སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་ལ་སྦྱིན་པའི་སེམས་ཚོར།
[ 2016/7/23 21:11:00 | By: ཁ་བ་རྐང་གླིང་། ]
 

         ང་ལ་སྦྱིན་པའི་སེམས་ཚོར།

 

                                                   ཁ་བ་རྐང་གླིང་།

                                  ༡

 

འཁྲུག་ལོང་གི་ཁེངས་པའི་གྲོང་བརྡལ་འདི་ནས།

སེམས་པ་འདི་རི་རྩེ་ན་ཆག་པའི་དགོན་པ་དེ་བསམ་ནས་ཆས་ཚེ།

བདེ་བཞིན་ལེགས་པའི་ལམ་ཁ་ནས་བུད་དེ།

རི་ལམ་ཀྱ་མ་ཀྱོག་འདི་དག་བརྒྱུད་དགོས།

 

རི་ལམ་འདི་དེད་དེ་དབེན་སིམ་པའི་དགོན་པ་དེར་འབྱོར་དུས།

སེམས་པ་འདི།       ཞེ་ལྷོད་ལྷོད་དུ་བབས་སྲིད།

བདག་གི་སྙངི་ནས་བརྩེ་བའི་མི་མང་ཚོའི་དགུན་ཁ་རོལ་བ་བཞིན།

དངངས་བཞིན་བྲེལ་བའི་སེམས་པ་འདི།

ལྷོད་པོ་ལྷོད་པོར་གྱུར་ཏེ།

བདེ་བ་ཞེས་པ་དེ་རྙེད་ཀྱང་སྲིད།

 

 

བདག་ལ་ཕ་མེས་ཀྱི་བསླབས་པའི་མ་ཎི་ཡིག་དྲུག་བཟློ་བཞིན།

བགྲེས་པོ་ཚོའི་གནས་བཤད་ལ་མཉན་ན།

དེ་ལ་ཡང་ཉན་རྒྱུ་མང་བའི་གཏམ་རྒྱུད་ཅིག་ཡོད་པ་རྟོགས་འགྲོ

གཏམ་རྒྱུད་དེ་དག་ཉན་བཞིན་ཉན་བཞིན་མདུན་དུ་སྐྱོད་ན།

བདག་གི་མེ་པོ་ཚོའི་བློ་གྲོས་ལས་འཁྲུངས་པའི་ཤེས་རབ་རྟོགས་འགྲོ

བདག་གི་ཕ་མེས་ཚོའི་དཀའ་སྤྱད་ལས་སྐྱེས་པའི་དད་པ་ཤེས་འགྲོ

 

རྩིག་ཟུར་ཞིག་ནས་དགོན་ཁང་ནང་དུ་ཉན་ན།

བདག་གི་མེས་པོ་ཚོ།            ཅི་ཡང་དོར་ནས།

རང་ཉིད་ཀྱི་བུ་ཕྲུག་གི་དོན་དུ་ཀ་ཁ་དབྱངས་རྟ་ལ་སྐུར་བཞིན་འདུག

རང་གི་ཁ་ཟས་ཀྱང་རྒྱང་ལ་སྐྱུར་ཏེ་འབད་ཅིང་འདུག

 

 

གོམ་པ་དེ་ཤག་སྒྲ་དང་བཅས་ཏེ་ནང་དུ་འཛུལ་ན།

རྣམ་དག་གི་གྲྭ་བཙུན་ཚོ།

བཀའ་བསྟན་ལ་ཞིབ་མོས་དཔྱོད་ཅིང་།

བདག་མེས་ཀྱི་སེམས་པ་རེ་འཁྱེར་ནས།

མདུན་ནས་འགྲོ་བའི་རྒན་མོ་དེ་ཇི་ལྟར་འགྲོ་དྲུག་ལས་ཐར་བར་མནོ་བསམ་གཏོང་།

རྒྱབ་ནས་འོངས་བའི་བྱིས་པ་དེར་ཇི་ལྟར་བྱས་ནས།

དྲང་ཐིག་ལྟ་བུའི་སེམས་པ་ཞིག་སྐྱེ་བར་ཐུགས་ཁྲལ་བྱེད།

 

ང་རང་སྔར་བཞིན་མདུན་དུ་སྐྱོད་དེ།

སྟོན་པའི་ནམ་ཟ་ལ་བཏུགས་ནས།

ཤེས་རིག་གི་སྙིང་ཁུ་དེ་དག

ཁ་བ་ཆུ་ལ་བསིམ་པ་བཞིན།

བདག་གི་སེམས་ཀྱི་གཏིང་མཐའ་རུ།

བདག་གི་ཀླད་པའི་དབང་རྩ་ཡི་ནང་དུ་འཇུག་པར་སྨོན་ལམ་བཏབ།

 

 

མགོ་བོ་སྒུར་སྒུར་དུ་སྟོན་པའི་རྗེས་འཇུག་པ་ཞིག་མདུན་དུ་སྐྱོད་ན།

ཁོང་གི་བདག་ལ་འཇིག་རྟེན་ནི་ཁྲ་ཁྲ་རེད་ཟེར།

ཁོང་གི་བདག་ལ་མི་ཡི་ཚེ་ནི་མི་རྟག་པ་རེད་ཟེར།

ཁྲ་ཁྲ་དང་མི་རྟག་པ་ཡིད་ལ་ངེས་ན།

དེ་ནས་སྐྲག་ཅིག་ལང་ངོ་ཟེར།

དེ་དག་ཡིད་ལ་བཟུང་ན།

དེ་ན་ཤེས་རྒྱུ་མང་ངོ་ཟེར།

 

བདག་གི་ཁྲ་ཁྲ་དང་མི་རྟག་པ་ངེས་ནས།

རང་སེམས་རང་གི་གཅུན་པ་ཡིན།

བཀའ་བསྟན་གྱི་ཤོག་ཟུར་ཞིག་ལ་འཐམ་པ་ཡིན།

དུས་ཚོད་ག་ཙམ་ལ་སླེབས་པ་མི་ཤེས་པའི་སྐབས།

སྔོ་ཚལ་ཚོང་ཁང་གི་ཉ་དེ་དག་ཡིད་ལ་དྲན་

ཡིད་ལ་དྲན་ནས་ སྙིང་རེ་རྗེ།

ལྷག་ཏུ་སྙིང་རེ་རྗེ།

 

 

                                            ༥

 

མནོ་བསམ་དག་ནང་དུ་སྐུག་ན།

རང་ཉིད་ཀྱི་ལུས་པོ་འདི་ཡང་གཡར་ལུས་ཞིག་ཡིན་པ་ཤེས་འགྲོ

སེམས་པ་འདི་ཡང་སྡུག་རྩུབ་ཀྱི་བཟི་བར་རྟོགས་འགྲོ

 

བདག་གི་རི་བོ་དེའི་རྩེ་ནས་རི་གཤམ་དུ་ལྟས་ན།

བདག་གི་ཕ་མེས་དང་འདྲ་བའི་ཞིང་པ་ཚོ།

རྔུལ་ཆུ་ཁྲུམ་ཁྲུམ་དུ་ལས་ལ་བྲེལ་བཞིན།

རང་ཉིད་ནི་བཙོན་རྭ་ཆེན་པོ་ཞིག་ནས་འཚོ་བ་རྨང་བརྗེད་པ་འདྲ།

རྒན་མོ་ཞིག་ལུས་པོ་ལྷན་པ་བཞིན་སྐྱུར་ནས།

སེམས་པ་གཅིག་པོ་ཁེར་རྐྱང་དུ་བྲོག་རོང་ཞིག་ནས་འགྲོ

 

                                 མུ་འགོད་བྱེད།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.