སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༼ ངེས་པ་དོན་གྱི་རྣལ་འབྱོར་འཁྲུལ་ཞིག་བོན་དབྱིངས་རང་གྲོལ་གྱི་རྣམ་ཐར་མདོ་ཙམ་གླེང་བ།
[ 2015/6/30 16:11:00 | By: tibet99 ]
 

༄༅་། ཡེ་ནས་མ་བཅོས་སེམས་ཉིད་བོན་སྐུའི་དབྱིངས། དབྱིངས་ལས་འབྱུང་རུང་མ་འགགས་ རྫོགས་སྐུ་ཤར་། ཤར་ཚད་སྣང་སྟོང་ཟུང་འཇུགས་སྤྲུལ་པའི་སྐུ། སྐུ་གསུམ་དབྱེར་མེད་ཚོགས་   ལ་ཕྱག་བགྱིའོ། ཕྱི་ལྟར་རྣམ་དག་འདུལ་བའི་སྡོང་པོ་ལ། ནང་ལྟར་རིམ་གཉིས་ཟབ་མོའི་ཡལ་འདབ་རྒྱས། གསང་བ་བླ་མེད་དགོངས་རྟོགས་མངོན་གྱུར་འབྲས། གྲུབ་དབང་མངྒ་ཝེར་ཞི་སྲིད་ཞིའི་རྒྱན། མ་བཅོས་རང་བྱུང་ཀ་དག་ལྷུན་གྲུབ་གཞི། རྩོལ་བྲལ་རང་རིག་གཉུག་མའི་ ལམ་གོམས་ནས། འབྲས་བུ་སྣང་སྲིད་གཞི་ལ་མངོན་བཞེངས་པ། འཁྲུལ་ཞིག་བོན་དབྱིངས་རང་  གྲོལ་སྤྱི་བོར་མཆོད། མཚན་ལྡན་བླ་མའི་རྟོགས་བརྗོད་ཅུང་ཙམ་ཞིག། གླེང་བ་མཆོག་གསུམ་ བོན་སྐྱོང་སྲུང་མས་གནང་། དམ་པའི་མཛད་འཕྲིན་ཟླ་བའི་མ་མ་ལས་། ཆ་ཙམ་གླེང་བ་དད་ མོས་འཕེལ་བའི་རྐྱེན། དང་པོ་མཚན་པའི་སྐྱེ་བར་བཞེས་ཚུལ་དང་། བར་དུ་ཐོས་བསམ་སྦྱོང་པ་  ཇི་ལྟར་བྱས། མཐའ་མ་གཟུགས་སྐུའི་བཀོད་པ་བསྡུད་པའི་བར། མཐོང་ཐོས་ཡོན་ཏན་ཅུང་ཞིག་  གླེང་བར་བྱ། འཛམ་གླིང་ཡང་རྩེ་སྤུ་རྒྱལ་བོད་ཡུལ་ལ། སྟོད་སྨད་བར་གསུམ་འབོད་པའི་ལུགས ་སྲོལ་ལས། མདོ་ཁམས་ཁོངས་གཏོཊ་རྔུལ་རྫ་ཟལ་མོའི་སྒང་། སུམ་པ་གླང་གི་གྱིམ་ཤོད་འབོད་ པའི་གནས། དེ་ཡི་ཆ་ཤས་ཁྱུང་ཡུལ་དཔལ་གྱི་གདན། ཁྱུང་ནག་མི་རྗེ་རྒྱལ་པོའི་མངའ་ཁོངས་སུ།  དྲན་པའི་བྱིན་རླབས་སྦས་གནས་ཚེ་རྫོང་ཞོལ། མཁར་ནེ་ཞེས་པའི་ས་གནས་ཉམས་དགའི་ཡུལ། ཡབ་ནི་དགེ་སེམས་དད་ཆེ་མཁར་སྤོས་སྐེ། ཡུམ་ནི་བཀྲ་ཤིས་ཆོས་སྒྲོན་དད་ལྡན་མར། རྟེན་ འབྲེལ་ལེགས་པའི་བརྡ་རྟགས་ཤར་དང་ལྷན། སྐུ་མཚན་མངོན་བཞད་དུས་རབས་ཉི་ཤུའི་ནང་།      ཡབ་ཡུམ་དྲིན་གྱིས་སྐྱོང་བའི་བཙའ་རྫི་འོག། བྱིས་པའི་ངང་ལས་ན་ཚོད་དལ་གྱིས་སྨིན། དེ་ནས་  ཐེག་ཆེན་ཟབ་མོའི་རིགས་སད་ནས། བྱམས་སེམས་ཆེ་ལ་གཞན་ཕན་རང་གཤིས་མངའ། ཉིད་ཀྱིཁུ་བོ་ཚུལ་ཁྲིམས་རིན་ཆེན་མདུན། ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ལ། སློབ་པའི་སྔོན་བསཊ་  བསོད་ནམས་བཟང་པོའི་མཐུས། ཡུན་རིང་མ་འགོར་ཚེགས་མེད་གསལ་བར་མཁྱེན། འཇིག་ རྟེན་ཁྱིམ་ཐབ་འཁོར་བའི་ལས་སྤྱོད་རྣམས། ཐར་མེད་བཙོན་རྭའི་གནས་ཁང་ལ་གཟིགས་ནས།  ལྷག་བསམ་ངེས་འབྱུང་བཟང་པོས་རྒྱུད་བསྐུལ་ཏེ། ཁྱིམ་ཐབ་ལས་བྲོས་གཡུང་དྲུང་དཔལ་གྱི་རི།    གྲུབ་བརྒྱའི་ཁྱུ་མཆོག་བཟོད་པ་རིན་པོ་ཆེའི། མདུན་དུ་བཅར་ནས་མཉེས་པ་གསུམ་གྱིས་བསྟེན། མཁན་སློབ་དཔང་པོ་ལོ་རྩ་བཅས་པའི་དྲུང་། འདུལ་ཁྲིམས་གཙང་གཙུགས་ཉེར་ལྔའི་སྡོམ་པ་ བླང་། མཚན་ལ་ཁྱུང་ནག་གཡུང་དྲུང་ཚུལ་ཁྲིམས་གསོལ། དྲན་ཤེས་བཞིན་གྱིས་ཚུལ་ཁྲིམས་ མིག་ལྟར་སྲུང་། དམ་པ་ཉིད་ལ་ཨ་རྫོགས་སྙན་གསུམ་དང་། ཟབ་མོ་སྐུ་གསུམ་གཅིག་དྲིལ་ཁྲིད་   གདམས་ཞུས། སྔོན་འགྲོ་བསགས་སྦྱོང་གནད་དུ་སྨིན་པ་བྱས། ཐུན་མིན་དངོས་གཞི་ཉམས་ ལེན་ཟབ་གསལ་གནད། དཔྱད་འཇོག་རེ་མོས་སྤེལ་ནས་སྒོམ་པ་སོགས། བུམ་པ་གང་བྱོས་ཚུལ་དུ་ཟབ་གདམས་གསན། ངེས་དོན་བསྟན་ལ་རྒྱལ་གཤེན་སླར་ཕེབས་བཞིན། དཀའ་དྲིན་ཆེ་བ་དྲི་མེད་སྙིང་པོ་ཡི། སྙན་པའི་བ་དན་སྲིད་ཞིའི་རྩེར་སྒྲེང་ལྷན། ལས་སྨོན་དད་པའི་གོམ་སྟབས་མདོ་སྨད་སྒྱུར། ཉག་ཤོད་སྒྲུབ་གནས་བྱུང་ཆུབ་གླིང་དུ་འབྱོར། དབྲ་རིགས་ཁོད་པོའི་གདུང་ལས་བྱོན་པ་ཡི། སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི། གསེར་ཞལ་དང་པོ་མཇལ་བའི་གོ་སྐབས་ཤར། བླ་མས་བོན་གྱི་འཇུག་སྒོ་སྐྱབས་འགྲོ་སོགས། དབང་ལུང་མན་ངག་གསེར་གྱི་ཕྲེང་ཐག་ འཐུད།འཇའ་ལུས་བླ་མ་གཙུག་ཕུད་འོད་གསལ་དང་། དམ་པ་ཁོང་གཉིས་ཟླ་འགའ་གནས་དེར་བཞུགས། དེ་ནས་ཡར་བྱོན་ས་ནག་རི་ཁྲོད་འབྱོར། ཚེ་རབས་མེ་ཏོག་ཕོག་པའི་ལྷ་སྐལ་མཆོག།  ཀུན་བཟང་ཡེ་ཤེས་སྙིང་པོའི་གསེར་ཞལ་མཇལ། དད་འདུན་མོས་པའི་དགའ་བདེ་ཆེས་འཕེལ་ལོ། སྐབས་དེར་ཀུན་མཁྱེན་མཛོད་ལྔའི་སྒྲུབ་གྲྭའི་ཁོངས་། ཞུགས་ནས་ངེས་འབྱུང་ཟབ་མོས་རྐྱེན་བསྐུལ་ཏེ། སྦྱང་བྱའི་དུས་ཀྱི་བཅད་མཚམས་མ་རྫོགས་པར། འགྱུར་མེད་གཡུང་དྲུང་དམ་བཅའ་བརྟན་པོར་བཞག།  གྲུབ་དབང་དགོང་གཏེར་བཀའ་ལུང་རྒྱ་མཚོ་ཡི།  ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ་ནས། བཟུང་སྟེ་ཐུན་མོང་ཐུན་མིན་ལམ་རིམ་སོགས། ཚུལ་བཞིན་སྦྱོངས་ཏེ་བཅོས་མིན་མྱོང་ཐོན་བྱས། མཛོད་ཆེན་ལྔ་དང་སྡོམ་གསུམ་རྣམ་འབྱེད་སོགས་། གསུང་འབུམ་ཡོངས་རྫོཊ་དབང་ལུང་ཁྲིད་བཅས་ཞུས། ཟབ་མྱུར་ལམ་མཆོག་ཐབས་ལམ་སྡེ་དྲུག་ལ། སྦྱོང་པའི་རིམ་གཉིས་ཟབ་མོའི་ལམ་བཟང་བརྙེད་། ཁྱད་པར་རྫོགས་ཆེན་དབྱིངས་རིག་མཛོད་ཉིད་ལ། སྨར་ཁྲིད་ལན་མང་ཞུས་ནས་དཀའ་གནད་ཀུན། བླ་མར་བཀའ་དྲི་ཞུས་ནས་ཚིག་དོན་ལ། ཐེ་ཚོམ་སྤྲོས་བཅད་ཉམས་ལེན་གནད་ཚུད་བྱས། བླ་མས་མཛོད་ལྔའི་བཀའ་གཏད་རྗེས་གནང་དང་། དབྱིངས་རིག་མཛོད་ཀྱི་སློབ་ཁྲིད་ལུང་ཟིན་གྱི། བསྟན་འཛིན་ཉེར་ལྔའི་ཡ་གྱལ་མངའ་གསོལ་ནས། གསང་མཚན་འཁྲུལ་ཞིག་བོན་དབྱིངས་རང་གྲོལ་གསོལ། དམ་པ་ཉིད་ཀྱིས་ཨ་རྫོགས་སྙན་གསུམ་སོཊ། རྫོགས་ཆེན་ཟབ་མོའི་བོན་ལ་བློ་སྦྱོང་ནས། རང་རྒྱུད་བོན་དང་འདྲེས་པར་མ་གྱུར་པར། སྦྱོང་བརྩོན་ལྷོད་མེད་བྱས་ནས་གནས་དེར་བཞུགས།  དེ་ནས་རང་ཡུལ་དགོན་ལ་ཡར་བྱོན་ནས། དགོན་དེའི་ཁོངས་གཏོགས་རྫོང་གསེབ་རི་ཁྲོད་ལ། ཐུན་བཞིའི་ཉམས་ལེན་རྒྱུན་སྐྱོང་བཞུགས་པའི་ཞོར། བླ་གྲྭ་ཀུན་ལ་མཛོད་ལྔའི་འཆད་ཁྲིད་གནང་། གསས་མཁར་མཆོག་ལྔ་ལས་སོགས་གསང་སྔགས་བོན། བསྙེན་སྒྲུབ་ལས་རིམ་ཚུལ་བཞིན་སྒྲུབ་མཛད་ནས། གདུལ་བྱ་གསོན་གཤིན་ཡོངས་ཀྱི་རེ་འདུན་བཞིན། གསང་གསུམ་བོན་གྱི་འཁོར་ལོ་སྐོར་བཞིན་བཞུགས། འོན་ཀྱང་སེམས་ཅན་སྤྱི་མཐུན་བསོད་ནམས་ཞན། ནག་ཕྱོགས་འབྱུང་པོའི་ཟ་ཁ་དར་བ་དང་། བསམ་སྦྱོར་དཀར་ནག་འཁྲུགས་རྩོད་འཕེལ་རྐྱེན་གྱིས། དུས་ངན་སྙིགས་མ་རྩོད་པའི་སྐལ་པ་ཤར། དགུ་གཉིས་དུས་ཀྱི་རྩུབ་རླུང་དྲག་པོའི་ཁྲོད་། བསྟན་པའི་ཉི་མ་ནོར་འཛིན་དཀྱིལ་དུ་ཐིམ། བཅུ་ཕྲག་ལོ་ཡི་ཕྲེང་བ་གཉིས་རྫོགས་ལྷན། གྱེར་བསྟན་འོད་སྣང་ཤར་རིའི་ཕྲག་ནས་རྡོལ། སྐབས་དེར་ཏང་གི་སྲིད་བཟང་དྲོད་སྐྱིད་འོག། རང་དགོན་ཉམས་གསོ་བྱེད་པའི་གོ་སྐབས་ཤར། དགོན་པའི་རྨིང་ནས་ཕྱི་བཀོད་རིམ་གྱིས་གྲུབ། ནང་དུ་བཀའ་བརྟེན་གཟུངས་ཕུལ་ཁྱུང་ནག་སྡེའི། སྐྱ་སེར་ཀུན་ལ་དགེ་སྡིག་སྤང་བླང་སོགས། ཟབ་གདམས་ལེགས་བཤད་ཡང་ཡང་གནང་བ་དང་། གནས་སྐབས་རྐྱེན་སེལ་མཐར་ཐུགས་ཐར་ལམ་ཕྱོགས། བློ་ཁ་འཁྲིད་པའི་དད་དཔོན་ཆེན་པོ་དངོས། སྐབས་ཞིག་རྗེ་ཉིད་རྩེ་དྲུག་རི་ཁྲོད་དང་། ཀོ་དགོན་ལས་སོགས་གདན་འདྲེན་ཞུས་བཞིན་ཕེབ། བླ་གྲྭ་ཀུན་ལ་ཤར་རྫའི་གསུང་འབུམ་ཡོངས། དབང་ལུང་ཁྲིད་བཅས་ཟབ་གདམ་ལེགས་བཅས་ཕུལ། དེ་ནས་རང་དགོན་གྲྭ་བཙུན་ཆེ་གྲས་དང་། ཕྱོགས་ནས་ཕེབས་པའི་བླ་སྤྲུལ་ཐམས་ཅད་ལ། རྗེ་ཡི་མཛོད་ཆེན་ལྔ་དང་ཁྱད་པར་དུ། དབྱིངས་རིག་མཛོད་ཀྱི་སྨར་ཁྲིད་ལན་མང་གནང་། དམ་པའི་རྒྱུད་འཛིན་བུ་སློབ་མང་ལགས་ཀྱང་། དེའི་ནང་ཐུག་སྲས་འོད་ཟེར་སྦྱིན་པ་དང་། ཚུལ་ཁྲིམས་ཡེ་ཤེས་དགེ་ལེཊ་ཚུལ་ཁྲིམས་དང་། ཚང་པ་དང་ནི་ཚུལ་ཁྲིམས་མཆོག་རྒྱལ་ཏེ། ཤེས་རབ་ཚུལ་ཁྲིམས་ལས་སོགས་ལྷག་བསམ་གྱིས། བསྟན་དགོན་སྐྱོང་དང་རི་ཁྲོད་འགྲིམ་པ་སོགས། བསླབ་གསུམ་རྒྱུད་སྡོམ་བཟང་གསུམ་ཡོན་གྱིས་ཕྱུག། བསྟན་འགྲོར་སྨན་པའི་བུ་སློབ་མང་དག་ལ། རྫོགས་ཆེན་དབང་བཞི་སྔ་རྗེས་ལན་གཉིས་དང་། སྲུང་མ་སྡེ་བཞིའི་བཀའ་གཏད་རྗེས་གནང་མཛད། བླ་གྲྭ་ཀུན་གྱིས་སྐུ་གསུམ་རང་ཤར་གྱི། ཚོགས་འཁོར་གཏང་རག་ཚུལ་དུ་དགྱེས་ཕུལ་བྱས། དེ་ནས་རྗེ་ཉིད་སྐུ་སྙུན་ཅུང་མ་བདེ། བླ་གྲྭ་ཀུན་གྱིས་སྟག་ལའི་ལས་སྦྱོར་དང་། མ་བདུད་བཙན་གྱི་སྟོང་ཚོགས་ཕུལ་དང་ལྷན། མི་འདའ་སྐལ་བརྒྱར་བརྟེན་པའི་གསོལ་བ་བཏབས།  དམ་པའི་སྐུ་ལ་སྙུན་བཞེས་ཡུན་རིང་ཡང། སྐབས་དེར་ན་ཚ་དྭངས་པའི་ངང་ཚུལ་སྣང་། ཉེ་གནས་སྐྱ་སེར་ཀུན་ལ་ཞལ་གདམས་གནང་། མཚན་བྱང་ཀུན་བསྡུས་སྤར་ཆོག་ལམ་སྟོན་མཛད། སྤྱིར་ཡང་གདུལ་བྱ་བསོད་ནམས་དམན་པའི་དབང་། དཔལ་ལྡན་བླ་མ་ཞིང་ཁམས་གཞན་དུ་གཤེཊ། ཤེས་རིག་ན་ཚོད་མ་སྨིན་གྲྭ་བཙུན་ཚོ། ཕ་མ་བྲལ་བའི་དྭ་ཕྲུག་ཇི་བཞིན་གྱུར། ཡིན་ཡང་དད་གུས་ལས་སྨོན་རྟེན་འབྲེལ་མཐུས། བདག་སོགས་ཚེ་རབས་གང་དུ་སྐྱེས་གྱུར་ཀྱང་། དཔལ་ལྡན་བླ་མའི་ཐུགས་རྗེས་མི་འདོར་བ། མ་ལུས་ཚོམ་གཅིག་རྫོགས་སངས་རྒྱས་འགྱུར་ཅིག། མཚན་ལྡན་བླ་མའི་རྟོགས་བརྗོད་དལ་འབེབ་མཛོད། བདག་བློ་ཙ་མོའི་རྐྱལ་གྱིས་ཆོད་མིན་ཡང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་རྟེན་འབྲེལ་དང་། བྱིན་རླབས་འཇུགས་སྒོ་དད་པ་འཕེལ་ཕྱིར་ཡིན། དཔོན་གསས་བླ་མ་ཞིང་ཁམས་གཞན་ཕེབས་ནས། བཅུ་ཕྲག་ལོ་ཕྲེང་གཉིས་དང་ཉག་མ་གཅིག། འཁོར་ནས་དུས་ཀྱི་འདས་མཆོད་འབུལ་བའི་སྐབས། རྟོགས་བརྗོད་མེ་ཏོག་འཕྲེང་བ་འདི་ཉིད་ཕུལ། གཞན་ཡིད་འགུགས་པའི་སྙན་སྡེབ་གྱིས་དབེན་ཡང་། འདི་བཀོད་རྣམ་ཐར་མཐོང་ཐོས་ཡོན་ཏན་གང་། རང་བཞིན་དྲང་པོའི་ལམ་ནས་བརྗོད་པ་ལས། རབ་བཏགས་སྙན་ཚིག་དག་གིས་རྒྱན་པ་མེད།  རྣམ་དཀར་ལས་སྨོན་བདེན་པའི་བྱིན་རླབས་ཀྱིས། ཁྱུང་ཡུལ་གྲུབ་ཐོབ་འབྱུང་བའི་ལྟེ་གནས་སུ།  གྱེར་བསྟན་པད་ཚལ་བཞད་པའི་དཔུང་གཉེན་དུ། མ་འགྱང་ཡང་སྲིད་མྱུར་དུ་འཁྲུངས་གྱུར་ཅིག།  རྟོགས་བརྗོད་འདིའི་ནང་མ་རྟོགས་ལོག་འཁྲུལ་གྱི། ཉེས་སྐྱོན་གང་དག་གནས་བཞིའི་ཚོགས་ལ་མཐོལ། རྣམ་དཀར་བསོད་ནམས་ཆ་མཆིས་མཐའ་ཡས་མ། རྫོགས་བྱང་ཐོབ་དང་བོན་བསྟན་རྒྱས་ཕྱིར་བསྔོ་། གསང་བྲག་རིན་ཆེན་ཁྱུང་རྫོང་གཡོན་ཞོལ་དུ། ས་དབྱིབས་པད་མ་འདབ་བརྒྱད་རྣམ་བཀྲའི་དབུས། གཟི་བརྗིད་ལྷུན་ཆཊ་ཁྱུང་དགོན་བསམ་གླིང་ནང་། ཁྱུང་བཙུན་བཟོད་པས་དད་གསུམ་གསོལ་བཏབས་ཕུལ། མུན་སོན་ཚུལ་མིན་གྱིས་བྲིས།བཀྲ་ཤིས་། མངྒ་ལམ།

ཨེ་མ་ཧོ། ངེས་པ་དོན་གྱི་རྣལ་འབྱོར་གྲུབ་པའི་གཤེན། འཁྲུལ་ཞིག་བོན་དབྱིངས་

རང་གྲོལ་འགྱུར་མེད་རྩལ།  བླ་མེད་མན་ངག་མཛོད་ཀྱི་རྒྱུད་འཛིན་ཅིང་།

འགྱུར་མེད་གཡུང་དྲུང་སྐུ་མཆོག་འགྲུབ་པར་ཤོག། ཀུན་བཟང་ཡེ་ཤེས་སྙིང་པོས་ཕུལ་བའོ།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.