ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - >  >>
    1234567
    891011121314
    15161718192021
    22232425262728
    293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
མཚམས་སྤྲིན་འོག་གི་སྐྱིད་གླུ། | 2011/5/23 19:24:00

མཚམས་སྤྲིན་འོག་གི་སྐྱིད་གླུ།

   མདོག་དམར་སེར་མཛེས་པའི་ན་བཟའ་ཡི་འོག་ནས།།

གསུང་ཆོག་གའི་དབྱངས་རྟ་མགྲིན་ལམ་ནས་མཆེད་བཞིན།།

རྔ་སེལ་རོལ་སྙན་འགྱུར་པི་ཝཾ་དང་འགྲན་པའི།།

ནུབ་མཚམས་སྤྲིན་བཤམ་འདྲའི་འདུས་སྡེ་དེ་སྐྱིད་སོང་།།

གོང་བཤེས་གཉན་དུ་མའི་མཛའ་བརྩེ་ཡི་ཁྲོད་དུ།།

ནང་མཐུན་འབྲེལ་གསེར་ཐག་དམ་པོ་རུ་འཆིང་བའི།།

ལུང་གཏན་ཚིག་རིགས་པ་ཟུང་འབྲེལ་གྱི་ངང་ནས།།

དཔལ་འཆད་རྩོད་མོས་པའི་འདུས་སྡེ་དེ་སྐྱིད་སོང་།།

གངས་མུ་ཁྱུད་འཁོར་བའི་འཛམ་གླིང་གི་ཡོངས་རྩེའི།།

ཡུལ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཕྱོགས་སུ།།

མཚན་ཀུན་གྲགས་གླིང་ཞེས་སྙན་དབྱངས་དེ་མཆེད་པའི།།

དགོན་བཤད་སྒྲུབ་གཉིས་འཛོམས་འདུས་སྡེ་དེ་སྐྱིད་སོང་།།

                                    བཟང་དགེ་བཅུ་འཛོམས་པའི་སྨན་ལྗོངས་སུ་འཚོ་བཞིན།།

                                    ལུས་དལ་བརྒྱད་འབྱོར་བཅུའི་རྒྱན་ཆ་དེ་འཛིན་པའི།

                                    བུ་གངས་ཕྲུག་ང་ཡིའི་ལྡེམ་སྨྱུག་གི་རྩེ་ནས།།

                                      དགོན་འདི་རུ་སྐྱིད་པའི་གླུ་ཆུང་ཞིག་བྲིས་ཡོད།། 

            ༢༠༡༡ ལོར་ཕ་ཡུལ་དམར་རི་ནས།

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:མཚམས་སྤྲིན་འོག་གི་སྐྱིད་གླུ། | 2011/5/24 19:26:42
danzengyixiརྗོད་བྱ་བརྗོད་བྱེད་སོགས་གང་གི་ཐད་ནས་ལེགས་པོ་འདུག་སྙམ།
ང་ཚོ་མཉམ་དུ་མུ་མཐུད་ནས་ཤིས་རིག་གི་བག་མ་བསུ་རུ་འགྲོ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.