི་དབྱངས་ཅན་མ།

ཕ་ཡུལ་གྱི་བུ་མོ།

མེ་ཏོག་གི་ལང་ཚོ་རྒྱས་པའི་རྩྭ་ཐང་ནས་ཟིམ་ཟིམ་གྱི་སྦྲང་ཆར་འཕོས་དུས།

སྒོ་ཕྱུགས་སྐྱོང་བའི་བྱམས་བརྩེའི་འོག་ནས་ཁུ་བྱུག་གི་དབྱངས་རྟར་འགྲན་པའི་རྫི་གླུ་ལེན་བཞིན།

ཕྱག་ཟུང་གིས་འུར་ཆར་འཇུས་ཏེ་ཕྱིང་ཞུའི་འོག་ནས་འཕྲ་ལྡེམ་གྱི་ལང་ཚོ་སྨིན་པའི་ན་ཆུང་མ།

ཕ་ཡུལ་གྱི་བུ་མོ།

ཕ་ཁུ་དང་མ་སྲུའི་ཡ་ཐོད་ཀྱི་རི་མོ་བཞེང་སའི་གཡང་ཁྱིམ་ནས་ངག་འཇམ་དང་

གཤིས་བཟང་རེ་རེས་དྲིན་ལན་གྱི་མཛད་པ་སྐྱོང་པའི་སྲིང་ཆུང་མ།

དོན་དུ་ཡར་ལུང་གཙང་པོའི་བཞུར་རྒྱུན་ལས་རིང་བའི་ངང་རྒྱུན་ཅན་ཞིག

ཕ་ཡུལ་གྱི་བུ་མོ།

ཕྱི་མར་བསམ་པའི་ཞེན་པ་དེས་མཆོག་གསུམ་ལྷ་ལ་རེ་ལྟོས་བཅོལ་བཞིན།

སྐྱབས་འགྲོའི་སྙན་དབྱངས་མགྲིན་པ་ནས་བསྒྲོན་ཏེ།

མ་ཏྲི་དང་།

གསོལ་འདེབས་ཀྱི་འཚོ་བར་དུས་ནམ་ཡང་བརྩོན་པའི་གངས་རིའི་སྲས་མོ།

༢༠༡༡ ༦ ༢༣ ཉིན་དམར་རི་ནས།

Re:ཕ་ཡུལ་གྱི་བུ་མོ། | 2012/6/11 18:21:28
སྐུ་མགྲོན་2k0Meq(སྐུ་མགྲོན)དགོས་པ་ཡོད་མེད་རྩོམ་ཡིག་དེ་ལ་གཅིག་གཟིགས་དང་།
རྩོམ་པ་པོ།:སྐུ་མགྲོན་2k0Meq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཕ་ཡུལ་གྱི་བུ་མོ། | 2012/6/6 17:21:29
སྐུ་མགྲོན་1JYl1P(སྐུ་མགྲོན)གཤེན་སྨྱུག་ལགས།ཕ་ཡུལ་གྱི་བུ་མོ་གླེང་མོར་བྱ་རྒྱུ་དེ་རང་ལ་དགོས་པ་ཡོད་རེད་དམ།
རྩོམ་པ་པོ།:སྐུ་མགྲོན་1JYl1P(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཕ་ཡུལ་གྱི་བུ་མོ། | 2012/2/3 16:17:06
སྐུ་མགྲོན་0fv2Yl(སྐུ་མགྲོན)བུ་མའིོ་ལས་དབང་གླེང་བར།།
ཁ་ཡི་རྩེད་མོས་མི་འོང་།།
དོན་གྱི་གནས་སྟངས་གོ་ན།།
ཡ་མཚན་ཅན་ཞིག་ཅི་མིན།།
རྩོམ་པ་པོ།:སྐུ་མགྲོན་0fv2Yl(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཕ་ཡུལ་གྱི་བུ་མོ། | 2012/2/1 12:29:59
yongdromདགོས་འཁོ་ཆེ་བའི་བསླབ་བྱ་གནང་བར་ཐུགས་དྲིན་ཆེ།
Re:ཕ་ཡུལ་གྱི་བུ་མོ། | 2012/1/31 22:37:56
woserའདི་ལྟར་ཕ་ཡུལ་གྱི་སྲིང་ཆུང་མ་ཚོ།
མི་ལོ་ཉི་ཤུའི་ཡར་སྔོན་གྱི་འཇོ་སྒེགས་དང་ལང་ཚོ།
ད་དུང་ཡང་ཡར་མེད་པ་ནི།
ཁྱེད་ཅག་ལ་མེས་པོའི་མ་སྲུ་ཚོས་བཞག་པའི་དྲན་རྟེན་ཡིན་པས།
ནམ་ཡང་མ་དོར་ཤིག
ཕ་ཡུལ་གྱི་སྲིང་ཆུང་མ་ཚོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.