རྨོངས་དད་ལ་དགའ་བའི་འུ་ཚོ།
རྨོངས་དད་ནི་དོན་དངོས་རྒྱབ་ཏུ་སྐྱུར་ཏེ། མགོ་རྨོངས་པའི་ངང་ནས་བླ་
ལྷག་གི་དད་ཞེན་བྱེད་པ་ཞིག་ལ་ཟེར་ན་མི་འགྲིག་པ་མེད། དཔེར་ན་ལོ་རྒྱུས་ཀྱི་དཔའ་
བོ་ཞིག་ལ་དད་གུས་བྱེད་སྐབས་ཚད་ལས་བརྒལ་ཏེ་ཐམས་བཅད་དགེ་ཁོ་ནར་མཐོང་
བཞིན་མི་ལེགས་པའི་ཆ་ཕྲན་བུ་ཙམ་ཡང་མི་མཐོང་བ་ལྟར་རེད། དེ་ནི་ང་ཚོས་རྒྱུན་པར་
ཤོད་བཞིན་པའི་རྨོངས་དད་འམ་གཉའ་ཞུམ་པའི་མི་རིགས་ཀྱི་རིག་གནས་ཞེས་པ་དེ་རེད།།
ང་ཚོར་ཡང་གེ་སར་རྒྱལ་པོ་དང་ས་སྐྱ་པཎ་ཆེན། རྗེ་ཙོང་ཁ་བ་སོགས་པའི་ལོ་
རྒྱུས་ཀྱི་དཔའ་དར་ངོམས་སུ་རེ་བའི་ཆོས་བྱེད་མི་སྣ་བྱུང་མྱོང་ལ་དེ་དག་ འཛམ་གླིང་ལ་
ངོམས་སུ་ཆོག་པའི་དགའ་རྟགས་ཤིག་ཀྱང་རེད། ཡིན་ནའང་། ཁོ་ཚོའི་ལོ་རྒྱུས་དང་བྱས་འབྲས་ཁ་རུ་འཁྱེར་ཏེ་འདུག་ན་མི་འགྲིག་ལ། དེ་བས་ཁོ་ཚོར་ནོར་འཕྲུལ་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པར་འདོད་ན་དེ་བས་འཛམ་གླིང་གི་འཕེལ་ཕྱོགས་དང་ཡེ་ནས་མི་མཐུན།
རྨོངས་དད་ནི་དད་པ་གཙོ་ཆེར་འཛིན་ཅིང་དོན་དངོས་རྟག་ཏུ་སྐྱུར་རྒྱུ་དེ་རེད།
དེ་འདྲའི་རིག་གནས་ཀྱི་འུ་ཚོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟོན་རྒྱུ་ཕར་ཞོག་
ལམ་ནོར་རམ་འཕེལ་མེད་རང་གའི་གནས་སམ་གཡང་གཟར་གྱི་ལམ་བུར་ཁྲིད་
ངེས་པ་རེད། དེ་ན་ང་ཚོས་དད་པ་གཙོ་ཆེར་་མི་བྱེད་པར་འཛམ་གླིང་འཕེལ་
རྒྱས་དང་མ་འོངས་པའི་མི་རིགས་འདིའི་ལས་དབང་ལ་མནོ་བསམ་གཏང་ནས་
དོན་དམ་གྱི་རིག་གནས་ཤིག་འཛུགས་བསྐྲུན་བྱེད་རྒྱུ་ནི་གལ་ཆེའི་ནང་གི་འགང་ཆེན་
མ་རེད་པས།།